ཁ་བྱང་།སྣང་ཞིག་སྐྱབས་མགོན་མཆོག་ཁམས་ཕྱོགས་བོན་དགོན་མང་པོར་རྒྱུས་ལོན་ཆེད་ཕེབས་གནས་བསྡུས།

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

སྤེལ་མཁན། སྨན་རིའི་དགེ་བཤེས་རྟ ip:110.172.140.*
སྤེལ་དུས། 2014-09-01 18:56:45
༧མཚུངས་མེད་སྣང་་ཞིག་༧སྐྱབས་མགོན་མཆོག་གིས་བོན་བསྟན་སྤྱི་ལ་སྨན་པའི་མཛད་འཕྲིན་གནད་སྨིན་བསྐྱངས་བར་སྙིང་ནས་བཀའ་དྲིན་བླ་མེད་ཆེ་ཞུ་རྒྱུ་དང། མ་འོངས་པར་བླ་གྲྭ་དཀོན་ཞིང་དཔའ་འབྱོར་ཉག་ཕྲ་བའི་བོན་འབངས་རྣམས་གཞན་གྱི་སྲུབ་ཏུ་ཐིམ་མི་འགྲོ་ཕྱིར། དེ་དག་ལ་བླ་མ་དགེ་བཤེས་དང་དེ་བཞིན་དཔལ་འབྱོར་སོགས་གང་ཅིའི་ཐད་ནས་རོགས་པ་མང་ཙམ་གནང་རེ་དང་བཅས་ཏེ།
 
སྤེལ་མཁན། དོན་མིང་ནས། ip:183.60.98.*
སྤེལ་དུས། 2014-08-30 21:34:29
བསྟན་པའི་དོན་རྒྱ་ཆེན་སྤེལ་བ་ལ་བཀའ་དྲིན་ཆེ་ཞུ་བ་ཡིན།
 
སྤེལ་མཁན། ཚུལ་ཁྲིམས་འབྱུང་གནས་ ip:124.116.245.*
སྤེལ་དུས། 2014-08-30 18:00:02
ད་རེབ་སྣང་ཞིག་སྐྱབས་མགོན་རིན་པོ་ཆེ་ཁམས་ཕྱོགས་སུ་བོན་བསྟན་འཕེལ་རྒྱས་དང་། ཁམས་ཕྱོགས་བོན་དགོན་རྣམས་ལ་ཆེད་དུ་གཟིགས་རྟོག་ཏུ་ཕེབས་ཏེ་འགྲོ་དོན་བསྐྱངས་ཤིང་ལྷག་པར་དུ་གཞན་གྱིས་བསྟན་དོན་འགྲུབ་མི་ནུས་པ་མང་པོ་ཞིག་སྟེ། ཁོང་ང་ཚོའི་ཕྱོགས་འདིར་ཕེབས་པའི་རེབ་གཅིག་ལ་གྲྭ་བ་བྱེད་མཁན་སུམ་བརྒྱ་ལས་བརྒལ་བ་བྱུང་བས། ང་ཚོ་དང་བོན་གྱི་བསྟན་པ་ཡུན་དུ་བརྟན་པའི་རྨང་གཞི་སྲ་བརྟན་བཞག ད་དུང་ཁོང་གིས་གནང་བཀའ་སློབ་དག་གིས་དད་ལྡན་མི་མང་གི་བསམ་བློ་བསྒྱུར་ཧ་ལས་པ་ཐེབས་པ་སོགས་ནི་ད་ལྟ་ཁམས་ཁུལ་གྱི་གླེང་གཞི་ཞིག་ཏུ་གྱུར་ཡོད་པས། སྣང་ཞིག་ཚང་ཁྲི་ལོ་ཤོག་ཅེས། ཁམས་བུ། ཚུལ་ཁྲིམས་འབྱུང་གནས་ནས།
 
སྤེལ་མཁན། རྔ་བ་ཤེས་རབ་ནས། ip:124.116.245.*
སྤེལ་དུས། 2014-08-30 17:50:47
སྣང་ཞིག་སྐྱབས་མགོན་རིན་པོ་ཆེ་བདག་ཅག་གི་མགོན་དུ་ནམ་ཡང་རྒྱལ་བར་ཤོག
 
སྤེལ་མཁན། བྱང་ཐང་པ་བློ་གྲོས་ནས ip:124.116.245.*
སྤེལ་དུས། 2014-08-30 17:35:05
འདི་ལྟ་བུའི་རླབས་ཆེན་བསྟན་འགྲོའི་ལས་དོན་ཁ་ཡིས་བཤད་མཁན་མང་རུང་། དོན་དུ་ལག་ལེན་ལ་བསྟར་མཁན་ཁྱེད་ཙམ་ཡིན་པས། སྐྱབས་མགོན་བླ་མ་མཚོག་ལ་སྙིང་ནས་གུས་འདུད་ཞུ།
 
སྤེལ་མཁན། གདོང་བཙུན་རྒྱ་ཐར་ནས། ip:118.117.166.*
སྤེལ་དུས། 2014-08-30 16:21:50
གཤེན་གཡུང་དྲུང་ལྷ་རྒྱལ་ལགས།   ད་ལན་སྤྱི་ཟླ༧ པའི་ཚེས༢༢ནས་ལམ་ལ་ཆས་ཏེ་དུས་ཡུན་ཟླ་གི་རིང་ལ་རྒྱལ་སྤྱིའི་གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་ངོས་ནས་སྣང་ཞིག་སྐྱབས་མགོན་སྐུ་འཁོར་ལྷན་རྒྱས་ཁམས་ཕྱོགས་བོན་གྱི་གཞིས་དགོན་མང་པོར་རྒྱུས་ལོན་དང་རེ་བསྐུལ་དུ་ཆེད་ཕེབས་གནང་ཚར་ཡོད་པ་དེ།  ཚོགས་པར་གྲོལ་མོལ་བརྒྱུད་ནས་ཕེབས་པ་ད་ཡིན་ད་ཡིན་ལགས།  འོན་ཀྱང་སྐུ་འཁོར་གྱི་ཆ་ནས་ཚོགས་མི་ཡིན་མིན་གཉིས་ཀ་ཡོད་པ་རེད་དེ་ཁོང་གི་ཞབས་ཕྱི་བ་གཉིས་དང་རླངས་འཁོར་གཏོང་མཁན་བཅས་ཡོད་པ་རེད།  ཚོགས་པའི་ངོས་ནས་ཡིན་རྒྱུ་དེ་ས་གནས་དེ་དང་འབྲེལ་བའི་ཚོགས་མི་ཞིག་ཕེབས་དགོས་པ་ཐོག་མའི་གྲོས་ཆོད་ལྟར་དུ།   ཐེངས་འདིར་ཡང་རྒྱལ་སྤྱིའི་གཡུང་དྲུང་བོན་མཉམ་འབྲེལ་ལྷ་ཚོགས་ཀྱི་བློ་འདྲི་ཞུ་ཡུལ་དང་།  ཚོགས་པ་དེའི་ཡན་ལགས་ཁམས་ཡན་ལགས་ཚོགས་པའི་ཚོགས་གཙོ་ཤར་རྫའི་མཁན་ཆེན་རིག་འཛིན་དབང་རྒྱལ་ཚང་ཚོགས་པའི་ངོས་ནས་ཕེབས་དགོས་པའི་འཆར་གཞི་བཀོད་སྒྲིག་གི་ཡར་ཞུ་ཞུས་ཟིན་མོད།  ཁོང་ཉིད་རྐྱེན་དབང་ཞིག་གིས་ཕེབས་ཐུབ་མ་བྱུང་བས།  ཐོག་མའི་འཆར་གཞི་དེ་ལ་འགྱུར་ལྡོག་བྱུང་སོང་བ་རེད།   འདི་འདྲར་འགྲོ་རྒྱུའི་དམིགས་ཡུལ་ཁམས་ཁུལ་ཙམ་མ་ཡིན་པར་ཐུབ་ན་བོད་ཁམས་ཡོངས་ཀྱི་བོན་གཞིས་དགོན་གཉིས་ཀར་ཕེབས་ཨེ་ཐུབ་བལྟ་རྒྱུའི་འཆར་གཞི་དེ་ཡང་ཡོད་པ་རེད།  དེས་ན་ཁམས་ཕྱོགས་ནས་གུས་པ་ཁམས་ཡན་ལགས་ཚོགས་པའི་དྲུང་ཆེའི་ངོས་དང་།   ཡང་ན་ཚོགས་པ་སྤྱིའི་ཆ་ནས་སྣང་ཞིག་སྐྱབས་མགོན་ཚོགས་གཙོ་དང་གུས་པ་དྲུང་ཆེའི་ངོས་ནས་སོང་ཁུལ་གྱིས་ད་ཕན་བོན་གྱི་རི་དགོན་སོ་གསུམ་ཙམ་གྱི་ནང་དུ་དངོས་སུ་སོང་སྟེ་ཧི་བོན་དྲྭ་ཚིགས་སུ་རགས་ཙམ་གསལ་བ་ལྟར་གྱི་བྱ་འགུལ་རེ་སྤེལ་ཚར་བ་ལྟ་བུ་ཡིན་ལ།   གནས་སྐབས་སུ་ལམ་ཆད་འདུག་པ་ལྟ་བུའི་གནས་ཚུལ་རེ་འགའི་འོག་ཁམས་ཁུལ་ནས་ད་རུང་རྫོང་གསུམ་སྟེ་དམ་པ་དང་དར་མདོ་བརྒྱད་ཟུར་གསུམ་གྱི་མངའ་ཞུབས་གཏོགས་པའི་བོན་དགོན་ཉེར་བཞི་ལ་འགྲོ་ཐུབ་མ་སོང་ལགས།  མཇུག་མཐར་ཁྱེད་ཀྱིས་རྒྱལ་གཤེན་བསྟན་པར་བཅངས་པའི་ལྷག་བསམ་ཕྱི་གཙང་ནང་གཙང་ཡིན་ཡིན་པའི་ངོས་ནས་གོང་གསལ་གནད་ལ་ཕོག་པའི་དྲི་བ་འགའ་བཏོན་པར་སེམས་ཁོང་ནས་བཀའ་དྲིན་ཆེ།  ཐུགས་རྗེ་ཆེ་ཞུས་པ་ལགས།
 
སྤེལ་མཁན། བྲག་བར་བློ་གྲོས་སུ་འ ip:118.114.105.*
སྤེལ་དུས། 2014-08-30 10:20:20
སྐྱབས་མགོན་བླ་མའི་མཛད་འཕྲིན་རབ་དར་ནས།།བསྟན་འཛིན་སྐྱེས་བུས་ས་སྟེང་གང་བར་ཤོག།
 
སྤེལ་མཁན། ལྷོ་བ་བཀྲ་ཤིས་ནས། ip:118.114.105.*
སྤེལ་དུས། 2014-08-30 00:18:19
སྣང་ཞིག་སྐྱབས་མགོན་རིན་པོ་ཆེ་མཆོག་གི་མཛད་འཕྲིན་རྟག་ཏུ་དར་བར་ཤོག
 
སྤེལ་མཁན། སངས་རྡོ།ཚ་བའི་སྐར་ཆེ ip:114.69.245.*
སྤེལ་དུས། 2014-08-29 18:35:03
བཀྲིས་བདེ་ལེགས་ཞུ། མཛད་འཕྲིན་ལེགས་པར་བསྐྱངས་འདུག
 
སྤེལ་མཁན། ཕུར་པ་འཕྲིན་ལས། ip:14.139.236.*
སྤེལ་དུས། 2014-08-29 17:32:44
བསྟན་འགྲོར་སྨན་པའི་མཛད་འཕྲིན་རྒྱ་ཆེར་བསྐྱངས་བར་སྙིང་ནས་བཀའ་དྲིན་ཆེ་ཞུ། བོན་གྱི་དགོན་སྡེ་ཁག་གིས་འདི་ལྟར་གཅིག་ཕན་གཅིག་གྲོགས་དང་རྡོག་རྩ་གཅིག་སྒྲིལ་བྱེད་རྒྱུ་ཧ་ཅང་གལ་ཆེན་པོ་རེད། མུ་མཐུད་ནས་ཕྱག་ལས་འདི་འདྲ་མང་དུ་གནང་རོགས་ཞུ།།
 
སྤེལ་མཁན། གཡུང་དྲུང་ལྷ་རྒྱལ། ip:172.1.138.*
སྤེལ་དུས། 2014-08-29 10:36:51
། དམ་པའི་མཛད་བཟང་ལ་སྙིང་ནས་སྔགས་བརྗོད་ཡོད། དྲི་བ་འགའ་ཞིག་ཞུ་རྒྱུར། སྣང་ཞིག་༧སྐྱབས་མགོན་མཆོག་གི་ལྷན་དུ་ཡོད་པའི་སྐུ་འཁོར་ཚང་མ་གཡུང་དྲུང་བོན་མཉམ་འབྲེལ་མཐུན་ཚོགས་ཀྱི་ཚོགས་མི་རེད་དམ། ཁོང་རྣམས་ཁམས་ཁུལ་ལ་གཟིགས་རྟོགས་སུ་ཕེབས་པ་དང་པོར་གཡུང་དྲུང་བོན་མཉམ་འབྲེལ་མཐུན་ཚོགས་ལ་གྲོས་མོལ་བརྒྱུད་ནས་ཕེབས་པ་རེད་དམ། ཁམས་ཁུལ་ཙམ་མ་ཡིན་པར་མ་འོངས་པར་བོད་ཁམས་ཡོངས་སུ་དེ་ལྟར་གཟིགས་སྐོར་དུ་ཕེབས་རྩིས་ཡོད་དམ་མེད། འབྲེལ་ཡོད་ཅིག་ནས་ལན་ཞིག་གནང་བར་འཚལ། བཀའ་དྲིན་ཆེ། གཤེན་གཡུང་དྲུང་ལྷ་རྒྱལ་གྱིས་ཕུལ། །
 
སྤེལ་མཁན། ཕག་མགོན་དགེ་བཤེས་ཀྱི ip:71.237.46.*
སྤེལ་དུས། 2014-08-29 04:13:44
གོང་དུ་གནས་ཚུལ་སྤེལ་གནང་བའི་ནང་དོན་ལ་རྗེས་སུ་ཡིད་རངས་ཞུ་རྒྱུ་ཡིན། ད་དུང་ཡང་བསྟན་དང་འགྲོ་བའི་དོན་དུ་ཕྱོགས་ཕེབས་གནང་སྟེ་མི་ནུས་པ་ལ་སྦྱིན་འབྱེད་དང་། བཀའ་སློབ་ལམ་སྟོན་ཁ་ཡོད་ལག་ཡོད་གནང་ཐུབ་ན་རང་གཞན་གཉིས་ཕན་གྱི་དགེ་རྩ་ཆེན་པོ་ཞིག་འགྲུབ་རྒྱུ་རེ་བ་ཆེན་པོ་ཡོད། ད་རེས་རིན་པོ་ཆེ་སྐུ་འཁོར་ཚོས་ཕྱོགས་ཀྱི་འགྲོ་དོན་རྒྱ་ཆེར་སྐྱོང་བར་གུས་པས་དད་འདུན་མོས་གུས་ཆེན་པོ་ཞུ་རྒྱུ་མ་ཟད། སླད་ཀྱང་སྐུ་ཚེ་གེགས་མེད་ངང་འཇང་ས་དམ་གྱི་ལུང་པ་ལྟ་བུའི་བོན་འབངས་མཐུན་རྐྱེན་དཀའ་བ་རྣམས་དང་། དེ་བཞིན་ཁག་ཅིག་གིས་ཆེད་དུ་བོན་འབངས་མང་པོ་མགོ་སྐོར་བསླུ་བྲིད་ཀྱི་འོག་ནས་གཞན་རྗེས་སུ་འབྲངས་ཐབས་བྱེད་བཞིན་པ་སོགས་བོན་གྱི་བསྟན་འཛིན་རྣམས་ཀྱི་མཛད་འཕྲིན་ཀྱིས་མ་ཁྱབ་པ་གང་ཡོད་ལ་སྙན་སྤྱན་ཡངས་ཙམ་གྱི་ཐོག་ནས་བུ་སློབ་ཚ་རྒྱུད་གསོ་སྐྱོང་གནང་སྟེ་འགྲོ་དོན་རྒྱ་གང་ཆེ་གནང་ཐུབ་པའི་རེ་བ་དང་འབོད་བསྐུལ་ཡང་ཞུ་འདོད་བྱུང་། དེང་གི་ཆར་ས་གནས་མང་པོར་དགེ་བའི་བཤེས་གཉེན་རྣམ་པས་བསྟན་འགྲོར་ཕན་བདེ་བསྐྲུན་བཞིན་པ་དང་བོན་བསྟན་རང་རྐང་ཚུགས་པ་ཞིག་འཛིན་སྐྱོང་གནང་བཞིན་པར་ཕྱི་ནང་དུ་བཞུགས་པའི་བོན་འབངས་རྣམས་བློ་བདེ་བག་ཕེབས་སུ་གནས་ཡོད། འོན་ཀྱང་སེམས་འཚུབས་ཅུང་ཞིག་ཡོད་པ་ནི་སྟོད་ཕྱོགས་སུ་ཏྲེ་བ་དང་། བྱ་དུར། ལ་ཕུག་སོགས་བོན་གནས་རྩ་ཆེན་ཁ་ཤས་སུ་བོན་བསྟན་སླར་གསོ་བྱེད་མཁན་མེད་པ་གྱུར་ཡོད་པ་དང་ཆབ་འབངས་ལོ་དང་ཟླ་བ་རེ་བཞིན་རང་བསྟན་གྱི་གནད་དོན་ལ་རྨོང་སྟེ་གཞན་གྱི་ཟེར་རྗེས་སུ་འབྲངས་བའི་གནས་ཚུལ་མི་ཉུང་བ་ཞིག་ཡོད་འདུག་པ་དང་། སྨད་ཕྱོགས་སུའང་འཇང་དང་། དེ་བཞིན་རྒྱ་རོང་ས་ཁུལ་འགའ་ཞིག་ལ་གཟིགས་རྟོགས་མང་ཙམ་དགོས་པའི་ཚོར་སྣང་དང་གོ་ཐོས་ཡོངས་གྲགས་སུ་གྱུར་པ་རྣམས་ལ་སྐུ་ངལ་འཛེམས་མེད་ཀྱིས་འཕྲིན་ལས་སྐྱབས་འཇུག་ཡོད་པ་ཞུ། གོང་གི་གནད་དོན་དེ་དག་བོད་བཞུགས་བླ་སྤྲུལ་དགེ་བཤེས་ཚང་མས་འགན་མཉམ་ཁུར་གྱིས་འབད་པ་ལྷོད་མེད་ཡོད་པ་ཞུ། ད་རེས་སྣང་ཞིག་རིན་པོ་ཆེའི་མཛད་འཕྲིན་ལྟ་བུ་དགོས་ངེས་ཀྱི་དུས་ཐོག་ཆར་པར་སེམས། རྗེས་སུ་ཡིད་རངས་ཡོད།
ཁྱུང་དཀར་ཕག་མགོན་དགེ་བཤེས་ཀྱིས།
 
དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།