སྣང་ཞིག་སྐྱབས་མགོན་མཆོག་ཁམས་ཕྱོགས་བོན་དགོན་མང་པོར་རྒྱུས་ལོན་ཆེད་ཕེབས་གནས་བསྡུས།

[ཟླ་ཚེས། 2014-08-28 16:09:51][རྩོམ་པ་པོ། དྲུང་ཆེ་གདོང་བཙུན་རྒྱ་ཐར།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

རྒྱལ་སྤྱིའི་གཡུང་དྲུང་བོན་འཛིན་སྐྱོང་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚོགས་གཙོ་སྣང་ཞིག་སྐྱབས་མགོན་མཆོག་ཁམས་ཕྱོགས་བོན་གྱི་གཞིས་དགོན་མང་པོར་རྒྱུས་ལོན་དང་རེ་བསྐུལ་དུ་ཆེད་ཕེབས་གནང་བའི་གནས་བསྡུས།

   སྤྱི་ལོ༢༠༡༤ལོའི་ཟླ༧པའི་ཚེས༢༢ཉིན་སྣང་ཞིག་སྐྱབས་མགོན་སྟོན་འཁོར་ལྷན་རྒྱས་རྔ་བ་ནས་ལམ་ལ་ཆས་ཏེ་ཛམ་ཐང་དང་བྲག་མགོ་དཀར་མཛེས་ཉག་རོང་སོགས་བརྒྱུད་ནས་ཁམས་ཕྱོགས་བོན་གྱི་གཞིས་དགོན་མང་པོས་ད་ལྟར་གཡུང་དྲུང་བོན་ལ་ཇི་ལྟར་སྤྱོད་བཞིན་ཡོད་པ་རྒྱུས་ལོན་དང་མ་འོངས་པར་རང་རེ་ཚང་མས་དཔུང་པ་མཉམ་གཤིབ་དང་བསམ་བློ་གཅིག་སྒྲིལ་གྱི་བྱ་བར་འབད་པར་ཤུགས་དྲག་བྱེད་པར་རེ་བསྐུལ་སོགས་ཀྱི་སྐོར་ནས་འཕྲོས་ཏེ་རྩ་བའི་ཆ་ནས་བོན་གྱི་དགོངས་པ་བཞི་ཞེས་ལེ་ཚན་ཆེ་ཁག་བཞི་རུ་བཀར་ནས་བོན་གྱི་དད་ལྡན་མང་ཚོགས་དང་བོན་དགོན་ཁག་གི་བླ་གྲྭ་མང་པོ་གསུངས་ཡོད་པ་རིམ་བཞིན་ཞུས་ན།
   གཅིག ང་ཚོས་དུས་རབས་ཉེར་གཅིག་པའི་བོན་པོ་ཚད་ལྡན་ཞིག་བྱ་དགོས་ན། རང་གཞན་ཚང་མར་སྐྱབས་གནས་དཀོན་མཆོག་གསུམ་ལ་ཡང་དག་པའི་དད་པ་རྣལ་མ་ཞིག་ཡོད་དགོས་པ་དང་། དེ་ལྟ་བུའི་དད་པ་གཙང་མ་དེ་ཉིད་ལ་བརྟེན་ནས་རང་གི་ཕ་རབས་གོང་མའི་མཆོད་ཅིང་བཀུར་བའི་གྲུབ་རྒྱལ་གཡུང་དྲུང་གི་བོན་རིན་པོ་ཆེ་དེ་ཉིད་འདི་ཕྱི་གཉིས་ཀྱི་སྐྱིད་སྡུག་སྐྱབས་ཀྱི་དཔུང་གཉེན་དུ་མ་ནོར་བར་ཡུལ་གང་དུ་སོང་ན་གནས་གང་དུ་བསྡད་ན་ཕ་ཆོས་གཡུང་དྲུང་བོན་ལ་མི་ཕྱེད་པའི་དད་པ་རྣམ་དག་ཞིག་ཡོད་དགོས་པ་འཇོག་ཤེས་པར་བྱ་རྒྱུ་དེ་ཉིད་ཧ་ཅང་གལ་ཆེན་ཡིན་པ་དང་། རི་བོ་གངས་ཅན་པའི་རིག་པའི་གཞུང་ལུགས་ཐམས་ཅད་ཀྱི་མགོ་ཁུངས་གཙང་མ་ཡིན་པའི་ཞང་ཞུང་རིག་གནས་ལ་ཡིད་ཆེས་པའི་དད་དམ་གཙང་མ་ཞིག་ཡོད་དགོས་པ་ནི་ཆེས་མ་མཐའི་ཆ་རྐྱེན་ཞིག་ཡིན་པ་ངོས་ཟིན་ཡོད་པའི་སྐོར་དང་། 
   གཉིས། ད་ལྟའི་དུས་རབས་འདི་ལ་ཆེ་ས་རྒྱལ་ཁབ་ནང་ཕན་ཚུན་དང་། གྲུབ་མཐའ་སོ་སོའི་བར་དང་། མི་རིགས་སོ་སོའི་བར། ཐ་ན་མི་སྒེར་སོ་སོའི་བར་སོགས་ལ་མེད་ན་མེད་ཐབས་མེད་པ་དང་། ཡོད་ན་དགེ་མཚན་ཆེ་ཚུལ་སོགས་ཀྱི་སྒོ་ནས་དཔེ་འཇོག་དོན་ཚང་གི་སྒོ་ནས་གྲུབ་མཐའ་སོ་སོའི་བར་ལ་མཐུན་སྒྲིལ་བརྩི་སྲུང་བྱ་དགོས་པ་དང་། རང་རེ་རྣམས་ཀྱིས་དེ་ལྟ་བུའི་མཐུན་སྒྲིལ་གྱི་ལམ་ཁ་བཟང་པོ་མི་ནོར་བར་རང་བསྟན་རང་གིས་འཛིན་པ་དང་། རང་གི་རིག་གཞུང་རང་གིས་གཅེས་ཉར་དང་ག་དར། ཁྱབ་བསྒྲགས་དང་། འཛིན་སྤེལ་སོགས་བྱ་དགོས་པའི་སྐོར་དང་།
   གསུམ། དབུགས་བཅས་ཀྱི་འགྲོ་བ་སུ་ཡིན་ན་བདེ་བ་འདོད་ཅིང་སྡུག་བསྔལ་མི་འདོད་པ་ནི་གཅིག་མཚུངས་སུ་ཆགས་འདུག་པ་ལྟར། འཚེ་མེད་ཞི་བདེ་ནི་འགྲོ་བ་ཡོད་དོ་ཅོག་གི་མི་འདོད་བསྔལ་དྲུངས་ནས་འཇོམ་པའི་གཉེན་པོ་རུ་ངེས་དགོས་ཤིང་། དེ་ཡང་ཞི་བདེ་མེད་ན་སྐྱེ་འགྲོ་སུ་ཞིག་ཡིན་ན་བདེ་བ་ཞེས་པའི་ཚོར་བ་ཞིག་རྙེད་ཐབས་གཏན་ནས་མེད་པ་དང་། དེ་ལྟ་བུའི་ཞི་བདེ་ངོ་མ་ཞིག་རྙེད་དགོས་ན་སྐྱེ་འགྲོ་སྲོག་གིས་བསྡུས་པའི་འགྲོ་བ་ཚང་མར་ཞི་བདེ་འདྲ་མཉམ་དུ་སྦྱིན་པ་དང་། ཞི་བདེ་ཞེས་པའི་དོན་གྱི་ཆུ་མགོ་འདྲེན་པའི་བྱེད་པོ་སངས་རྒྱས་གཤེན་རབ་མི་བོ་ཆེའི་རིག་པའི་གཞུང་ལུགས་བཙོ་མ་གསེར་ལྟ་བུའི་བདག་ཉིད་ཅན་དེ་དག་ནི་འཚེ་མེད་ཞི་བདེའི་མ་ཡུམ་ལྟ་བུ་ཡིན་པ་དང་། འཛམ་གླིང་ཞི་བདེའི་འབྱུང་ཁུངས་ཁོ་ན་རུ་གྱུར་ཡོད་པ་ཡིན་ཙ་ན། རང་གཞན་ཀུན་གྱིས་འདི་ཉིད་ལ་བརྩི་བཀུར་དང་གདེང་འཇོག་ཡོད་དགོས་པའི་སྐོར་དང་།
   བཞི། ཆེ་ས་རྒྱལ་ཁབ་སོ་སོ་དང་ཆུང་ས་མི་སྒེར་སོ་སོ་གང་ཞིག་ཡིན་རུང་། རང་ཉིད་ཀྱི་རྒྱལ་ཁབ་དང་། རང་ཉིད་ཀྱི་ཁྱིམ་ཚང་། རང་ཉིད་ཀྱི་གྲུབ་མཐའ་དང་། རང་ཉིད་ཀྱི་མ་འོངས་པ་སོགས་ལ་ཡར་ཐོན་གྱི་འདུ་ཤེས་མེད་ན་ནི། འཕེལ་རྒྱས་ཟེར་བ་ཞིག་འབྱུང་དཀའ་བ་ལྟ་བུ་ཡིན་པས་ན། སོ་སོས་རང་ཉིད་ནས་མགོ་རྩོམ་སྟེ་འབྱུང་འགྱུར་བྱ་བའི་ཁྲོད་དུ་རིགས་ཞེན་གྱི་དུང་པ་དང་། གྲུབ་མཐའི་ཤ་ཞེན་སོགས་ཀྱི་ཐད་ལ་བཅངས་པའི་ཆོད་སེམས་བརྟན་པོ་ཡོད་དགོས་པ་དང་། ད་ལྟའི་གནས་བབས་དང་མ་འོངས་པའི་འཕེལ་འགྱུར་ལ་བསམ་པའི་འདུན་པ་དང་འདུ་ཤེས་ཕྱི་གཙང་ནང་གཙང་གི་གོམ་པ་མདུན་དུ་སྤོས་ཏེ་ཞང་ཞུང་རིག་གནས་འདི་ཡུལ་འཛམ་བུ་གླིང་དུ་སྔོན་ལས་ཀྱང་འཕེལ་འགྱུར་ཤུགས་དྲག་བྱུང་པར་འབད་པ་བརྒྱ་དང་བརྩོན་པ་སྟོང་གི་བརྩོན་སེམས་མ་བོར་བའི་སྒོ་ནས་བོད་རང་ས་ནས་ས་སྐྱེས་རྡོ་སྐྱེས་ཀྱི་རིག་གནས་ཡིན་པའི་རི་བོ་གངས་ཅན་པའི་ཕ་ནོར་གཙང་མ། སྲིད་པ་ས་ཆགས་ཀྱི་རིག་གཞུང་རྣལ་མ་འདི་ཉིད་བརྒྱུད་རིམ་ལོ་རྒྱུས་ཀྱི་དུས་ཡུན་བགྲེས་ཤིང་རང་རེ་ཅག་གི་ཕ་རབས་བུ་རྒྱུད་ཀྱི་ཁྱིམ་ནོར་གཅིག་པུ་ཡིན་པར་བརྗེད་མི་རུང་བར་འདི་ཉིད་ཐབས་སྣ་ཚོགས་ལ་བརྟེན་ནས་ག་དར་དང་། འཛིན་སྐྱོང་། ཁྱབ་བསྒྲག་སོགས་ཞུ་བར་ནམ་ཡང་འབད་དགོས་པ་སོགས་མདོར་ན་གནད་འདུས་ཤིང་དོན་ཚང་བའི་སྒོ་ནས་རང་གཞན་ཚང་མས་ཞང་ཞུང་རིག་གནས་འདི་ཡར་རྒྱས་སུ་གཏོང་བ་དང་། ཞང་ཞུང་རིག་གནས་འདི་སྔོན་ལས་ཀྱང་འཕེལ་རྒྱས་སུ་འགྲོ་བར་རེ་བསྐུལ་སོགས་ཀྱི་སྐོར་ཏེ་རྩ་བའི་ཆ་ནས་ས་བཅད་ཆེ་ཁག་བཞི་རུ་བཀར་ནས་གསུང་བཤད་རེ་བསྐུལ་གཟབ་རྒྱས་སུ་གནང་སྟེ་རྒྱལ་སྤྱིའི་གཡུང་དྲུང་བོན་འཛིན་སྐྱོང་མཉམ་འབྲེལ་ལྷན་ཚོགས་ཀྱི་ངོས་ནས་ཁམས་ཕྱོགས་བོན་གྱི་གཞིས་དགོན་མང་པོར་དུས་ཡུན་ཟླ་གཅིག་དང་ལྷག་ལ་ཆེད་བསྐྱོད་གནང་ཡོད་པ་རེད།
      དེ་ཡང་ཚོགས་གཙོ་སྣང་ཞིག་སྐྱབས་མགོན་ཚུལ་ཁྲིམས་བསྐལ་བཟང་བློ་གྲོས་རྒྱ་མཚོ་མཆོག་སྟོན་འཁོར་ལྷན་རྒྱས་སི་ཁྲོན་ལི་ཐང་རྫོང་འགྲོ་མགོན་དགོན་པས་སྣེ་ལེན་འོག་ཚེས༢༣ཉིན་ལི་ཐང་རྫོང་ཐོག་ཏུ་བཞུགས། ཚེས༢༤ཉིན་གྱི་ཞོགས་ཀའི་ཆུ་ཚོད༧པའི་ཐོག་མགྲོན་དགོན་པར་ཕེབས། ལམ་སྐབས་སུ་འགྲོ་མགོན་སྡེ་དགོན་གཉིས་ཀྱིས་རླངས་འཁོར་དང་འཕྲུལ་རྟ་མང་པོའི་རུ་དཔུང་ཚར་དུ་བསྒྲིགས་པའི་བསུ་མས་མདུན་བསུས་ཏེ་འགྲོ་མགོན་ཡུལ་དགོན་གཉིས་པོ་མཉམ་འདུས་དབྱར་སྟོན་གཞིས་སྒར་དུ་ཕེབས། གྲྭ་མང་གིས་སེར་ཕྲེང་གིས་བསུས་ཏེ་སྦྲ་གུར་ཆེན་མོའི་ནང་དུ་གསེར་ཁྲིར་མངའ་གསོལ་མཛད། ཆུ་ཚོད༡༢སྟེང་གསོལ་ཇ་བཞེས། ཕྱི་དྲོའི་ཆུ་ཚོད༢འགྲོ་མགོན་སྡེ་དགོན་གཉིས་ཀྱིས་སྣང་ཞིག་སྐྱབས་མགོན་སྟོན་འཁོར་ལྷན་རྒྱས་ཡུལ་འདིར་ཞབས་ཀྱིས་བཅགས་པར་དགྱེས་པར་མཆོད་པ་རུ་གླུ་གར་བྲོ་གསུམ་གྱི་མཆོད་པ་དང་། ཡང་ན་ཚོགས་པའི་ངོས་ནས་ཁོང་ཁམས་ཕྱོགས་བོན་གྱི་གཞིས་དགོན་དུ་མར་བསྟན་འགྲོའི་དོན་ཆེན་མཛད་པར་ཐུགས་དགྱེས་པའི་མཆོད་སྤྲིན་རྒྱ་ཆེར་བཤམས་ཏེ་སྙན་པའི་གླུ་བླངས་ཤིང་དགའ་བའི་བྲོ་གར་འཁྲབ། རྒྱལ་སྤྱིའི་གཡུང་དྲུང་བོན་འཛིན་སྐྱོང་མཉམ་འབྲེལ་ལྷན་ཚོགས་ཀྱི་བློ་འདྲི་ཞུ་ཡུལ་དང་། ཁམས་ཡན་ལག་ཚོགས་པའི་གཙོ་མཁན་ཆེན་རིག་འཛིན་དབང་རྒྱལ་ཚང་གིས་མཉམ་འབྲེལ་ལྷན་འབྲེལ་ཚོགས་ཀྱི་མི་སྣ་འདི་ལྟར་ཁམས་ཕྱོགས་བོན་གྱི་གཞིས་དགོན་མང་པོར་ཕེབས་དགོས་པའི་རྒྱུ་རྐྱེན་དང་དམིགས་ཡུལ་སོགས་དེར་འདུས་མང་ཚོགས་ལ་ཁྱབ་བསྒྲགས་གནང་སྟེ་འགོ་འཛིན་བྱས།

1-1.jpg1-2.jpg

   སྣང་ཞིག་སྐྱབས་མགོན་ཚང་གིས་ཚོགས་པའི་ངོས་ནས་འབྲེལ་ཡོད་གསུང་བཤད་ཟབ་རྒྱས་གནང་བར་མ་ཟད་དེར་འདུས་སྐྱ་སེར་ཡོངས་ལ་དགེ་བསྐུལ་སྡིག་སྤང་གི་གསུང་མཛད་རྒྱ་ཆེར་གནང་མཐར་དེར་འདུས་མང་ཚོགས་དུ་མའི་ཁྲོད་ནས་སྲོག་གཅོད་དང་རྐུ་འཕྲོག དུད་ཆང་གི་རིགས་སོགས་གཏན་སྤངས་བྱེད་པའི་མི་མང་པོ་བྱུང་། དྲན་རྟེན་འདྲ་པར་མཉམ་དུ་བསྐྱོན་ཅིང་གཡུང་དྲུང་བསྟན་པ་རྒྱས་པའི་སྨོན་ལམ་གསུངས། ཉིན་དེར་བྱིས་པ་ལྔས་སྐྱབས་མགོན་ཚང་གི་མདུན་དུ་གྲྭ་པ་བྱས། སྐྱབས་མགོན་ཚང་གིས་གྲྭ་མང་གི་ཞལ་གྲངས་ལྟར་དམངས་སྒོར༣༠རེ་དང་སྣང་ཞིག་གི་བླ་རབས་ཞལ་ཐང་ཉིན་དེར་མང་ཚོགས་ཀྱིས་ཕུལ་བའི་མཇལ་དར་སྒོར་བཅས་དགོན་གཞུང་ལ་གནང་།
   ཚེས༢༦ཉིན་དགོན་པ་དེས་སྐྱེལ་མ་བཅས་ལམ་ལ་ཆས་ཏེ་ལི་ཐང་ནས་ཉག་ཆུ་རྫོང་ལ་ཕེབས། རྫོང་ཐོག་དེར་མི་ཉག་འདུ་ར་དགོན་པས་སྣེ་ལེན་པ་འབྱོར་ཏེ་མཚན་མོར་ཉག་ཆུ་རྫོང་དུ་བཞུགས། ཚེས༢༧ཉིན་རྫོང་དེ་ནས་ལམ་ལ་ཆས་ཏེ་འདུ་ར་དགོན་པའི་ཕྱོགས་སུ་ཕེབས། ལམ་སྐབས་སུ་དགོན་པ་དེའི་སྡེ་དགོན་གཉིས་ཀྱིས་ཡང་འཕྲུལ་རྟ་དང་རླངས་འཁོར་དུ་མས་ཆིབས་ཁ་བསྒྱུར་ཏེ་དགོན་པར་ཕེབས། གྲྭ་མང་དང་མི་སེར་གྱིས་སྣེ་ལེན་གཟབ་རྒྱས་བྱས། མཚན་མོར་དགོན་པ་དེར་བཞུགས། ཚེས༢༨ཉིན་འདུ་ར་དགོན་པའི་མཁན་པོ་དགེ་བཤེས་ཚུལ་ཁྲིམས་བསྟན་འཛིན་ལགས་ཀྱིས་ཐེངས་འདིའི་གནས་ཚུལ་དང་དམིགས་ཡུལ་མང་ཚོགས་ལ་ཁྱབ་བསྒྲགས་བྱས་ཏེ་འགོ་འཛིན་གནང་།

1-3.jpg1-4.jpg

   སྐྱབས་མགོན་ཚང་གིས་ཚོགས་པ་དང་འབྲེལ་བའི་གསུང་བཤད་གོང་བཞིན་གནང་ཞིང་དགེ་བསྐུལ་སྡིག་སྤང་གི་སྐོར་ནན་བཤད་གནང་། དྲན་རྟེན་འདྲ་པར་མཉམ་དུ་བསྐྱོན་ཅིང་བསྟན་རྒྱས་སྨོན་ལམ་གསུངས། ཉིན་དེའི་ཕྱི་དྲོར་དགོན་པ་དེ་ནས་ལམ་ལ་ཆས་ཏེ་ཕྱིར་ཉག་ཆུ་རྫོང་དུ་མི་ཉག་ཐང་སྒང་དགོན་པས་སྣེ་ལེན་འོག་རྫོང་ཐོག་ཏུ་བཞུགས། ཚེས༢༩ཉིན་གྱི་ཞོགས་ཀའི་ཆུ་ཚོད༩སྟེང་རྫོང་དེ་ནས་ལམ་ལ་ཆས་ཏེ་ཐང་སྒང་ཡུལ་དགོན་གཉིས་ཀྱིས་རླངས་འཁོར་དང་འཕྲུལ་རྟ་མང་པོས་བསུ་མ་བཅས་དགོན་པ་དེར་ཕེབས། གྲྭ་མང་དང་མི་སེར་མང་པོས་དགའ་བསུ་གཟབ་རྒྱས་བྱས། དགོན་པ་དེའི་མཁན་པོ་དགེ་བཤེས་སྐལ་བཟང་ཚུལ་ཁྲིམས་ལགས་ཀྱིས་ཐེངས་འདིའི་གནས་ཚུལ་དང་དམིགས་ཡུལ་རྣམས་མང་ཚོགས་ལ་ཁྱབ་བསྒྲགས་འགོ་འཛིན་བྱས།

1-5.jpg1-6.jpg

   སྐྱབས་མགོན་ཚང་གིས་དེར་འདུས་མང་ཚོགས་ཡོངས་ལ་ཚོགས་པ་དང་འབྲེལ་བའི་གསུང་བཤད་གནད་སྨིན་གནང་། ཐེངས་འདིའི་མཉམ་འཛོམ་འདྲ་པར་བསྒྲོན་ཅིང་བསྟན་རྒྱས་སྨོན་ལམ་གསུངས། སྐྱབས་མགོན་ཚང་གིས་གྲྭ་མང་གི་ཞལ་གྲངས་ལྟར་དམངས་སྒོར༣༠རེ་དང་སྣང་ཞིག་གི་བླ་རབས་ཞལ་ཐང་ཉིན་དེར་མང་ཚོགས་ཀྱིས་ཕུལ་བའི་མཇལ་དར་སྒོར་བཅས་དགོན་གཞུང་ལ་གནང་། ཚེས༣༠ཉིན་དགོན་པ་དེའི་ཡུལ་དགོན་གཉིས་ཀྱིས་སྐྱེལ་མ་བཅས་ལམ་ལ་ཆས་ཏེ་ཕྱིར་ཉག་ཆུ་རྫོང་ནས་ཉག་རོང་རྫོང་དབལ་ཁྱུང་དགོན་པའི་ཕྱོགས་སུ་ཕེབས། ལམ་སྐབས་སུ་དབལ་ཁྱུང་ཡུལ་དགོན་གཉིས་ཀྱིས་བསུ་མ་འབྱོར་ཏེ་རླངས་འཁོར་དང་འཕྲུལ་རྟ་མང་པོས་མདུན་ནས་བསུས་ཏེ་དགོན་པ་དེར་ཕེབས། དགོན་པའི་གྲྭ་མང་དང་མི་སེར་མང་པོས་བསུ་བ་རྒྱ་ཆེར་བྱས། མཚན་མོར་དགོན་པ་དེར་བཞུགས། ཚེས༣༡ཉིན་དགོན་དེའི་གྲྭ་བཙུན་ཉི་མ་རབ་འབྱམས་ལགས་ཀྱིས་ཐེངས་འདིའི་དམིགས་ཡུལ་གནས་ཚུལ་མང་ཚོགས་ལ་ཁྱབ་བསྒྲགས་འགོ་འཛིན་བྱས།

1-7.jpg1-8.jpg

   སྐྱབས་མགོན་ཚང་གིས་དེར་འདུས་མང་ཚོགས་ཡོངས་ལ་ཚོགས་པ་དང་འབྲེལ་བའི་གསུང་བཤད་གནད་སྨིན་གནང་། ཉིན་དེར་སྐྱབས་མགོན་སྐུ་འཁོར་ལྷན་རྒྱས་ནས་དགོན་པ་དེར་བཞུགས་པའི་རིན་ཐང་གཞལ་མེད་ད་ལྟའི་རྒྱལ་བའི་བཀའ་རིན་པོ་ཆེའི་མ་ཕྱི་དངོས་ལ་མཇལ་ཁ་ཞུས་ཏེ་འདི་ཉིད་དགོན་པ་འདི་དང་། ཡང་ན་དགོན་པ་འདི་དང་འབྲེལ་བའི་སྐལ་ལྡན་སྐྱེ་བོ་རེ་འགས་དཀའ་བ་སྲོག་ཏུ་བསྡོས་ཏེ་ད་ལྟ་རང་ཅག་གི་བསོད་ནམས་ཀྱི་དཔལ་དུ་བཞུགས་ཡོད་པ་ཞིག་ཡིན་པས་མ་འོངས་པར་ཁྱེད་རྣམ་པས་འདི་ལ་གཅེས་སྐྱོང་དང་དམ་འཛིན་ལྷོད་གཡེང་དུ་གཏོང་མི་རུང་བར་བསྐལ་པ་རྒྱ་མཚོའི་བར་དུ་རང་རེ་ཅག་གི་བསོད་ནམས་གསོག་པའི་ཞིང་དུ་བཞུགས་པར་འབད་འབུངས་མི་དོར་བའི་བཀའ་སློབ་རེ་བསྐུལ་ནན་གསུང་གནང་། སྐྱབས་མགོན་ཚང་གིས་གྲྭ་མང་གི་ཞལ་གྲངས་ལྟར་དམངས་སྒོར༣༠རེ་དང་སྣང་ཞིག་གི་བླ་རབས་ཞལ་ཐང་ཉིན་དེར་མང་ཚོགས་ཀྱིས་ཕུལ་བའི་མཇལ་དར་སྒོར་བཅས་དགོན་གཞུང་ལ་གནང་། མཇུག་མཐར་ཐེངས་འདིའི་མཉམ་འཛོམ་དྲན་རྟེན་བླངས་ཤིང་བསྟན་རྒྱས་སྨོན་ལམ་མཉམ་དུ་གསུངས།
   སྤྱི་ཟླ༨པའི་ཚེས༡ཉིན་དགོན་པ་དེའི་སྡེ་དགོན་གཉིས་ཀྱིས་སྐྱེལ་མ་བཅས་ཡེ་ཤེས་དགོན་པའི་ཕྱོགས་སུ་ཕེབས། ལམ་བར་དུ་ཉག་རོང་ཡེ་ཤེས་དགོན་སྡེ་དགོན་གཉིས་ཀྱིས་བསུ་མ་འབྱོར་ཏེ་ཆིབས་ཀྱི་ཁ་ལོ་དགོན་པ་དེར་བསྒྱུར། དགོན་རི་གྲོང་གཉིས་ཀྱིས་སྣེ་ལེན་གཟབ་རྒྱས་བྱས། ཚོགས་པའི་དྲུང་ཡིག་པ་དགེ་བཤེས་ཀུན་གསལ་ཟླ་བ་ལགས་ཀྱིས་ཐེངས་འདིའི་དམིགས་ཡུལ་གནས་ཚུལ་ཁྱབ་བསྒྲགས་འགོ་འཛིན་བྱས།

1-9.jpg1-10.jpg

      སྐྱབས་མགོན་ཚང་གིས་དེར་འདུས་མང་ཚོགས་ཡོངས་ལ་ཚོགས་པ་དང་འབྲེལ་བའི་གསུང་བཤད་གནད་སྨིན་གནང་། སྐྱབས་མགོན་ཚང་གིས་གྲྭ་མང་གི་ཞལ་གྲངས་ལྟར་དམངས་སྒོར༣༠རེ་དང་སྣང་ཞིག་གི་བླ་རབས་ཞལ་ཐང་ཉིན་དེར་མང་ཚོགས་ཀྱིས་ཕུལ་བའི་མཇལ་དར་སྒོར་བཅས་དགོན་གཞུང་ལ་གནང་། མཇུག་མཐར་ཐེངས་འདིའི་མཉམ་འཛོམ་དྲན་རྟེན་བླངས་ཤིང་བསྟན་རྒྱས་སྨོན་ལམ་མཉམ་དུ་གསུངས། ཉིན་དེར་སྐྱབས་མགོན་ཚང་གི་མདུན་དུ་བྱིས་པ་ཆུང་ཆུང་ཉེར་བཞིས་གསར་དུ་གྲྭ་པ་བྱས་ཡོད། ཉིན་དེའི་མཚན་མོར་དགོན་པ་དེའི་སྡེ་ཞབས་ཀྱི་དུད་ཁྱིམ་ཞིག་གིས་གདན་ཞུས་ལྟར་བཞུགས། ཚེས༢གྱི་ཉིན་ཉག་རོང་མི་ནུབ་དགོན་པས་བསུ་མ་འབྱོར་ཏེ་དེར་ཕེབས། ལམ་བར་དུ་མི་ནུབ་སྡེ་དགོན་གཉིས་ཀྱིས་རླངས་འཁོར་དང་འཕྲུལ་རྟ་མང་པོས་སྣེ་དྲངས་ཏེ་བསུ་བ་རྒྱ་ཆེན་ཞུས། གྲྭ་མང་དང་མང་ཚོགས་ཀྱིས་བསུ་མ་བཅས་དགོན་པར་འབྱོར། དགོན་པ་དེའི་དགེ་བསྐོས་གྲགས་པ་ལགས་ཀྱིས་ཐེངས་འདིའི་གནས་ཚུལ་དམིགས་ཡུལ་མང་ཚོགས་ལ་ཁྱབ་བསྒྲགས་འགོ་འཛིན་ཞུ ས།

1-11.jpg1-12.jpg

     སྐྱབས་མགོན་ཚང་གིས་དེར་འདུས་མང་ཚོགས་ཡོངས་ལ་ཚོགས་པ་དང་འབྲེལ་བའི་གསུང་བཤད་གནད་སྨིན་གནང་། སྐྱབས་མགོན་ཚང་གིས་གྲྭ་མང་གི་ཞལ་གྲངས་ལྟར་དམངས་སྒོར༣༠རེ་དང་སྣང་ཞིག་གི་བླ་རབས་ཞལ་ཐང་ཉིན་དེར་མང་ཚོགས་ཀྱིས་ཕུལ་བའི་མཇལ་དར་སྒོར་བཅས་དགོན་གཞུང་ལ་གནང་། མཇུག་མཐར་ཐེངས་འདིའི་མཉམ་འཛོམ་དྲན་རྟེན་བླངས་ཤིང་བསྟན་རྒྱས་སྨོན་ལམ་མཉམ་དུ་གསུངས། ཉིན་དེར་ཡང་སྐྱབས་མགོན་ཚང་གི་མདུན་ལ་གསར་དུ་གྲྭ་པ་བྱེད་མཁན་གྱི་བྱིས་པ་ལོ་ཆུང་བཅུ་བྱུང་ཡོད། མཚན་མོར་དགོན་པ་དེར་བཞུགས། ཚེས༣གྱི་ཉིན་དགོན་པ་དེ་ནས་ལམ་ལ་ཆས་ཏེ་ཉག་རོང་ཀླུ་འབུམ་དགོན་སྡེ་དགོན་གཉིས་ཀྱིས་འཕྲུལ་རྟ་དང་རླངས་འཁོར་རྟ་དམག་བཅས་ཀྱིས་བསུ་བ་བཅས་དགོན་པ་དེར་ཕེབས། གྲྭ་མང་དང་མང་ཚོགས་ཀྱིས་བསུ་བ་རྒྱ་ཆེར་བྱས། དགོན་པའི་དགེ་བསྐོས་དར་རྒྱས་ལགས་ཀྱིས་ཐེངས་འདིའི་གནས་ཚུལ་དམིགས་ཡུལ་མང་ཚོགས་ལ་ཁྱབ་བསྒྲགས་འགོ་འཛིན་བྱས།

1-13.jpg1-14.jpg

    སྐྱབས་མགོན་ཚང་གིས་དེར་འདུས་མང་ཚོགས་ཡོངས་ལ་ཚོགས་པ་དང་འབྲེལ་བའི་གསུང་བཤད་གནད་སྨིན་གནང་ཞིང་གྲྭ་མང་གི་ཞལ་གྲངས་ལྟར་དམངས་སྒོར༣༠རེ་དང་སྣང་ཞིག་གི་བླ་རབས་ཞལ་ཐང་ཉིན་དེར་མང་ཚོགས་ཀྱིས་ཕུལ་བའི་སྒོར་བཅས་དགོན་གཞུང་ལ་གནང་། མཇུག་མཐར་ཐེངས་འདིའི་མཉམ་འཛོམ་དྲན་རྟེན་བླངས་ཤིང་བསྟན་རྒྱས་སྨོན་ལམ་མཉམ་དུ་གསུངས། ཉིན་དེར་ཡང་ཁོང་གི་མདུན་དུ་བྱིས་པ་ལོ་ཆུང་བཅོ་ལྔས་གསར་དུ་གྲྭ་པ་བྱས་ཡོད། ཉིན་དེའི་ཕྱི་དྲོར་ཡང་ཉག་རོང་ལ་ཁ་དགོན་སྡེ་དགོན་རི་གསུམ་གྱིས་བསུ་མ་འབྱོར་ཏེ་དགོན་པ་དེར་ཕེབས། དགོན་པ་སྡེ་དགོན་རི་གསུམ་གྱིས་རླངས་འཁོར་དང་འཕྲུལ་རྟ་མང་པོས་བསུ་བ་རྒྱ་ཆེར་བྱས། གྲྭ་སེར་གཉིས་ཀྱིས་སྣེ་ལེན་གཟབ་རྒྱས་གནང་། མཚན་མོར་དགོན་པ་དེར་བཞུགས། ཚེས༥ཉིན་དགོན་དེའི་གྲྭ་བཙུན་བློ་གྲོས་ལགས་ཀྱིས་ཐེངས་འདིའི་གནས་ཚུལ་དམིགས་ཡུལ་མང་ཚོགས་ལ་ཁྱབ་བསྒྲགས་འགོ་འཛིན་ཞུས།

1-15.jpg1-16.jpg

    སྐྱབས་མགོན་ཚང་གིས་དེར་འདུས་མང་ཚོགས་ཡོངས་ལ་ཚོགས་པ་དང་འབྲེལ་བའི་གསུང་བཤད་གནད་སྨིན་གནང་། སྐྱབས་མགོན་ཚང་གིས་གྲྭ་མང་གི་ཞལ་གྲངས་ལྟར་དམངས་སྒོར༣༠རེ་དང་སྣང་ཞིག་གི་བླ་རབས་ཞལ་ཐང་ཉིན་དེར་མང་ཚོགས་ཀྱིས་ཕུལ་བའི་སྒོར་བཅས་དགོན་གཞུང་ལ་གནང་། མཇུག་མཐར་ཐེངས་འདིའི་མཉམ་འཛོམ་དྲན་རྟེན་བླངས་ཤིང་བསྟན་རྒྱས་སྨོན་ལམ་མཉམ་དུ་གསུངས། ཉིན་དེར་ཡང་ཁོང་གི་མདུན་དུ་བྱིས་པ་ལོ་ཆུང་བཞིས་གསར་དུ་གྲྭ་པ་བྱས་ཡོད། ཉིན་དེའི་ཕྱི་དྲོར་དགོན་པ་དེའི་ཡུལ་དགོན་གཉིས་ཀྱིས་སྐྱེལ་མ་བཅས་ཉག་རོང་གོང་རྒྱལ་དགོན་དང་བྱ་བཏང་རི་ཁྲོད་གཉིས་ཀྱིས་བསུ་མ་འབྱོར་ཏེ་དེར་ཕེབས། ལམ་སྐབས་སུ་དགོན་པ་དེའི་སྡེ་དགོན་རི་གསུམ་གྱིས་རླངས་འཁོར་དང་འཕྲུལ་རྟ་མང་པོས་སྣེ་དྲངས་ཏེ་བསུ་མ་རྒྱ་ཆེར་བྱས། དགོན་པའི་བླ་གྲྭ་དང་བཙུན་མ་སྡེ་དགོན་གསུམ་གྱིས་བསུ་བ་གཟབ་རྒྱས་གནང་། རི་ཁྲོད་དུ་བཞུགས་པའི་བཙུན་མ་རྣམས་འཆད་རར་འཚོགས་ཏེ་མི་ལོ་དུ་མར་དཀའ་སྤྱད་འབད་འབུངས་བྱས་པའི་འབྲས་རྟགས་མཆོད་སྤྲིན་བཤམས་པ་ན། ཁོང་གིས་བཙུན་མ་ཚོར་གཟེངས་བསྟོད་རྒྱ་ཆེར་གནང་ཞིང་མ་འོངས་པར་ཁྱེད་ཚོས་བོན་གྱི་བཙུན་མའི་ལོ་རྒྱུས་ཁྲོད་ན་གཟི་བརྗིད་ལྡན་པའི་ཟིན་ཐོ་གསར་པ་ཞིག་འགོད་ཐུབ་པར་ང་ཚོར་རེ་བ་དང་ཡིད་ཆེས་ཆེན་པོ་ཡོད་ཅེས་གསུངས། མཚན་མོར་རི་ཁྲོད་དེར་བཞུགས། ཚེས༦ཉིན་རི་ཁྲོད་མཁན་པོ་དགེ་བཤེས་ཁྲི་གཙུག་རྒྱལ་མཚན་ལགས་ཀྱིས་ཐེངས་འདིའི་གནས་ཚུལ་དམིགས་ཡུལ་མང་ཚོགས་ལ་ཁྱབ་བསྒྲགས་འགོ་འཛིན་གནང་།

1-17.jpg1-18.jpg

    སྐྱབས་མགོན་ཚང་གིས་དེར་འདུས་མང་ཚོགས་ཡོངས་ལ་ཚོགས་པ་དང་འབྲེལ་བའི་གསུང་བཤད་གནད་སྨིན་གནང་། སྐྱབས་མགོན་ཚང་གིས་གྲྭ་མང་གི་ཞལ་གྲངས་ལྟར་དམངས་སྒོར༣༠རེ་དང་སྣང་ཞིག་གི་བླ་རབས་ཞལ་ཐང་ཉིན་དེར་མང་ཚོགས་ཀྱིས་ཕུལ་བའི་སྒོར་བཅས་དགོན་གཞུང་ལ་གནང་། མཇུག་མཐར་ཐེངས་འདིའི་མཉམ་འཛོམ་དྲན་རྟེན་བླངས་ཤིང་བསྟན་རྒྱས་སྨོན་ལམ་མཉམ་དུ་གསུངས། ཉིན་དེར་ཡང་ཁོང་གི་མདུན་དུ་བྱིས་པ་ལོ་ཆུང་ཉེར་དྲུག་གིས་གསར་དུ་གྲྭ་པ་བྱས་ཡོད། ཉིན་དེའི་ཕྱི་དྲོའི་ཆུ་ཚོད༤དང་སྐར༣༠་སྟེང་བྱ་བཏང་རི་ཁྲོད་ཀྱིས་སྐྱེལ་མ་བཅས་ལམ་ལ་ཆས་ལམ་བར་དུ་གོང་རྒྱལ་དགོན་པས་གདན་དྲངས་ཏེ་དགོན་པ་དེ་ནས་གསོལ་ཇ་བཞེས། དེ་ནས་ཉག་རོང་རྒྱ་ཞིག་དགོན་པར་ཕེབས། ལམ་སྐབས་སུ་རྒྱ་ཞིག་དགོན་སྡེ་དགོན་གཉིས་ཀྱིས་བསུ་མ་འབྱོར་ཏེ་འཕྲུལ་རྟ་དང་རླངས་འཁོར་རྟ་དམག་བཅས་ཀྱིས་བསུས། གྲྭ་མང་དང་མི་སེར་རྣམས་ཀྱིས་སྣེ་ལེན་བྱས། མཚན་མོར་དགོན་པ་དེར་བཞུགས། ཚེས༧གྱི་ཉིན་དགོན་པ་དེའི་མཁན་པོ་གདོང་བཙུན་རྒྱ་ཐར་གྱིས་ཐེངས་འདིའི་གནས་ཚུལ་དམིགས་ཡུལ་མང་ཚོགས་ལ་ཁྱབ་བསྒྲགས་འགོ་འཛིན་བྱས།

1-19.jpg1-20.jpg

    སྐྱབས་མགོན་ཚང་གིས་དེར་འདུས་མང་ཚོགས་ཡོངས་ལ་ཚོགས་པ་དང་འབྲེལ་བའི་གསུང་བཤད་གནད་སྨིན་གནང་། སྐྱབས་མགོན་ཚང་གིས་གྲྭ་མང་གི་ཞལ་གྲངས་ལྟར་དམངས་སྒོར༣༠རེ་དང་སྣང་ཞིག་གི་བླ་རབས་ཞལ་ཐང་ཉིན་དེར་མང་ཚོགས་ཀྱིས་ཕུལ་བའི་སྒོར་བཅས་དགོན་གཞུང་ལ་གནང་། མཇུག་མཐར་ཐེངས་འདིའི་མཉམ་འཛོམ་དྲན་རྟེན་བླངས་ཤིང་བསྟན་རྒྱས་སྨོན་ལམ་མཉམ་དུ་གསུངས། ཉིན་དེར་ཡང་ཁོང་གི་མདུན་དུ་བྱིས་པ་ལོ་ཆུང་བརྒྱད་ཀྱིས་གསར་དུ་གྲྭ་པ་བྱས་ཡོད། ཉིན་དེའི་ཕྱི་དྲོའི་ཆུ་ཚོད༣གྱི་ཐོག་རྒྱ་ཞིག་སྡེ་དགོན་གཉིས་ཀྱིས་སྐྱེལ་མ་བཅས་ཉག་རོང་ནས་དཀར་མཛེས་རྫོང་ཐོག་ཏུ་ཕེབས། རྫོང་ཐོག་དེར་གོ་ལམ་གཡུང་དྲུང་གླིང་གི་སྣེ་ལེན་འབྱོར་ཏེ་མཚན་མོར་རྫོང་ཐོག་ཏུ་བཞུགས། ཚེས༨གྱི་ཉིན་དཀར་མཛེས་རྫོང་གོ་ལམ་གཡུང་དྲུང་གླིང་གི་སྡེ་དགོན་གཉིས་ཀྱིས་རླངས་འཁོར་མང་པོས་བསུ་བ་བཅས་དགོན་པ་དེར་འབྱོར། གྲྭ་ཚང་དང་མི་སྡེ་མང་པོས་ཕེབས་བསུ་ཞུས།དགོན་པ་དེའི་དབུ་འདྲེན་བླ་མ་ཚེ་དབང་དངོས་གྲུབ་ལགས་ཀྱིས་ཐེངས་འདིའི་གནས་ཚུལ་དམིགས་ཡུལ་མང་ཚོགས་ལ་ཁྱབ་བསྒྲགས་བྱས།

1-21.jpg1-22.jpg

     སྐྱབས་མགོན་ཚང་གིས་དེར་འདུས་མང་ཚོགས་ཡོངས་ལ་ཚོགས་པ་དང་འབྲེལ་བའི་གསུང་བཤད་གནད་སྨིན་གནང་། སྐྱབས་མགོན་ཚང་གིས་གྲྭ་མང་གི་ཞལ་གྲངས་ལྟར་དམངས་སྒོར༣༠རེ་དང་སྣང་ཞིག་གི་བླ་རབས་ཞལ་ཐང་ཉིན་དེར་མང་ཚོགས་ཀྱིས་ཕུལ་བའི་སྒོར་བཅས་དགོན་གཞུང་ལ་གནང་། མཇུག་མཐར་ཐེངས་འདིའི་མཉམ་འཛོམ་དྲན་རྟེན་བླངས་ཤིང་བསྟན་རྒྱས་སྨོན་ལམ་མཉམ་དུ་གསུངས། དགོན་པ་དེས་སྐྱེལ་མ་བཅས་ཕྱིར་དཀར་མཛེས་རྫོང་དུ་ཕེབས་ཏེ་མཚན་མོར་དེར་བཞུགས། ཚེས༡༡ཉིན་དཀར་མཛེས་ནས་ལམ་ལ་ཆས་ཏེ་དཔལ་ཡུལ་རྫོང་དུ་ཕེབས། རྫོང་ཐོག་ཏུ་ཁ་རག་དགོན་པའི་སྣེ་ལེན་པ་འབྱོར་ཏེ་མཚན་མོར་རྫོང་ཐོག་ཏུ་བཞུགས། ཚེས༡༢ཉིན་ཁ་རག་དགོན་སྡེ་དགོན་གཉིས་ཀྱིས་རླངས་འཁོར་དང་འཕྲུལ་རྟ་མང་པོས་ཕེབས་བསུ་ཞུས་ཏེ་དགོན་པར་འབྱོར། སྐྱ་སེར་གཉིས་ཀྱིས་བསུ་མ་རྒྱ་ཆེར་བྱས། དགོན་པ་དེའི་བླ་མ་ཀུན་དགའ་བློ་གྲོས་ལགས་ཀྱིས་ཐེངས་འདིའི་དམིགས་ཡུལ་གནས་ཚུལ་མང་ཚོགས་ལ་ཁྱབ་བསྒྲགས་འགོ་འཛིན་བྱས།

1-23.jpg1-24.jpg

    སྐྱབས་མགོན་ཚང་གིས་དེར་འདུས་མང་ཚོགས་ཡོངས་ལ་ཚོགས་པ་དང་འབྲེལ་བའི་གསུང་བཤད་གནད་སྨིན་གནང་། སྐྱབས་མགོན་ཚང་གིས་གྲྭ་མང་གི་ཞལ་གྲངས་ལྟར་དམངས་སྒོར༣༠རེ་དང་སྣང་ཞིག་གི་བླ་རབས་ཞལ་ཐང་ཉིན་དེར་མང་ཚོགས་ཀྱིས་ཕུལ་བའི་སྒོར་བཅས་དགོན་གཞུང་ལ་གནང་། མཇུག་མཐར་ཐེངས་འདིའི་མཉམ་འཛོམ་དྲན་རྟེན་བླངས་ཤིང་བསྟན་རྒྱས་སྨོན་ལམ་མཉམ་དུ་གསུངས། ཉིན་དེར་ཡང་བྱིས་པ་ལོ་ཆུང་ཉི་ཤུས་གསར་དུ་གྲྭ་པ་བྱས་ཡོད།མཚན་མོར་དགོན་པ་དེར་བཞུགས། ཚེས༡༣ཉིན་ཁ་རག་དགོན་གྲོང་གཉིས་ཀྱིས་སྐྱེལ་མ་དང་གཙུག་འོད་ཡུལ་དགོན་གཉིས་ཀྱིས་བསུ་མ་བཅས་གཙུག་འོད་དགོན་དུ་ཕེབས།

1-25.jpg1-26.jpg

    དགོན་སྡེའི་སེར་སྐྱ་གཉིས་ཀར་ཁ་རག་དགོན་དུ་ཡོང་ཚར་བས་འདི་ནས་དམིགས་བསལ་གསུང་བཤད་གནང་མ་དགོས། སྐྱབས་མགོན་ཚང་གིས་གྲྭ་མང་གི་ཞལ་གྲངས་ལྟར་དམངས་སྒོར༣༠རེ་དང་སྣང་ཞིག་གི་བླ་རབས་ཞལ་ཐང་ཉིན་དེར་མང་ཚོགས་ཀྱིས་ཕུལ་བའི་སྒོར་བཅས་དགོན་གཞུང་ལ་གནང་། མཇུག་མཐར་ཐེངས་འདིའི་མཉམ་འཛོམ་དྲན་རྟེན་བླངས་ཤིང་བསྟན་རྒྱས་སྨོན་ལམ་མཉམ་དུ་གསུངས། གཙུག་འོད་དགོན་དུ་ཟླ་འོད་ཡུལ་དགོན་གཉིས་ཀྱིས་བསུ་མ་འབྱོར་ཏེ་དེར་ཕེབས། གྲྭ་སེར་གཉིས་ཀྱིས་བསུ་བ་རྒྱ་ཆེར་མཛད། དགོན་དེའི་སྤྲུལ་སྐུ་རིག་དགའ་ལགས་ཀྱིས་ཐེངས་འདིའི་གནས་ཚུལ་དམིགས་ཡུལ་མང་ཚོགས་ལ་ཁྱབ་བསྒྲགས་འགོ་འཛིན་གནང་།

1-27.jpg1-28.jpg

    སྐྱབས་མགོན་ཚང་གིས་དེར་འདུས་མང་ཚོགས་ཡོངས་ལ་ཚོགས་པ་དང་འབྲེལ་བའི་གསུང་བཤད་གནད་སྨིན་གནང་ཞིང་གྲྭ་མང་གི་ཞལ་གྲངས་ལྟར་དམངས་སྒོར༣༠རེ་དང་སྣང་ཞིག་གི་བླ་རབས་ཞལ་ཐང་ཉིན་དེར་མང་ཚོགས་ཀྱིས་མཇལ་ཁ་ཞུ་སྐབས་ཕུལ་བའི་སྒོར་བཅས་དགོན་གཞུང་ལ་གནང་། མཇུག་མཐར་ཐེངས་འདིའི་མཉམ་འཛོམ་དྲན་རྟེན་བླངས་ཤིང་བསྟན་རྒྱས་སྨོན་ལམ་མཉམ་དུ་གསུངས། ཉིན་དེར་ཡང་བྱིས་པ་ཆུང་ཆུང་བདུན་གྱིས་གྲྭ་པ་བྱས། དགོན་པ་དེར་ལྕང་ལུང་དགོན་པའི་བསུ་མ་འབྱོར་ཏེ་ཟླ་འོད་ཡུལ་དགོན་གཉིས་ཀྱིས་སྐྱེལ་མ་བྱས་ལྕང་ལུང་སྡེ་དགོན་གཉིས་ཀྱིས་འཕྲུལ་རྟ་དང་རླངས་འཁོར་རྟ་དམག་བཅས་ཀྱིས་བསུས་ཏེ་དགོན་པར་ཕེབས། སྡེ་དགོན་གཉིས་ཀྱིས་ཕེབས་བསུ་གཟབ་རྒྱས་བྱས། དགོན་པ་དེའི་མཁན་པོ་ཚེ་དབང་འགྱུར་མེད་ལགས་ཀྱིས་ཐེངས་འདིའི་དམིགས་ཡུལ་གནས་ཚུལ་ཁྱབ་བསྒྲགས་འགོ་འཛིན་བྱས།

1-29.jpg1-30.jpg

    སྐྱབས་མགོན་ཚང་གིས་ཚོགས་པ་དང་འབྲེལ་བའི་གསུང་བཤད་གནང་ཞིང་གྲྭ་མང་གི་ཞལ་གྲངས་ལྟར་དམངས་སྒོར༣༠རེ་དང་སྣང་ཞིག་གི་བླ་རབས་ཞལ་ཐང་ཉིན་དེར་མང་ཚོགས་ཀྱིས་མཇལ་ཁ་ཞུ་སྐབས་ཕུལ་བའི་སྒོར་བཅས་དགོན་གཞུང་ལ་གནང་། ཉིན་དེར་ཡང་བྱིས་པ་ཆུང་ཆུང་བཅུ་དགུས་གསར་དུ་གྲྭ་པ་བྱས། མཚན་མོར་དགོན་པ་དེར་བཞུགས།ཚེས༡༤ཉིན་རིན་སྤུངས་དགོན་པའི་བསུ་མ་འབྱོར་ཞིང་ལྕང་ལུང་ཡུལ་དགོན་གཉིས་ཀྱིས་སྐྱེལ་མ་བཅས་ལམ་ལ་ཆས་ལམ་སྐབས་སུ་འཕྲུལ་རྟ་དང་རླངས་འཁོར་མང་པོས་ཕེབས་བསུ་ཞུས། གྲྭ་སེར་གཉིས་ཀྱིས་སྣེ་ལེན་གཟབ་རྒྱས་བྱས། དགོན་པ་དེ་ནས་ཡང་ལྕང་ལུང་དགོན་པའི་མཁན་པོ་ཚེ་དབང་འགྱུར་མེད་ལགས་ཀྱིས་ཐེངས་འདིའི་དམིགས་ཡུལ་གནས་ཚུལ་མང་ཚོགས་ལ་ཁྱབ་བསྒྲགས་འགོ་འཛིན་བྱས།

1-31.jpg1-32.jpg

    སྐྱབས་མགོན་ཚང་གིས་ཚོགས་པ་དང་འབྲེལ་བའི་གསུང་བཤད་གནང་ཞིང་གྲྭ་མང་གི་ཞལ་གྲངས་ལྟར་དམངས་སྒོར༣༠རེ་དང་སྣང་ཞིག་གི་བླ་རབས་ཞལ་ཐང་ཉིན་དེར་མང་ཚོགས་ཀྱིས་མཇལ་ཁ་ཞུ་སྐབས་ཕུལ་བའི་སྒོར་བཅས་དགོན་གཞུང་ལ་གནང་། དྲན་རྟེན་འདྲ་པར་མཉམ་དུ་བསྐྱོན་ཅིང་བསྟན་རྒྱས་སྨོན་ལམ་གསུངས། ཉིན་དེར་ཡང་བྱིས་པ་ལོ་ཆུང་བཅུ་གཅིག་གིས་གསར་དུ་གྲྭ་པ་བྱས། ཉིན་དེའི་ཕྱི་དྲོའི་ཆུ་ཚོད༣གྱི་ཐོག་རིན་སྤུངས་ཡུལ་དགོན་གཉིས་ཀྱིས་སྐྱེལ་མ་བཅས་ལམ་ལ་ཆས་ཏེ་སྡེ་དགེ་རྫོང་དུ་ཕེབས། མ་སྐབས་སུ་སྡེ་དགེ་ཐར་བདེ་དགོན་པའི་སྣེ་ལེན་པ་འབྱོར་ཏེ་མཚན་མོར་སྡེ་དགེ་རྫོང་ཐོག་ཏུ་བཞུགས། ཚེས༡༥ཉིན་སྡེ་དགེ་རྫོང་ཐོག་ནས་ལམ་ལ་ཆས་ཏེ་རབ་རྒྱལ་དགོན་པར་ཕེབས། ལམ་སྐབས་སུ་རབ་རྒྱལ་དགོན་སྡེ་དགོན་གཉིས་ཀྱིས་སྣེ་ལེན་པ་འབྱོར་ཞིང་དགོན་རི་གྲོང་གཉིས་ཀྱིས་རླངས་འཁོར་དང་འཕྲུལ་རྟ་མང་པོས་བསུ་བ་བཅས་དགོན་པར་འབྱོར། དགོན་པ་དེའི་དབུ་ཁྲིད་བླ་མ་ཚུལ་ཁྲིམས་སྟོབས་རྒྱལ་ལགས་ཀྱིས་ཐེངས་འདིའི་དམིགས་ཡུལ་གནས་ཚུལ་མང་ཚོགས་ལ་ཁྱབ་བསྒྲགས་འགོ་འཛིན་བྱས།

1-33.jpg1-34.jpg

    སྐྱབས་མགོན་ཚང་གིས་ཚོགས་པ་དང་འབྲེལ་བའི་གསུང་བཤད་གནང་ཞིང་གྲྭ་མང་གི་ཞལ་གྲངས་ལྟར་དམངས་སྒོར༣༠རེ་དང་སྣང་ཞིག་གི་བླ་རབས་ཞལ་ཐང་ཉིན་དེར་མང་ཚོགས་ཀྱིས་མཇལ་ཁ་ཞུ་སྐབས་ཕུལ་བའི་སྒོར་བཅས་དགོན་གཞུང་ལ་གནང་། དྲན་རྟེན་འདྲ་པར་མཉམ་དུ་བསྐྱོན་ཅིང་བསྟན་རྒྱས་སྨོན་ལམ་གསུངས། ཉིན་དེར་ཡང་བྱིས་པ་ཆུང་ཆུང་བཞིས་གསར་དུ་གྲྭ་པ་བྱས། དགོན་པ་དེའི་སྐྱེལ་མ་བཅས་ལམ་ལ་ཆས་ཏེ་ཐར་བདེ་དགོན་པར་ཕེབས། ལམ་སྐབས་སུ་ཐར་བདེ་ཡུལ་དགོན་གཉིས་ཀྱི་བསུ་མ་སླེབས་ཏེ་དགོན་པ་དེར་ཕེབས། ཐར་བདེ་སྡེ་དགོན་གཉིས་ཀྱིས་སྣེ་ལེན་བསུ་གཟབ་རྒྱས་ཞུས། དུས་ཚོད་ཀྱིས་མ་བྱིན་པས་མཚན་གུང་གི་ཆུ་ཚོད༣པའི་བར་དུ་འཚོགས་དགོས་བྱུང་། བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་ཐར་བདེ་ཚེ་དབང་འཇིགས་མེད་ལགས་ཀྱིས་ཐེངས་འདིའི་གནས་ཚུལ་དམིགས་ཡུལ་མང་ཚོགས་ལ་ཁྱབ་བསྒྲགས་འགོ་འཛིན་བྱས།

1-35.jpg1-36.jpg

    སྐྱབས་མགོན་ཚང་གིས་ཚོགས་པ་དང་འབྲེལ་བའི་གསུང་བཤད་གནང་ཞིང་གྲྭ་མང་གི་ཞལ་གྲངས་ལྟར་དམངས་སྒོར༣༠རེ་དང་སྣང་ཞིག་གི་བླ་རབས་ཞལ་ཐང་ཉིན་དེར་མང་ཚོགས་ཀྱིས་མཇལ་ཁ་ཞུ་སྐབས་ཕུལ་བའི་སྒོར་བཅས་དགོན་གཞུང་ལ་གནང་། དྲན་རྟེན་འདྲ་པར་མཉམ་དུ་བསྐྱོན་ཅིང་བསྟན་རྒྱས་སྨོན་ལམ་གསུངས། དགོན་དེའི་གྲྭ་ཇོ་མང་པོ་ཞིག་གིས་ལོ་གཉིས་ཀྱི་རིང་ལ་སློབ་གཉེར་བྱས་པ་རྒྱུགས་སྤྲོད་མཆོད་སྤྲིན་གྱི་ཚུལ་དང་སོ་སོས་གཞུང་ལུགས་མང་པོ་བློ་ངོར་འཆད་རྒྱུགས་ལྟ་བུ་ཕུལ། སྐྱབས་མགོན་ཚང་གིས་ལེགས་སོའི་བསྔགས་བརྗོད་མང་དུ་གནང་ཞིང་རྗེས་མར་མུ་མཐུད་དུ་བརྩོན་པར་ཤུགས་དྲག་གིས་འབད་དགོས་ཚུལ་གྱི་བཀའ་སློབ་སྐུལ་ལྕག་ཚད་ལྡན་གནང་། མཚན་མོ་དེར་ཡང་བྱིས་པ་ཉེར་གསུམ་གྱིས་གསར་དུ་གྲྭ་པ་བྱས་ཡོད། ཚེས༡༦ཉིན་གྱི་ཞོགས་ཀར་དྲན་རྟེན་འདྲ་པར་མཉམ་དུ་བླངས་ཤིང་བསྟན་རྒྱས་སྨོན་ལམ་གསུངས། ཐར་བདེ་དགོན་པ་ནས་ལམ་ལ་ཆས་ཏེ་སྡེ་དགེ་ཁྲོ་ཚང་དགོན་པའི་ཕྱོགས་སུ་ཕེབས། ཉིན་དེའི་ཕྱི་དྲོའི་ཆུ་ཚོད་༤སྟེང་དགོན་པ་དེར་འབྱོར། ལམ་སྐབས་སུ་ཁྲོ་ཚང་ཡུལ་དགོན་གཉིས་ཀྱིས་འཕྲུལ་རྟ་དང་རླངས་འཁོར་མང་པོས་བསུ་མ་འབྱོར། ཡུལ་དགོན་གཉིས་དབྱར་སྟོན་ལ་འཚོགས་ཏེ་སྦྲ་གུར་ཆེན་མོའི་ནང་དུ་བསུ་བ་རྒྱ་ཆེར་བྱས། དགོན་པ་དེའི་མཁན་པོ་གཡུང་དྲུང་བསམ་གཏན་ལགས་ཀྱིས་ཐེངས་འདིའི་དམིགས་ཡུལ་གནས་ཚུལ་མང་ཚོགས་ལ་ཁྱབ་བསྒྲགས་འགོ་འཛིན་བྱས།

1-37.jpg1-38.jpg

    སྐྱབས་མགོན་ཚང་གིས་ཚོགས་པ་དང་འབྲེལ་བའི་གསུང་བཤད་གནང་ཞིང་གྲྭ་མང་གི་ཞལ་གྲངས་ལྟར་དམངས་སྒོར༣༠རེ་དང་སྣང་ཞིག་གི་བླ་རབས་ཞལ་ཐང་ཉིན་དེར་མང་ཚོགས་ཀྱིས་མཇལ་ཁ་ཞུ་སྐབས་ཕུལ་བའི་སྒོར་བཅས་དགོན་གཞུང་ལ་གནང་། དྲན་རྟེན་འདྲ་པར་མཉམ་དུ་བསྐྱོན་ཅིང་བསྟན་རྒྱས་སྨོན་ལམ་གསུངས། མཚན་མོར་དགོན་པ་དེའི་ལྷ་སྡེ་ཞིག་གིས་གདན་ཞུས་ལྟར་ཕེབས་ཏེ་དེར་བཞུགས། ཚེས༡༧ཉིན་དགོན་པ་དེར་བཞུགས་པའི་རིན་ཐང་གིས་ཕྱུག་པའི་ཁམས་བརྒྱད་སྟོང་ཕྲག་བརྒྱ་པ་པོད་བཅུ་དྲུག་ཅན་གྱི་གླེགས་བམ་ཞལ་ཕྱེས་གནང་སྟེ་མཇལ་ཞིང་ཐུགས་བསྐྱེད་སྨོན་ལམ་རྒྱ་ཆེར་གནང་། ཉིན་དེའི་ཆུ་ཚོད༡༠སྟེང་དགོན་པ་དེ་ནས་ལམ་ལ་ཆས་ཏེ་སྡེ་དགོན་གཉིས་ཀྱིས་སྐྱེལ་མ་བཅས་རྫ་སྨོན་རྒྱལ་དགོན་པའི་ཕྱོགས་སུ་ཕེབས། ལམ་བར་དུ་སྨོན་རྒྱལ་ཡུལ་དགོན་གཉིས་ཀྱིས་བསུ་མ་འབྱོར་ཏེ་རླངས་འཁོར་དང་འཕྲུལ་རྟ་མང་པོས་བསུ་བ་རྒྱ་ཆེར་བྱས། གྲྭ་སེར་གཉིས་ཀྱིས་སྣེ་ལེན་བཅས་དགོན་པར་ཕེབས། རྒྱལ་སྲས་སྤྲུལ་སྐུ་ལགས་ཀྱིས་ཐེངས་འདིའི་དམིགས་ཡུལ་གནས་ཚུལ་མང་ཚོགས་ལ་ཁྱབ་བསྒྲགས་འགོ་འཛིན་བྱས།

1-39.jpg1-40.jpg

    སྐྱབས་མགོན་ཚང་གིས་ཚོགས་པ་དང་འབྲེལ་བའི་གསུང་བཤད་གནང་ཞིང་གྲྭ་མང་གི་ཞལ་གྲངས་ལྟར་དམངས་སྒོར༣༠རེ་དང་སྣང་ཞིག་གི་བླ་རབས་ཞལ་ཐང་ཉིན་དེར་མང་ཚོགས་ཀྱིས་མཇལ་ཁ་ཞུ་སྐབས་ཕུལ་བའི་སྒོར་བཅས་དགོན་གཞུང་ལ་གནང་། དྲན་རྟེན་འདྲ་པར་མཉམ་དུ་བསྐྱོན་ཅིང་བསྟན་རྒྱས་སྨོན་ལམ་གསུངས། ཉིན་དེར་ཡང་བྱིས་པ་ཆུང་ཆུང་བཅུ་དགུས་གསར་དུ་གྲྭ་པ་བྱས་ཡོད། ཉིན་དེའི་ཕྱི་དྲོའི་ཆུ་ཚོད༣གྱི་སྟེང་སྨོན་རྒྱལ་ཡུལ་དགོན་གཉིས་ཀྱིས་སྐྱེལ་མ་བཅས་ལམ་ལ་ཆས་ཏེ་འབུམ་རྨད་དགོན་པའི་ཕྱོགས་སུ་ཕེབས། ལམ་བར་དུ་འབུམ་རྨད་ཡུལ་དགོན་གཉིས་ཀྱིས་བསུ་མ་འབྱོར་ཏེ་འཕྲུལ་རྟ་དང་རླངས་འཁོར་མང་པོས་སྣེ་དྲངས་ཏེ་ཕེབས། གྲྭ་སེར་གཉིས་ཀྱིས་སྣེ་ལེན་བསུ་བ་རྒྱ་ཆེར་བྱས། དགོན་པའི་གྲྭ་བཙུན་གཡུང་དྲུང་དོན་ལྡན་ལགས་ཀྱིས་ཐེངས་འདིའི་དམིགས་ཡུལ་གནས་ཚུལ་མང་ཚོགས་ལ་ཁྱབ་བསྒྲགས་འགོ་འཛིན་བྱས།

1-41.jpg1-42.jpg

    སྐྱབས་མགོན་ཚང་གིས་ཚོགས་པ་དང་འབྲེལ་བའི་གསུང་བཤད་གནང་ཞིང་གྲྭ་མང་གི་ཞལ་གྲངས་ལྟར་དམངས་སྒོར༣༠རེ་དང་སྣང་ཞིག་གི་བླ་རབས་ཞལ་ཐང་ཉིན་དེར་མང་ཚོགས་ཀྱིས་མཇལ་ཁ་ཞུ་སྐབས་ཕུལ་བའི་སྒོར་བཅས་དགོན་གཞུང་ལ་གནང་། དྲན་རྟེན་འདྲ་པར་མཉམ་དུ་བསྐྱོན་ཅིང་བསྟན་རྒྱས་སྨོན་ལམ་གསུངས། ཉིན་དེར་ཡང་བྱིས་པ་ཉེར་ལྔས་གསར་དུ་གྲྭ་པ་བྱས་ཡོད། མཚན་མོར་དགོན་པ་དེར་བཞུགས། ཚེས༡༨ཉིན་འབུམ་རྨད་ཡུལ་དགོན་གཉིས་ཀྱིས་སྐྱེལ་མ་བཅས་ལམ་ལ་ཆས་ཏེ་རྫ་སྟེང་ཆེན་དགོན་པའི་ཕྱོགས་སུ་ཕེབས། ལམ་བར་དུ་སྟེང་ཆེན་ཡུལ་དགོན་གཉིས་ཀྱིས་བསུ་མ་འབྱོར་ཞིང་རླངས་འཁོར་དང་འཕྲུལ་རྟ་མང་པོས་སྣེ་དྲངས་ཏེ་དགོན་པ་དེར་ཕེབས། གྲྭ་སེར་གཉིས་ཀྱིས་ཆིབས་བསྒྱུར་སྣེ་ལེན་གཟབ་རྒྱས་བྱས། བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་དཔྲ་སྤྲུལ་ཚུལ་ཁྲིམས་དྲི་མེད་རྣམ་རྒྱལ་ལགས་ཀྱིས་ཐེངས་འདིའི་དམིགས་ཡུལ་གནས་ཚུལ་ཟེར་འཕྲོ་དགོན་དང་བོན་གླིང་དགོན་སྟེང་ཆེན་དགོན་གསུམ་གྱི་མང་ཚོགས་ལ་ཁྱབ་བསྒྲགས་འགོ་འཛིན་བྱས།

1-43.jpg1-44.jpg

    སྐྱབས་མགོན་ཚང་གིས་ཚོགས་པ་དང་འབྲེལ་བའི་གསུང་བཤད་གནང་ཞིང་གྲྭ་མང་གི་ཞལ་གྲངས་ལྟར་དམངས་སྒོར༣༠རེ་དང་སྣང་ཞིག་གི་བླ་རབས་ཞལ་ཐང་ཉིན་དེར་མང་ཚོགས་ཀྱིས་མཇལ་ཁ་ཞུ་སྐབས་ཕུལ་བའི་སྒོར་བཅས་དགོན་གཞུང་ལ་གནང་། དྲན་རྟེན་འདྲ་པར་མཉམ་དུ་བསྐྱོན་ཅིང་བསྟན་རྒྱས་སྨོན་ལམ་གསུངས། ཉིན་དེར་ཡང་སྟེང་ཆེན་དགོན་མ་ལག་དགོན་གསུམ་གྱི་བྱིས་པ་ཞེ་དྲུག་གིས་གསར་དུ་གྲྭ་པ་བྱས། ཉིན་དེའི་ཕྱི་དྲོར་ཟེར་འཕྲོ་ཡུལ་དགོན་གཉིས་ཀྱིས་བསུ་མ་བཅས་དགོན་པ་དེར་ཕེབས། གྲྭ་སེར་གཉིས་ཀྱིས་སྣེ་ལེན་ཡང་དག་བྱས། སྐྱབས་མགོན་ཚང་གིས་གྲྭ་མང་གི་ཞལ་གྲངས་ལྟར་དམངས་སྒོར༣༠རེ་དང་སྣང་ཞིག་གི་བླ་རབས་ཞལ་ཐང་ཉིན་དེར་མང་ཚོགས་ཀྱིས་མཇལ་ཁ་ཞུ་སྐབས་ཕུལ་བའི་སྒོར་བཅས་དགོན་གཞུང་ལ་གནང་། དྲན་རྟེན་འདྲ་པར་མཉམ་དུ་བསྐྱོན་ཅིང་བསྟན་རྒྱས་སྨོན་ལམ་གསུངས། དེ་རྗེས་བོན་གླིང་གཡུང་དྲུང་གླིང་ཡུལ་དགོན་གཉིས་ཀྱིས་བསུ་བ་བཅས་དགོན་པ་དེར་ཕེབས། གྲྭ་སེར་གཉིས་ཀྱིས་སྣེ་ལེན་བསུ་མ་རྒྱ་ཆེར་བྱས།

1-45.jpg1-46.jpg

    སྐྱབས་མགོན་ཚང་གིས་གྲྭ་མང་གི་ཞལ་གྲངས་ལྟར་དམངས་སྒོར༣༠རེ་དང་སྣང་ཞིག་གི་བླ་རབས་ཞལ་ཐང་ཉིན་དེར་མང་ཚོགས་ཀྱིས་མཇལ་ཁ་ཞུ་སྐབས་ཕུལ་བའི་སྒོར་བཅས་དགོན་གཞུང་ལ་གནང་། དྲན་རྟེན་འདྲ་པར་མཉམ་དུ་བསྐྱོན་ཅིང་བསྟན་རྒྱས་སྨོན་ལམ་གསུངས། ཉིན་དེའི་མཚན་མོར་ཕྱིར་རྫ་སྟེང་ཆེན་དགོན་པར་ཕེབས་ཏེ་བཞུགས། ཚེས༡༩ཉིན་ཤར་རྫའི་རི་ཁྲོད་ཀྱི་བསུ་མ་འབྱོར་ཞིང་སྟེང་ཆེན་དགོན་པའི་སྐྱེལ་མ་བཅས་ཤར་རྫའི་རི་ཁྲོད་དུ་ཕེབས། རི་ཁྲོད་དེར་བཞུགས་པའི་འདུས་སྡེ་རྒྱ་མཚོས་སེར་ཕྲེང་གིས་བསུ་མ་གཟབ་རྒྱས་གནང་། བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་བློ་འདྲི་ཞུ་ཡུལ་མཁན་རིག་འཛིན་དབང་རྒྱལ་ལགས་ཀྱིས་ཐེངས་འདིའི་དམིགས་ཡུལ་གནས་ཚུལ་དེར་འདུས་ཡོངས་ལ་ཁྱབ་བསྒྲགས་འགོ་འཛིན་གནང་།

1-47.jpg1-48.jpg

    སྐྱབས་མགོན་ཚང་གིས་ཚོགས་པ་དང་འབྲེལ་བའི་གསུང་བཤད་གནང་ཞིང་གྲྭ་མང་གི་ཞལ་གྲངས་ལྟར་དམངས་སྒོར༣༠རེ་དང་སྣང་ཞིག་གི་བླ་རབས་ཞལ་ཐང་ཉིན་དེར་མང་ཚོགས་ཀྱིས་མཇལ་ཁ་ཞུ་སྐབས་ཕུལ་བའི་སྒོར་བཅས་དགོན་གཞུང་ལ་གནང་། དྲན་རྟེན་འདྲ་པར་མཉམ་དུ་བསྐྱོན་ཅིང་བསྟན་རྒྱས་སྨོན་ལམ་གསུངས། ཉིན་དེའི་ཕྱི་དྲོའི་ཆུ་ཚོད༢པའི་སྟེང་རི་ཁྲོད་ཚང་གིས་སྐྱེལ་མ་བཅས་ཕྱིར་དཀར་མཛེས་སུ་ལམ་ལ་ཆས་ཏེ་མཚན་མོར་དཀར་མཛེས་རྫོང་ཐོག་ཏུ་བཞུགས། ཚེས༢༠ཉིན་བྲག་མགོ་རྒྱལ་རོང་རི་དགོན་སྡེ་གསུམ་གྱི་བསུ་མ་དཀར་མཛེས་སུ་འབྱོར་ཏེ་དཀར་མཛེས་ནས་ལམ་ལ་ཆས། ལམ་བར་དུ་རི་དགོན་སྡེ་གསུམ་གྱིས་རླངས་འཁོར་དང་འཕྲུལ་རྟ་མང་པོས་བསུ་བ་རྒྱ་ཆེར་བྱས། རི་དགོན་གཉིས་ཀྱིས་གྲྭ་ཇོ་མང་པོས་བསུ་བ་སྣེ་ལེན་གཟབ་རྒྱས་བྱས། རི་ཁྲོད་དེའི་མཁན་པོ་དགེ་བཤེས་ཤེས་རབ་སྦྱིན་པ་ལགས་ཀྱིས་ཐེངས་འདིའི་དམིགས་ཡུལ་གནས་ཚུལ་མང་ཚོགས་ལ་ཁྱབ་བསྒྲགས་འགོ་འཛིན་བྱས།

1-49.jpg1-50.jpg

    སྐྱབས་མགོན་ཚང་གིས་ཚོགས་པ་དང་འབྲེལ་བའི་གསུང་བཤད་གནང་ཞིང་གྲྭ་མང་གི་ཞལ་གྲངས་ལྟར་དམངས་སྒོར༣༠རེ་དང་སྣང་ཞིག་གི་བླ་རབས་ཞལ་ཐང་ཉིན་དེར་མང་ཚོགས་ཀྱིས་མཇལ་ཁ་ཞུ་སྐབས་ཕུལ་བའི་སྒོར་བཅས་དགོན་གཞུང་ལ་གནང་། དྲན་རྟེན་འདྲ་པར་མཉམ་དུ་བསྐྱོན་ཅིང་བསྟན་རྒྱས་སྨོན་ལམ་གསུངས། ཉིན་དེར་ཡང་གྲྭ་ཇོ་གསར་དུ་བྱེད་མཁན་དགུ་བྱུང་ཡོད། ཉིན་དེའི་ཕྱི་དྲོའི་ཆུ་ཚོད༦དང་སྐར༤༥ཐོག་དེར་བཞུགས་བཙུན་མ་རྣམས་འཆད་རར་འཚོགས་པར་གཟིགས་རྟོག་ཏུ་ཕེབས་ཤིང་བཙུན་མ་རྣམས་ཀྱིས་ཐོས་བསམ་བྱས་པའི་འབྲས་རྟགས་ལ་བསྔགས་བརྗོད་ནན་གྱིས་གནང་སྟེ་མུ་མཐུད་དུ་འདི་ལྟར་བརྩོན་པ་བྱས་ཏེ་བོན་གྱི་བཙུན་མའི་ལོ་རྒྱུས་ཁྲོད་ན་འོད་སྟོང་འཚེར་བའི་ཟིན་ཐོ་གསར་པ་ཞིག་འགོད་དགོས་པ་དང་འགོད་ཐུབ་པར་ང་ཚོར་རེ་བ་དང་ཡིད་ཆེས་ཆེན་པོ་ཡོད་པར་གསུངས། མཚན་མོར་དགོན་པ་དེར་བཞུགས། ཚེས༢༡ཉིན་བཙུན་དགོན་དེ་ནས་ལམ་ལ་ཆས་ཏེ་རྦ་མདའ་དགོན་པའི་ཕྱོགས་སུ་ཕེབས། ལམ་བར་དུ་རྦ་མདའ་སྡེ་དགོན་གཉིས་ཀྱིས་བསུ་མ་འབྱོར་ཏེ་རླངས་འཁོར་དང་འཕྲུལ་རྟ་མང་པོས་བསུ་མ་བཅས་ཕེབས། ལམ་བར་དགོན་པ་དེས་བཀོད་སྒྲིག་འོག་སྐུ་ངལ་གསོས་ཏེ་ཅུང་ཟད་བཞུགས། གྲྭ་སེར་གཉིས་ཀྱིས་སྣེ་ལེན་གཟབ་རྒྱས་བྱས། སྨན་རིའི་དགེ་བཤེས་ཚེ་དབང་རྒྱལ་མཚན་ལགས་ཀྱིས་ཐེངས་འདིའི་དམིགས་ཡུལ་གནས་ཚུལ་མང་ཚོགས་ལ་ཁྱབ་བསྒྲགས་འགོ་འཛིན་བྱས།

1-51.jpg1-52.jpg

    སྐྱབས་མགོན་ཚང་གིས་ཚོགས་པ་དང་འབྲེལ་བའི་གསུང་བཤད་གནང་ཞིང་གྲྭ་མང་གི་ཞལ་གྲངས་ལྟར་དམངས་སྒོར༣༠རེ་དང་སྣང་ཞིག་གི་བླ་རབས་ཞལ་ཐང་ཉིན་དེར་མང་ཚོགས་ཀྱིས་མཇལ་ཁ་ཞུ་སྐབས་ཕུལ་བའི་སྒོར་བཅས་དགོན་གཞུང་ལ་གནང་། དྲན་རྟེན་འདྲ་པར་མཉམ་དུ་བསྐྱོན་ཅིང་བསྟན་རྒྱས་སྨོན་ལམ་གསུངས། ཉིན་དེར་ཡང་བྱིས་པ་ཆུང་ཆུང་བརྒྱད་ཀྱིས་གསར་དུ་གྲྭ་པ་བྱས་ཡོད། ཉིན་དེའི་ཕྱི་དྲོའི་ཆུ་ཚོད་༣པའི་སྟེང་རྦ་མདའ་སྡེ་དགོན་གཉིས་ཀྱིས་སྐྱེལ་མ་བཅས་ལམ་ལ་ཆས་ཏེ་གཞི་རིས་དགོན་པར་ཕེབས། གཞི་རིས་སྡེ་དགོན་གཉིས་ཀྱིས་རླངས་འཁོར་དང་འཕྲུལ་རྟ་མང་པོས་བསུ་མ་བཅས་ཕེབས། གྲྭ་སེར་གཉིས་ཀྱིས་སྣེ་ལེན་གཟབ་རྒྱས་བྱས། བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་དྲུང་ཡིག་པ་བྲག་མགོ་ཚེ་རིང་ལགས་ཀྱིས་ཐེངས་འདིའི་དམིགས་ཡུལ་གནས་ཚུལ་མང་ཚོགས་ལ་ཁྱབ་བསྒྲགས་འགོ་འཛིན་བྱས།

1-53.jpg1-54.jpg

    སྐྱབས་མགོན་ཚང་གིས་ཚོགས་པ་དང་འབྲེལ་བའི་གསུང་བཤད་གནང་ཞིང་གྲྭ་མང་གི་ཞལ་གྲངས་ལྟར་དམངས་སྒོར༣༠རེ་དང་སྣང་ཞིག་གི་བླ་རབས་ཞལ་ཐང་ཉིན་དེར་མང་ཚོགས་ཀྱིས་མཇལ་ཁ་ཞུ་སྐབས་ཕུལ་བའི་སྒོར་བཅས་དགོན་གཞུང་ལ་གནང་། དྲན་རྟེན་འདྲ་པར་མཉམ་དུ་བསྐྱོན་ཅིང་བསྟན་རྒྱས་སྨོན་ལམ་གསུངས། ཉིན་དེར་ཡང་བྱིས་པ་ཆུང་ཆུང་གསུམ་གྱིས་གསར་དུ་གྲྭ་པ་བྱས། མཚན་མོར་དགོན་པ་དེར་བཞུགས། ཚེས༢༢ཉིན་གཞི་རིས་སྡེ་དགོན་གཉིས་ཀྱིས་སྐྱེལ་མ་བཅས་བྲག་མགོ་ནས་ལམ་ལ་ཆས་ཏེ་རྟའུ་རྫོང་ཐོག་ཏུ་ཕེབས། རྫོང་ཐོག་དེར་དགུ་རྫ་སྡེ་དགོན་གཉིས་ཀྱིས་བསུ་མ་འབྱོར་ཏེ་རླངས་འཁོར་དང་འཕྲུལ་རྟ་མང་པོས་སྣེ་དྲངས་ཏེ་ཕེབས། གྲྭ་སེར་གཉིས་ཀྱིས་སྣེ་ལེན་གཟབ་རྒྱས་བྱས། སྤྲུལ་བསྟན་འཛིན་རྣམ་རྒྱལ་ལགས་ཀྱིས་ཐེངས་འདིའི་དམིགས་ཡུལ་གནས་ཚུལ་མང་ཚོགས་ལ་ཁྱབ་བསྒྲགས་འགོ་འཛིན་བྱས།

1-55.jpg1-56.jpg

    སྐྱབས་མགོན་ཚང་གིས་ཚོགས་པ་དང་འབྲེལ་བའི་གསུང་བཤད་གནང་ཞིང་གྲྭ་མང་གི་ཞལ་གྲངས་ལྟར་དམངས་སྒོར༣༠རེ་དང་སྣང་ཞིག་གི་བླ་རབས་ཞལ་ཐང་ཉིན་དེར་མང་ཚོགས་ཀྱིས་མཇལ་ཁ་ཞུ་སྐབས་ཕུལ་བའི་སྒོར་བཅས་དགོན་གཞུང་ལ་གནང་། དྲན་རྟེན་འདྲ་པར་མཉམ་དུ་བསྐྱོན་ཅིང་བསྟན་རྒྱས་སྨོན་ལམ་གསུངས། ཉིན་དེར་ཡང་བྱིས་པ་ཆུང་ཆུང་གསུམ་གྱིས་གསར་དུ་གྲྭ་པ་བྱས། ཕྱི་དྲོའི་ཆུ་ཚོད༢གྱི་སྟེང་དགུ་རྫ་ཡུལ་དགོན་གཉིས་ཀྱིས་སྐྱེལ་མ་དང་བསམ་འགྲུབ་དགོན་སྡེ་དགོན་གཉིས་ཀྱིས་འཁོར་དང་འཕྲུལ་རྟ་མང་པོས་བསུ་མ་བཅས་དགོན་པ་དེར་ཕེབས། གྲྭ་སེར་གཉིས་ཀྱིས་སྣེ་ལེན་གཟབ་རྒྱས་བྱས། དགོན་པའི་གྲྭ་བཙུན་ཚུལ་ཁྲིམས་ཉི་མ་ལགས་ཀྱིས་ཐེངས་འདིའི་གནས་ཚུལ་དམིགས་ཡུལ་མང་ཚོགས་ལ་ཁྱབ་བསྒྲགས་འགོ་འཛིན་བྱས།

1-57.jpg1-58.jpg

    སྐྱབས་མགོན་ཚང་གིས་ཚོགས་པ་དང་འབྲེལ་བའི་གསུང་བཤད་གནང་ཞིང་གྲྭ་མང་གི་ཞལ་གྲངས་ལྟར་དམངས་སྒོར༣༠རེ་དང་སྣང་ཞིག་གི་བླ་རབས་ཞལ་ཐང་ཉིན་དེར་མང་ཚོགས་ཀྱིས་མཇལ་ཁ་ཞུ་སྐབས་ཕུལ་བའི་སྒོར་བཅས་དགོན་གཞུང་ལ་གནང་། དྲན་རྟེན་འདྲ་པར་མཉམ་དུ་བསྐྱོན་ཅིང་བསྟན་རྒྱས་སྨོན་ལམ་གསུངས། ཉིན་དེར་ཡང་བྱིས་པ་ཆུང་ཆུང་བཅུ་བཞིས་གསར་དུ་གྲྭ་པ་བྱས། མཚན་མོར་དགོན་པ་དེར་བཞུགས། ཚེས༢༣ཉིན་བསམ་འགྲུབ་སྡེ་དགོན་གཉིས་ཀྱིས་སྐྱེལ་མ་ཆུ་མིག་དགོན་ཡུལ་དགོན་གཉིས་ཀྱིས་རླངས་འཁོར་དང་འཕྲུལ་རྟ་མང་པོས་སྣེ་དྲངས་ཏེ་ཕེབས། གྲྭ་སེར་གཉིས་ཀྱིས་སྣེ་ལེན་གཟབ་རྒྱས་བྱས། རྒྱལ་ཚབ་རྡོ་རྗེ་རྒྱལ་མཚན་ལགས་ཀྱིས་ཐེངས་འདིའི་དམིགས་ཡུལ་གནས་ཚུལ་མང་ཚོགས་ལ་ཁྱབ་བསྒྲགས་འགོ་འཛིན་བྱས།

1-59.jpg1-60.jpg

    སྐྱབས་མགོན་ཚང་གིས་ཚོགས་པ་དང་འབྲེལ་བའི་གསུང་བཤད་གནང་ཞིང་གྲྭ་མང་གི་ཞལ་གྲངས་ལྟར་དམངས་སྒོར༣༠རེ་དང་སྣང་ཞིག་གི་བླ་རབས་ཞལ་ཐང་ཞིག་དང་ཉིན་དེར་མང་ཚོགས་ཀྱིས་མཇལ་ཁ་ཞུ་སྐབས་ཕུལ་བའི་སྒོར་བཅས་དགོན་གཞུང་ལ་གནང་། དྲན་རྟེན་འདྲ་པར་མཉམ་དུ་བསྐྱོན་ཅིང་བསྟན་རྒྱས་སྨོན་ལམ་གསུངས།ཉིན་དེར་ཡང་གྲྭ་པ་དང་ཇོ་བཙུན་གསར་དུ་བྱེད་མཁན་བཅུ་དགུ་བྱུང་། ཉིན་དེའི་ཕྱི་དྲོའི་ཆུ་ཚོད༣གྱི་ཐོག་ཆུ་མིག་སྡེ་དགོན་གཉིས་ཀྱིས་སྐྱེལ་མ་བཅས་ལམ་ལ་ཆས་ཏེ་དམ་པ་རང་གྲོལ་དགོན་པའི་ཕྱོགས་སུ་ཕེབས། མཚན་གྱི་ཆུ་ཚོད་བརྒྱད་པར་བར་སྨད་དུ་འབྱོར་ཏེ་དམ་པ་རང་གྲོལ་སྡེ་དགོན་གཉིས་ཀྱིས་སྣེ་ལེན་འོག་མཚན་མོར་ས་གནས་དེར་བཞུགས། ཚེས༢༤ཉིན་དམ་པ་རང་གྲོལ་སྡེ་དགོན་གཉིས་ཀྱིས་རླངས་འཁོར་དང་འཕྲུལ་རྟ་མང་པོས་སྣེ་དྲངས་ཏེ་དགོན་པར་འབྱོར།

1-61.jpg1-62.jpg

    སྐྱབས་མགོན་ཚང་གིས་ཚོགས་པ་དང་འབྲེལ་བའི་གསུང་བཤད་གནང་ཞིང་གྲྭ་མང་གི་ཞལ་གྲངས་ལྟར་དམངས་སྒོར༣༠རེ་དང་སྣང་ཞིག་གི་བླ་རབས་ཞལ་ཐང་ཞིག་དགོན་གཞུང་ལ་གནང་། དྲན་རྟེན་འདྲ་པར་མཉམ་དུ་བསྐྱོན་ཅིང་བསྟན་རྒྱས་སྨོན་ལམ་གསུངས། ཉིན་དེར་ཡང་བྱིས་པ་ཆུང་ཆུང་གཉིས་ཀྱིས་གསར་དུ་གྲྭ་པ་བྱས། དེ་ལྟར་དུས་ཡུན་ཟླ་གཅིག་ལྷག་གི་རིང་ལ་རྫོང་ཁག་བདུན་དང་དགོན་སྡེ་རི་ཁྲོད་བཅས་བསྡོམས་པའི་བོན་གྱི་སྒྲུབ་སྡེ་ཆེ་ཆུང་སུམ་ཅུ་སོ་ལྔའི་ནང་དུ་དངོས་སུ་སོང་སྟེ་དགོན་སྡེ་སོ་སོའི་བླ་མ་གྲྭ་ཚང་དང་། དགོན་ཞབས་དེ་དག་ན་ཡོད་པའི་མི་སེར་ལྷ་སྡེ་མང་པོ་དུས་གཅིག་གནས་གཅིག་ཏུ་འཛོམས་ས་ནས་ད་ལན་གྱི་བྱ་འགུལ་འདི་ནི་དགོན་པ་གཅིག་དང་། ཡང་ན་བླ་མ་གཅིག ས་གནས་གཅིག་གི་ཆེད་ལྟ་བུ་མ་ཡིན་པར་ཡིན་རྒྱུ་ནི་རང་ཅག་ཚང་མའི་འོས་འགན་དུ་གྱུར་འདུག་པའི་ཞང་བོད་ནང་བསྟན་རིག་གནས་འདི་ག་དར་གྱི་སླད་དང་།

1-63.jpg1-64.jpg

    ཕ་ཆོས་གཡུང་དྲུང་བོན་ལུགས་འདི་གཅེས་འཛིན་གྱི་ཕྱིར་དུ་ད་ནི་གནའ་དང་ད་མི་འདྲ་བར། ཕ་དང་བུ་མི་གཅིག་པར་ད་ལྟའི་དུས་རབས་འདི་ནི་སྲིད་པའི་ཕ་ཆོས་གཡུང་དྲུང་གི་བོན་རིན་པོ་ཆེ་འདིའི་ངོ་སོ་འཛམ་བུ་གླིང་དུ་བསྟོད་ཆོག་པའི་དུས་ཚོད་ཅིག་དང་། མེས་པོའི་ཁྱད་ནོར་ཞང་བོད་ནང་བསྟན་རིག་གནས་གཟུར་གནས་མཁས་དགུས་བསྔགས་བཞིན་པའི་དུས་ཚིགས་ཤིག་ཡིན་ངེས་ན། ང་ཚོས་ཀྱང་ད་ནས་བཟུང་མུ་མཐུད་དུ་ས་ཡི་ཁ་ཐག་རིང་ཡང་། སེམས་ཀྱི་བར་ཐག་ཉེ་བར་བྱས་ཏེ་བོན་པོས་བོན་བཞིན་སྤྱོད་དགོས་པའི་གནས་ལུགས་འདི་རྟོགས་ཤིང་། བོན་བསྟན་ཚུལ་བཞིན་བཀུར་དགོས་པར་ངོས་ལེན་ཡོད་པར་བྱ་རྒྱུ་སོགས་ནི་གལ་ཆེན་དོན་ཆེན་ཡིན་ཚུལ་ཁྱབ་བསྒྲགས་གནད་བསྐུལ་བྱས་ཡོད།
    ད་ལན་ཁམས་ཁུལ་གྱི་བོན་དགོན་སོ་སོ་དང་མི་སྡེ་མང་པོས་ངེད་ཅག་སྟོན་འཁོར་ལྷན་རྒྱས་ལ་དགའ་བསུའི་སྣེ་ལེན་དང་འགོ་འདྲེན་ཆིབས་བསྒྱུར་སོགས་བྱ་བ་གང་ཐད་ནས་དགོན་སྡེ་ཆེ་ཆུང་མེད་པར་ཚང་མ་འདྲ་མཉམ་གྱི་དགའ་བའི་ཉམས་དང་དགོད་པའི་འཛུམ་གྱིས་བསུས་ཡོད་པར་བལྟས་ན་ནི། ངེད་ཅག་ཚང་མ་བསྟན་འགྲོའི་ཆེད་དུ་བསམ་བློ་གཅིག་སྒྲིལ་ཡིན་པ་མཚོན་ཐུབ་ལ། རང་ཅག་ཐམས་ཅད་ཀྱི་བསམ་བློའི་དམིགས་འདུན་འདྲ་མཉམ་ཡིན་པར་རྟོགས་ཐུབ་འདུག འོན་ཀྱང་སྤྱིར་བྱས་ན་རྒྱལ་སྤྱིའི་གཡུང་དྲུང་བོན་འཛིན་སྐྱོང་མཉམ་འབྲེལ་ལྷན་ཚོགས་ཀྱི་ངོས་ནས་བལྟས་རུང་ཆོག དེ་ལྟར་མིན་རུང་རང་ཉིད་ཀྱི་བླ་མ་ཞིག་གི་ཐོབ་ཐང་ཙམ་ངོམ་སྟེ་སོང་རུང་འགྲིགས་གང་ལྟར་འདི་འདྲའི་ཆེ་ཆེ་རྫིག་རྫིག་གི་ཉམས་ཀྱིས་མི་སེར་དང་དགོན་སྡེ་མང་པོར་དཀའ་ལས་ལ་གཏད་པའི་ཆིབས་བསྒྱུར་སྣེ་ལེན་ཞིག་གཏད་ནས་བྱ་དགོས་མེད་པར། འདི་འདྲའི་བྱ་བའི་མགོ་རྩོམ་པ་ནས་བཟུང་ས་ཁ་ཐག་ཅི་འདྲ་རིང་ཡང་། ལམ་བཟང་ངན་གང་ལ་འགྲོ་དགོས་ཀྱང་སེམས་བསམ་པའི་ཁོ་ཐག་གཏན་ནས་ཆད་པ་མེད་པར་འགྲོ་དགོས་པ་དང་། འགྲོ་ཐུབ་པ་ཞིག་བྱ་རྒྱུ་ནི་ང་ཚོའི་འོས་འགན་ཡིན་པ་རེད་ཅེས་སྣང་ཞིག་སྐྱབས་མགོན་མཆོག་གིས་དེ་ལྟར་དངོས་ཤུགས་བརྒྱུད་གསུམ་ནས་ཅི་འདྲ་གསུངས་རུང་། འབྲེལ་ཡོད་དགོན་སྡེ་མང་པོ་དང་མི་སེར་མང་པོ་བཀག་འགོག་གཏན་ནས་མ་ཐུབ་པར་འཕྲུལ་རྟ་དང་རླངས་འཁོར་དང་རྟ་བཅས་དང་དགོན་སྡེ་སོ་སོའི་བླ་མ་གྲྭ་ཚང་གིས་འཕེན་གདུགས་རོལ་གསུམ་སོགས་ཀྱིས་སྣེ་དྲངས་ཏེ་ཁྲི་འདོན་བྱ་བ་དང་ལྷ་དར་འཐེན་པ་མཇལ་ཁ་ཞུ་བ་སོགས་ཀྱི་བྱ་འགུལ་ཡང་རྒྱུན་མི་ཆད་པར་སྤེལ་ཡོད་པས་མ་ཚད། ཡུལ་དགོན་མང་པོས་གསོལ་བ་རྩེ་གཅིག་ཏུ་བཏབ་པ་ལྟར་བོན་འབྲེལ་ཡང་སོ་སོའི་ཁམས་དང་མོས་པ་ཅི་བཞིན་བཞག་སྟེ་གདུལ་བྱའི་རེ་འདུན་བསྐང་ཅི་ཐུབ་ལ་མི་འབད་ཐུ་མེད་བྱུང་ཡོད། སྣང་ཞིག་སྐྱབས་མགོན་མཆོག་གིས་ང་ཚོགས་པའི་ཚབ་མཚོན་རང་བཞིན་དུ་འོས་འགན་ཞིག་སྒྲུབ་ཏུ་ཡོང་བ་ལས། དབང་བསྐུར་བོན་གསུང་གི་བྱ་འགུལ་ཏེ་དཔེར་ན་རྒྱུ་ནོར་ལོངས་སྤྱོད་ཅིག་བསྡུ་ཆེད་དང་ཐོབ་དང་མངའ་ཐང་ཞིག་དར་བའི་སླད་དུ་ཡོང་བ་གཏན་ནས་མིན་པས་ཁྱེད་རྣམ་པས་འདི་འདྲའི་ཆིབས་བསྒྱུར་སྣེ་ལེན་ཞིག་མི་བྱ་རོགས་ཞེས་ཡང་ཡང་ནན་གྱིས་གསུངས་པ་ལན་གཅིག་མིན་པར་གལ་ཆེན་དོན་ཆེན་གྱིས་གསུངས་ན་ཡང་། དགོན་རུ་སྡེ་མང་པོས་དེ་ལྟར་ག་ལ་ཡིན་ད་ལན་གསེར་གྱི་ཕ་བོང་སྒོ་འདྲིལ་གྱི་དཔེ་བཞིན་ཡིན་པ་རང་ཅག་གི་བསོད་ནམས་ཡིན་པས། ད་ལན་ཁྱེད་མི་བསུ་ན་སུ་བསུ། ཁྱེད་ཚོགས་པའི་ངོས་ནས་ཕེབས་པ་མིན་རུང་ཁྱེད་ལྟ་བུའི་བླ་མ་རྩ་ཆེན་ཞིག་འདི་ལྟར་ཕེབས་ཐུབ་ན་བསུ་བ་སྣེ་ལེན་བྱ་རྒྱུ་ནི་ངེད་ཅག་གིས་ཅི་ལ་མི་ཐུབ། དགའ་བ་བརྒྱ་དང་སྤྲོ་བ་སྟོང་ཡིན་ལགས་དེ་འདྲ་མི་གསུངས་རོགས་ཞེས་མི་དམངས་མང་ཚོགས་ཀྱིས་དགའ་དད་མོས་གསུམ་གྱིས་བསུ་བ་མཛད་ཡོད་པར་མ་ཟད་ཕྱི་ནས་ཀྱང་འདི་ལྟར་ངེད་ཅག་ལ་བརྩེ་གཟིགས་མི་ཆུང་བའི་སྒོ་ནས་ཡང་ཡང་ཕེབས་པར་རེ་བསྐུལ་ཞུ་མཁན་གྲངས་ཀྱིས་མི་ལངས་པ་ཡོད་ལ། ཁོང་གིས་དགེ་སྒྲུབ་སྡིག་སྤང་གི་བོན་འཁོར་བསྐོར་པ་ལ་བརྟེན་ནས་བོན་དང་འཇིག་རྟེན་གང་ཐད་ནས་བལྟས་ཀྱང་མ་རབས་ཐ་ཆད་ཀྱི་བྱ་བར་གཏོགས་པའི་དུད་ཆང་ལ་རོལ་པ་དང་། གཞན་ནོར་བརྐུ་བ། སྲོག་གཅོད་པ་སོགས་ད་ནས་བཟུང་གཏན་ནས་མི་བྱ་བར་ཁས་ལེན་བྱེད་མཁན་གྱི་མི་གྲངས་སྟོང་ཕྲག་ལས་བརྒལ་ཡོད་ལ། དེ་བཞིན་དུ་ང་ཚོ་ལ་མཚོན་ན་སངས་རྒྱས་བསྟན་པའི་སོན་རྩ་ལྟ་བུ་གྱུར་འདུག་པའི་རབ་བྱུང་བཙུན་པ་དང་བཙུན་མའི་སྡེ་རུ་ཞུགས་མཁན་ཡང་སུམ་བརྒྱ་དང་ཉེར་བཞི་བྱུང་ཡོད། དགོན་སྡེ་སོ་སོས་མི་སྣ་མང་པོས་གསུང་རྒྱུར་ཁྱེད་བཀའ་དྲིན་ཆེ་མ་གཏོགས་དེང་སང་གི་དུས་འདི་ལ་གྲྭ་བ་བྱེད་མཁན་ནི་ཧ་ཅང་དཀོན་པོ་རེད། ང་ཚོས་འདི་ལྟར་གྲྭ་པ་རེ་བྱེད་རོགས་ཞེས་བསྐུལ་ན་ཡང་དང་ལེན་བྱེད་མཁན་ནི་མི་འདུག གྲྭ་པ་བྱ་མཁན་མེད་ན་ནི་དགོན་པ་སྐྱོང་མཁན་ཇེ་ཉུང་རེད། དགོན་པ་ན་སྡོད་མཁན་གྱི་གྲྭ་པ་མེད་ན་ནི་ད་སངས་རྒྱས་བསྟན་པ་ཟེར་བ་ཞིག་དར་དགོས་པ་དང་ཡང་ན་འཛིན་དགོས་ན་དཀའ་མོ་རེད་ལགས། ཡུལ་དགོན་མང་པོར་བོན་འབྲེལ་བཀའ་སློབ་གནང་བའི་ཕན་ཐོག་ད་ཅི་བཤད། ད་ལན་འདི་གཅིག་པུས་ཕན་ཐོག་གིས་ཆོག་གི་ངོ་མ་བཀའ་དྲིན་ཆེ་ཐལ། ཐུགས་རྗེ་ཆེ་ཐལ། ཕྱིན་ཆད་ཀྱང་འདི་འདྲའི་མཛད་འཕྲིན་མུ་མཐུད་དུ་བསྐྱང་རོགས་ཞེས་མང་པོ་ཞིག་གིས་མིག་ནས་མཆི་མ་འཐོར་བཞིན་ལག་པས་ཐལ་མོ་སྦྱར་ཏེ་དེ་ལྟར་ཞུ་མཁན་གྲངས་ཀྱིས་མི་ཆོད་པ་ཞིག་བྱུང་འདུག དེ་ལྟར་ངེད་ཅག་སྟོན་འཁོར་ལྷན་རྒྱས་ལམ་དུ་ཆས་པ་ནས་བཟུང་འཇིག་རྟེན་པའི་ཁ་དཔེ་ལ། རང་རྟ་སྒུར་ལུ་དང་། རང་བྲོ་ཁུག་མ་ཟེར་བའི་དཔེ་ལྟར་ལམ་གྱི་འགྲོ་གྲོན་དང་རླངས་འཁོར་གྱི་འགྲོ་སོང་སོགས་ཚང་མ་སྐྱབས་མགོན་ཚང་གིས་ཕུད་པ་ལས། གཞན་ཚོགས་པའི་ངོས་ནས་སྐར་གང་ཞོ་གང་གི་འགྲོ་སོང་ཡང་བཏང་མེད་པར་མ་ཟད། དགོན་སྡེ་གང་ལ་སོང་ན་དེ་གར་བཞུགས་པའི་དགེ་འདུན་པའི་ཞལ་གྲངས་ལྟར་ཁོང་གིས་སྒོར་སུམ་ཅུ་རེ་དང་། ཉིན་དེར་དམངས་ཚོགས་ཀྱིས་མཇལ་དར་དུ་ཕུལ་བའི་སྒོར་ཅི་ཙམ་འདུས་ན་དེ་ཙམ་དེ་དགོན་པ་དེ་ལ་གནང་བཞིན་གནང་བཞིན་སོང་བ་ལས། ཁ་ནས་བསྟན་དོན་བཤད་དེ་ལག་ལེན་རང་དོན་དུ་དམིགས་ནས་རྒྱུ་ནོར་བསྡུ་ལེན་གྱི་བྱ་འགུལ་སྤེལ་མེད་པར། སོང་ས་བསྡད་ས་གང་ཡིན་ན། ལམ་ཐག་རིང་ཐུང་ཅི་འདྲ་ཡིན་རུང་དཀའ་སྤྱད་འབད་བརྩོན་གྱིས་ངར་བ་དང་ལེན་བྱས་ཡོད་དེ། འགྲིམ་འགྲུལ་སྟབས་བདེ་མིན་ས་ནས་ཞབས་ཐང་དུ་བསྐྱོད་པ་ཡང་གྲངས་མང་ཞིང་། དེ་བཞིན་དུ་སྐྱབས་མགོན་ཚང་ལྟ་བུར་མཚོན་ན་སྐུ་ཚེ་གཅིག་གི་ལོ་རྒྱུས་ཀྱི་ཁྲོད་ན་བྱུང་མ་མྱོང་བར་ད་ལན་དགོས་དབང་ལ་བརྟེན་ནས་འཕྲུལ་རྟའི་འཕོང་ལ་འགོས་ཏེ་ཕེབས་ཡོད་ལ། ཉིན་གར་ལམ་བྲོ་བཞེས་ཞོར་དང་མཚན་མོར་གཉིད་བཅག་ཞོར་དུ་དུས་ཡུན་ཟླ་གཅིག་དང་ལྷག་གི་རིང་ལ་ངལ་བ་དང་ལེན་གྱི་སྒོ་ནས་ས་ཡི་ལེ་བར་སྟོང་ཕྲག་བཞི་དང་ལྔ་བརྒྱ་ལྷག་གི་བར་ཐག་ཏུ་སྐབས་བབས་ཕྲག་ཏུ་བཞེས་ཏེ་ཕེབས་ཡོད་པ་དང་། གྲུབ་འབྲས་ཀྱང་བལྟ་ཤེས་ན་རིག་ཐུབ་རྒྱུ་ཞིག་དང་། ཉན་ཤེས་ན་གོ་ཐུབ་རྒྱུ་ཞིག་འཇོག་ནུས་ཐལ་ཟེར་ན་མི་ཆོག་རྒྱུ་མེད་པར་ལྟ་བུར་གྱུར་ཡོད། སྤྱིར་ཡིན་རྒྱུ་ནི་ད་ལན་ཁམས་ཁུལ་བོན་གྱི་གཞིས་དགོན་ཚང་མར་རྒྱུས་ལོན་གྱི་བྱ་འགུལ་འདི་ཨེ་འགྲུབ་བལྟ་བརྩིས་ཡིན་མོད་ཀྱང་། རོང་བྲག་རྫོང་ལ་ལམ་ཆད་འདུག་པས་འགྲོ་ཐབས་མ་བྱུང་ལ། བརྒྱད་ཟུར་རྫོང་གི་བོན་གཞིས་མང་ཚོགས་གནས་སྐབས་སུ་འདུས་དཀའ་བའི་གནས་ཚུལ་ཡོད་པས་རྫོང་གཉིས་ཀྱི་མངའ་ཞབས་སུ་ཡོད་པའི་དགོན་སྡེ་ཉེར་གཉིས་ལ་བྱ་འགུལ་དེ་སྤེལ་རྒྱུ་གནས་སྐབས་སུ་ཕྱི་བསྣུར་བྱས་ཡོད་པའི་གསལ་བཤད་དང་ཐེངས་འདིར་བཀོད་པ་ལ་ནོར་བ་འཆུག་གསུམ་ཡོད་ན་བཟོད་གསོལ་དང་བཅས་རྒྱལ་སྤྱིའི་གཡུང་དྲུང་བོན་འཛིན་སྐྱོང་ལྷན་ཚོགས་ཀྱི་ངོས་ནས་བོན་གྱི་གཞིས་དགོན་མང་པོར་རྒྱུས་ལོན་རེ་བསྐུལ་བྱ་འགུལ་ཐེངས་དང་པོ་དེ་ཁམས་ཁུལ་དུ་སྤེལ་ཡོད་པའི་གནས་བསྡུས་འདི་ཚོགས་པ་དེའི་དྲུང་ཆེའི་མིང་ཙམ་འཛིན་པ་གདོང་བཙུན་རྒྱ་ཐར་གྱིས་རྒྱ་ནག་གི་གྲོང་ཁྱེར་ཆེན་པོ་ཁྲིན་ཏུའུ་རུ་སྤྱི་ལོ༢༠༡༤ལོའི་ཟླ༨ཚེས༢༦ལ་སྦྱར།

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།