དེ་ལས་མང་>>འཆད་ཁྲིད།

  • བོན་གྱི་ལོ་རྒྱུས་དང་དེའི་རིག་གཞུང་སྐོར་གྱི་བཅར་འདྲི།

    བོན་གྱི་ལོ་རྒྱུས་དང་དེའི་རིག་གཞུང་སྐོར་གྱི་བཅར་འདྲི།

    བོད་ལྗོངས་མི་དམངས་ཀུན་ཁྱབ་རླུང་འཕྲིན་ལས་ཁུངས་ཀྱི་༼བོད་ལྗོངས་བཤད་གྲྭ་༽ལེ་ཚན་གྱིས་བོད་རིག་པའི་མཁས་དབང་དོན་གྲུབ་ལྷ་རྒྱལ་ལགས་ལ་བོན་གྱི་ལོ་རྒྱུས་དང་དེའི་རིག་གཞུང་སྐོར་ལ་བཅར་འདྲི་གནང་བ།

  • ཟིང་ཆུ་ས་ཆའི་བོན་གྱི་རིག་གནས་སྐོར་གླེང་བ།

    ཟིང་ཆུ་ས་ཆའི་བོན་གྱི་རིག་གནས་སྐོར་གླེང་བ།

    གླེང་གཞི། ཟིང་ཆུ་ས་ཆའི་བོན་གྱི་རིག་གནས་སྐོར་གླེང་བ།
    གླེང་མོལ་བ། རིན་སྤུངས་ཚུལ་བསྟན།
    བཅར་འདྲི་བ། མདོ་འཛིན་པ་ལྷ་དཔལ།
    འཕྲིན་ལམ། ཨ་མདོ་བརྙན་འཕྲིན་ཁང་གི་གླེང་སྟེགས་ལེ་ཚན།
    དྲ་གནས། http://v.youku.com/v_show/id_XMTgxNTg1OTUxMg==.html#paction

  • མཁས་དབང་ཚེ་རིང་ཐར་ལགས་ལ་ཞང་ཞུང་སྐོར་ལ་བཅའ་འདྲི་གནང་བ།

    མཁས་དབང་ཚེ་རིང་ཐར་ལགས་ལ་ཞང་ཞུང་སྐོར་ལ་བཅའ་འདྲི་གནང་བ།

    ཞང་ཞུང་རིག་གནས་ནི་བོད་ཀྱི་རིག་གནས་ཏེ། བོད་རིག་གནས་ཀྱི་སྔ་རབས་ཀྱི་རྣམ་པ་དང་འབྱུང་རྩ་ཡིན།__བོད་རིག་པའི་ཆེད་མཁས་ཚེ་རིང་ཐར་ལགས་ནས།
    ང་ཚོའི་དྲ་ངོས་ནས་གཟིགས་མ་ཐུབ་ཚེར་གཤམ་གྱི་དྲ་གནས་སུ་ཕེབས་རོགས།http://www.iqiyi.com/v_19rrl59qdk.html?dummy=&wx_uid1=wxidoG0a9jnqbELf2ELSkzd1lBzCmnBc&wx_uid2=wxidoG0a9jioYykNBR5c5BSRyd5bBFv8

  • སྟོད་པོའི་བོན་རྒན་དང་གཏོ་ཆས་སྐོར་གླེང་བ།

    སྟོད་པོའི་བོན་རྒན་དང་གཏོ་ཆས་སྐོར་གླེང་བ།

    བོད་ལྗོངས་སློབ་གྲྭ་ཆེན་མོའི་དགེ་རྒན་ལྷ་བྱམས་ལགས་དང་སྟོད་པོའི་བོན་རྒན་དང་གཏོ་ཆས་སྐོར་གྱི་ཁ་བརྡ།

  • སྐྱབས་རྗེ་ཡོངས་འཛིན་རིན་པོ་ཆེའི་ལོ་སར་ཤིས་ཚིག

    སྐྱབས་རྗེ་ཡོངས་འཛིན་རིན་པོ་ཆེའི་ལོ་སར་ཤིས་ཚིག

    ༧སྐྱབས་རྗེ་ཡོངས་འཛིན་དཔོན་སློབ་རིན་པོ་ཆེས་གཤེན་གྱི་འབྱུང་ལྡན་༣༠༡གཅིག་ནང་ཚན་བོད་རབ་བྱུང་བཅུ་བདུན་པའི་ཤིང་ལུག་ལོའི་ལོ་སར་ལ་གནང་བའི་༼ བཀའ་སློབ་བྱིན་རླབས་མྱུར་འཇུག ༽ཞེས་པ་འདི་ཆེད་དུ་ངེད་༼ ཧི་མ་ལ་ཡའི་བོན་ ༽དྲ་བའི་འགན་འཛིན་པ་དག་གིས་རྒྱ་ཆེ་བའི་ཀློག་པ་པོ་ཡོངས་ལ་ལོ་སར་གྱི་འཚམས་འདྲིའི་ཆེད་དུ་ཐོག་མའི་ལེགས་སྐྱེས་སུ་ཕུལ་བ་ཡིན། ཞེས་༼ ཧི་མ་ལ་ཡའི་བོན་ ༽དྲ་བའི་འགན་འཛིན་པ་ཐུན་མོང་ནས།

  • སྐྱབས་རྗེ་རྒྱལ་བ་སྨན་རི་བའི་ལོ་སར་ཤིས་ཚིག

    སྐྱབས་རྗེ་རྒྱལ་བ་སྨན་རི་བའི་ལོ་སར་ཤིས་ཚིག

    ཞྭ་དཀར་བསྟན་པའི་གཙུག་གི་ཅོད་པན་༧ སྐྱབས་རྗེ་རྒྱལ་བ་སྨན་རི་བའི་ཁྲི་འཛིན་རིན་པོ་ཆེ་མཆོག་གིས་གཤེན་གྱི་འབྱུང་ལྡན་༣༠༡གཅིག་ནང་ཚན་བོད་རབ་བྱུང་བཅུ་བདུན་པའི་ཤིང་ལུག་ལོའི་ལོ་སར་ལ་གནང་བའི་༼ བཀའ་སློབ་བདུད་རྩིའི་ཐིགས་པ་༽ཞེས་པ་འདི་ཆེད་དུ་ངེད་༼ ཧི་མ་ལ་ཡའི་བོན་ ༽དྲ་བའི་འགན་འཛིན་པ་དག་གིས་རྒྱ་ཆེ་བའི་ཀློག་པ་པོ་ཡོངས་ལ་ལོ་སར་གྱི་འཚམས་འདྲིའི་ཆེད་དུ་ཐོག་མའི་ལེགས་སྐྱེས་སུ་ཕུལ་བ་ཡིན། ཞེས་༼ ཧི་མ་ལ་ཡའི་བོན་ ༽དྲ་བའི་འགན་འཛིན་པ་ཐུན་མོང་ནས།

  • ཉི་ཧོང་པ་ཞིག་གིས་བོད་རིག་པ་ལ་བཟུང་བའི་རེ་བ།

    ཉི་ཧོང་པ་ཞིག་གིས་བོད་རིག་པ་ལ་བཟུང་བའི་རེ་བ།

    བོད་རིག་པའི་ཞིབ་འཇུག་པ་ཉི་ཧོང་བ་གཡུང་དྲུང་ཕུན་ཚོགས་ལགས་ལ་མཚོ་སྔོན་བརྙན་ཁང་གིས་བཅར་འདྲི་བྱས་པ།

  • མཁན་པོ་ཚེ་རིང་གི་འཆད་ཁྲིད་བོད་སྐད་ཅན།

    མཁན་པོ་ཚེ་རིང་གི་འཆད་ཁྲིད་བོད་སྐད་ཅན།

    མཁན་པོ་ཚེ་རིང་ནོར་བུ་མཆོག་གིས་བོད་སྐད་ལམ་ནས་འཆད་ཁྲིད་སྣ་ཚོགས་གནང་བའི་སྐོར་འདིར་བསྡུས་ཡོད།

  • མཁན་པོ་ཚེ་རིང་གི་འཆད་ཁྲིད་རྒྱ་སྐད་ཅན།

    མཁན་པོ་ཚེ་རིང་གི་འཆད་ཁྲིད་རྒྱ་སྐད་ཅན།

    མཁན་པོ་ཚེ་རིང་ནོར་བུ་མཆོག་གིས་རྒྱ་སྐད་ལམ་ནས་འཆད་ཁྲིད་སྣ་ཚོགས་གནང་བའི་སྐོར་འདིར་བསྡུས་ཡོད།

དེ་ལས་མང་>>བརྙན་ཟློས།

  • བོན་གྱི་ལོ་རྒྱུས་ངོ་སྤྲོད་འགྲེམ་སྤེལ། ཁམས་པའི་བརྙན་འཕྲིན།

    བོན་གྱི་ལོ་རྒྱུས་ངོ་སྤྲོད་འགྲེམ་སྤེལ། ཁམས་པའི་བརྙན་འཕྲིན།

    དེ་ཡང་སྤྱི་༢༠༡༧ལོའི་ཟླ་བ་༤བའི་ཚེས་༩ཉིན་གཡུང་དྲུང་བོན་གྱི་མཉམ་འབྲེལ་ལྷན་ཚོགས་ཀྱི་དྲུང་ཡིག་ཁམས་བྲག་མགོ་གཞི་རིང་དགོན་པའི་མཁན་པོ་བོད་རྒྱ་སྐད་གཉིས་སྨྲ་བའི་ལོ་ཙཱ་བ་མཁན་པོ་ཚེ་རིང་ནོར་བུ་མཆོག་གིས་རྒྱ་ཡིག་ལམ་ནས་བྲིས་པའི་དེབ་གསར་《བོན་གྱི་ལོ་རྒྱུས་ངོ་སྤྲོད》འགྲེམ་སྤེལ་དང་བོན་གྱི་རིག་གནས་བགྲོ་གླེང་གི་འཚོགས་འདུ་ལྷོ་ནུབ་མི་རིགས་སློབ་ཆེན་གྱི་མགྲོན་ཁང་ཆེན་མོར་ཁྲིན་ཏུའུ་གྲངས་ཉུང་མི་རིགས་རིག་གནས་ཞབས་ཞུ་ལྟེ་གནས་དང་མཉམ་འབྲེལ་དུ་འཚོགས་སྐབས་ཀྱི་གནས་ཚུལ་ཁམས་པའི་བརྙན་འཕྲིན་གསར་འགྱུར་དུ་བསྟན་པ།

  • སྐྱབས་རྗེ་སྨན་རིའི་མཁན་སློབ་རྣམ་གཉིས་ཀྱི་ལོ་སར་ཤིས་སྨོན།

    སྐྱབས་རྗེ་སྨན་རིའི་མཁན་སློབ་རྣམ་གཉིས་ཀྱི་ལོ་སར་ཤིས་སྨོན།

    ༄༅། །སྐྱབས་རྗེ་རྒྱལ་བ་སྨན་རིའི་ཁྲི་འཛིན་༣༣པ་ལུང་རྟོགས་བསྟན་པའི་ཉི་མ་རིན་པོ་ཆེ་མཆོག་དང་སྐྱབས་རྗེ་སྨན་རིའི་ཡོངས་འཛིན་དཔོན་སློབ་བསྟན་འཛིན་རྣམ་དག་རིན་པོ་ཆེ་རྣམ་གཉིས་ཀྱིས་གནང་བའི་གཤེན་གྱི་འབྱུང་ལྡན་༣༠༡ནང་ཚན་བོད་རབ་བྱུང་བཅུ་བདུན་པའི་མེ་མོ་བྱའི་ལོའི་གནམ་ལོ་གསར་ཚེས་ལ་གནང་བའི་ཐུགས་སྨོན་གསེར་གྱི་ཐིགས་པ།

  • ཞང་ཞུང་སྒོ་པའི་ལྟེ་གནས་ཤེལ་ལེ་རྒྱ་སྐར་གླིང་གི་དངོས་བྱུང་ལེའུ་ཚན།

    ཞང་ཞུང་སྒོ་པའི་ལྟེ་གནས་ཤེལ་ལེ་རྒྱ་སྐར་གླིང་གི་དངོས་བྱུང་ལེའུ་ཚན།

    རྩེ་དྲུག་དགོན་ནི། ཞང་ཞུང་སྒོ་ཕུག་བར་གསུམ་གྱི་ནང་ཚན་སྒོ་ཕྱི་མའི་ལྟེ་བ་སུམ་པ་གླང་གི་གྱིམ་ཤོད་ཁྱུང་པོ་རི་རྩེ་དྲུག་ཞེས་པ་དེ་ཉིད་ཡིན་ལ། སྔར་བོད་རྒྱལ་མུ་ཁྲི་བཙན་པོས་ཞང་བོད་ཀྱི་ཡུལ་དུ་འདུ་གནས་སོ་བདུན་ཕྱག་བཏབ་པའི་ནང་ཚན་སྒོ་པ་ཤེལ་ལེ་རྒྱ་སྐར་ཞེས་ཡོངས་སུ་གྲགས་པ་དེ་ཉིད་ཀྱང་ཡིན་ཞིང་། ད་བར་མ་མཐའ་ཡང་མི་ལོ་སུམ་སྟོང་ལྷག་གི་ལོ་རྒྱུས་ལྡན་པ་མ་ཟད་གནའ་རབས་ནས་བཟུང་ཞང་བོད་ཀྱི་རྒྱལ་རབས་རིམ་བྱུང་དང་མཐོ་སྒང་འགྲོ་བ་ཡོངས་ཀྱིས་ཐུན་མོང་ཐོག་དད་གུས་དང་མཆོད་བསྟོད་སོགས་ཕྱག་སྐོར་ཉམས་ལེན་དང་དགེ་སྒྲུབ་སྡིག་སྤང་བྱེད་ཡུལ་གནས་མཆོག་ཁྱད་པར་ཅན་ཞིག་ཏུ་ངོས་འཛིན་བྱས་ཤིང་གནས་དགོན་འདི་ཉིད་ལ་བརྟེན་ནས་མཁས་ཤིང་གྲུབ་པ་ཐོབ་པའི་ལོ་རྒྱུས་དང་རྣམ་ཐར་ཡང་བརྗོད་ལས་འདས།

  • གནའ་དེང་རིག་གནས་འཛིན་སྐྱོང་སྤེལ་གསུམ་བྱེད་པའི་རིག་པའི་དེད་དཔོན།

    གནའ་དེང་རིག་གནས་འཛིན་སྐྱོང་སྤེལ་གསུམ་བྱེད་པའི་རིག་པའི་དེད་དཔོན།

    ཁམས་པའི་བརྙན་འཕྲིན་ཁང་གི་༼འཆི་མེད་གླེང་མོལ་༽ཞེས་པའི་ལེ་ཚན་གྱིས་ཀྲུང་དབྱང་མི་རིགས་སློབ་ཆེན་གྱི་བོད་རིག་པ་གླིང་གི་གླིང་གཙོ་མཁས་དབང་སྟོང་སྐོར་ཚེ་རིང་ཐར་ལགས་ལ་༼གནའ་དེང་རིག་གནས་འཛིན་སྐྱོང་སྤེལ་གསུམ་བྱེད་པའི་རིག་པའི་དེད་དཔོན༽ཞེས་པའི་བརྗོད་གཞིར་བཟུང་སྟེ་དུས་རབས་བདུན་པའི་ཡར་སྔོན་གྱི་ཞང་ཞུང་གི་ཤེས་རིག་དང་བོད་རིག་པའི་སྐོར་ལ་བཅར་འདྲི་གནང་བ།
    ཁམས་པའི་བརྙན་འཕྲིན་དྲ་བ།http://tb.kangbatv.com/KBTV2014_WSJM/KBTV2014_QMSJ/201607/t20160727_2877033.html

  • ༧རྒྱལ་བ་སྨན་རི་བ་མཆོག་སྨན་རིའི་གླིང་དུ་ཞབས་སོར་བཀོད་པའི་བརྙན་བསྡུས།

    ༧རྒྱལ་བ་སྨན་རི་བ་མཆོག་སྨན་རིའི་གླིང་དུ་ཞབས་སོར་བཀོད་པའི་བརྙན་བསྡུས།

    ༧རྒྱལ་བ་སྨན་རིའི་ཁྲི་འཛིན་རིན་པོ་ཆེ་མཆོག་ཕྱིར་༧བོན་གྱི་གདན་ས་ཆེན་མོ་སྨན་རིའི་གླིང་དུ་ཞབས་སོར་བཀོད་གནང་བ།

    ཞྭ་དཀར་བསྟན་པའི་གཙུག་རྒྱན་གསང་གསུམ་བོན་གྱི་མཛོད་འཛིན་གཡུང་དྲུང་བོན་གྱི་བླ་ཆེན་༧སྐྱབས་རྗེ་༧རྒྱལ་བ་སྨན་རིའི་ཁྲི་འཛིན་རིན་པོ་ཆེ་མཆོག་བོད་མེ་སྤྲེལ་ལོའི་ཟླ་བ་དྲུག་པའི་ཚེས་ལྔ་རེས་གཟའ་ཉི་མ་ཉིན་སྟེ། ཕྱི་ལོ་༢༠༡༦ཟླ་བ་༠༨ཚེས་༠༧ཉིན་རྒྱ་གར་བྱང་ཕྱོགས་ཧི་མ་ཅལ་དུ་གཞིས་ཆགས་པའི་བོན་གཞིས་ཐོབ་རྒྱལ་གསར་པ༧གཡུང་དྲུང་བོན་གྱི་གདན་ས་ཆེན་མོ་༧དཔལ་གཤེན་བསྟན་སྨན་རིའི་གླིང་དུ་བདེ་འཚམས་ངང་ཆིབས་ཕེབས་གནང་བ།
    དེ་ཡང་ཕྱི་ལོ་༢༠༡༦ཟླ་༠༨ཚེས་༥ཉིན་གྱི་ཕྱི་དྲོའི་ཆུ་ཚོད་གསུམ་པ་ཙམ་ལ་ཨ་རིའི་ནེའུ་ཡོག་ནས་༧ཁྲི་འཛིན་རིན་པོ་ཆེ་མཆོག་དང་སྐུ་ཡི་ཞབས་འཁོར་ཨ་རིའི་བོན་གཤེན་གླིང་གི་དབུ་འཛིན་སྐྱོང་སྤྲུལ་དགེ་བཤེས་བསྟན་འཛིན་རྣམ་རྒྱལ་རིན་པོ་ཆེ་མཆོག་དང་མཁན་པོ་བསྟན་འཛིན་དར་རྒྱས་དང་བཅས་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་གནམ་ཐང་ལ་ཞབས་སོར་འཁོད། དེར་དབུས་གཡུང་དྲུང་བོན་འཛིན་སྐྱོང་ལྷན་ཚོགས་ཀྱི་དྲུང་ཆེ་དགེ་བཤེས་ཟླ་བ་དར་རྒྱས་མཆོག་དང་། སྨན་རིའི་མགྲོན་གཉེར་དགེ་བཤེས་ཚུལ་ཁྲིམས་བློ་ལྡན་ནམ་སྙན་གྲགས་ལགས། སྨན་རིའི་གྲྭ་ཚང་གི་གཉེར་པ་ཨ་ཀྲོང་རིན་ཆེན་རྒྱལ་མཚན་ལགས། སྨན་རིའི་བླ་བྲང་གི་སྐུའི་ཞབས་ཞུ་པ་ཆེན་མོ་དགེ་སློང་སངས་རྒྱས་རྒྱ་མཚོ་ལགས་སོགས་གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་སྡེ་ཁག་གི་མི་སྣ་མང་པོ་ཕེབས་བསུར་བཅར་ཡོད་པ་དང་།
    ཕྱི་ཚེས་༦ཉིན་གྱི་ཕྱི་དྲོའི་ཆུ་ཚོད་༡།༣༠ཙམ་ལ་༧སྨན་རིའི་ཁྲི་འཛིན་རིན་པོ་ཆེ་མཆོག་རྒྱལ་ས་ལྡི་ལི་ནས་མཁའ་ལམ་བརྒྱུད་དེ་གྲོང་ཁྱེར་ཅན་ངྷི་གྷར་(Chandigarh)ལ་ཞབས་སོར་འཁོད་ཡོད་པ་དང་། ཅན་ངྷི་གྷར་རྒྱལ་སྤྱིའི་གནམ་ཐང་ལ་༧སྨན་རིའི་དཔོན་སློབ་ཡང་སྟོན་འཕྲིན་ལས་ཉི་མ་རིན་པོ་ཆེ་མཆོག་དང་། སྐུ་ངོ་བྱ་དུར་བསོད་ནམས་བཟང་པོ་མཆོག གཡུང་དྲུང་བོན་གྱི་སྤྱི་འཐུས་སྐུ་ངོ་བ་ར་ཚེ་དབང་བཀྲ་ཤིས་ལགས། དབུས་གཡུང་དྲུང་བོན་འཛིན་སྐྱོང་ལྷན་ཚོགས་ཀྱི་དྲུང་ཆེ་དགེ་བཤེས་ཟླ་བ་དར་རྒྱས་མཆོག བོན་གཞིས་ཐོབ་རྒྱལ་གསར་པའི་གཞིས་འགོ་བློ་ལྡན་ཉི་མ་མཆོག བོན་གཞིས་ས་གནས་རང་བདེན་ཚོགས་ཆུང་གི་ཚོགས་གཙོ་བློ་བཟང་རྒྱ་མཚོ་ལགས། སྨན་རིའི་བཤད་སྒྲུབ་འདུས་སྡེའི་ཚོགས་གཙོ་ཤེས་རབ་རྣམ་རྒྱལ་ལགས། སྨན་རིའི་མགྲོན་གཉེར་དགེ་བཤེས་ཚུལ་ཁྲིམས་བློ་ལྡན་ནམ་སྙན་གྲགས་ལགས་དང་སྨན་རིའི་དགེ་བཤེས་ཟླ་བ་རྣམ་རྒྱལ་ལགས། སྨན་རིའི་དངུལ་གཉེར་དགེ་བཤེས་ཚེ་དབང་དངོས་གྲུབ་ལགས། སྨན་རིའི་གཉེར་པ་ཟུར་པ་ཚ་ཚ་བླ་མ་རིན་ཆེན་རྒྱལ་མཚན་ལགས། བོན་བུ་ཁྱིམ་ཁང་གི་དྲུང་ཆེ་ཕུན་ཚོགས་དར་རྒྱས་ལགས། བོན་གཞིས་ས་གནས་གཞོན་ནུ་ལས་བྱེད་ཚེ་དབང་ལྷ་རྒྱལ་ལགས་དང་ཆོས་བཟང་ལགས། འདི་ག་གཡུང་དྲུང་བོན་དྲྭ་ཚིགས་ཁང་གི་འགན་འཛིན་ཁྲི་གཡུང་དྲུང་དང་། གྲོང་ཁྱེར་ཅན་ངྷི་གྷར་(Chandigarh)མཐོ་སློབ་ཀྱི་སློབ་ཕྲུག་ཉི་ཤུ་ལྷག་བཅས་སེར་སྐྱ་མང་པོ་ཕེབས་བསུར་བཅར་ཡོད།
    ཕྱི་ཚེས་༧ཉིན་གྱི་ཞོགས་པའི་ཆུ་ཚོད་༩།༣༠ཙམ་གྱི་ཐོག་ཅན་ངྷི་གྷར་(Chandigarh)ནས་ཆིབས་འཁོར་ལ་བཞུགས་ནས་ཕེབས། ས་གནས་ཨོ་ཆི་གྷར་(Oachghat)ནས་ས་གནས་དེའི་མང་ཚོགས་ཀྱིས་ལྷ་བསང་བཏང་། དར་ཁ་འབུལ་བཞིན་ཕེབས་བསུ་གནང་། ས་གནས་དེར་བཞུགས་གུར་ཕུབ་ནས་གསོལ་ཇ་ཕུལ། ཆུ་ཚོད་ཕྱེད་ཀ་ཙམ་ལ་སྐུ་ངལ་གསོ་གནང་ཞིང་ས་གནས་དེའི་མི་མང་ལ་མཇལ་ཁ་གནང་། ས་གནས་ཨོ་ཆི་གྷར་(Oachghat)ནས་ཚོགས་སྡེ་དང་མི་སྒེར་ཁག་གི་རླངས་འཁོར་དང་འཕྲུལ་རྟའི་བསྟར་འཕྲེང་བསྒྲིགས་ནས་ཕེབས་བསུ་ཞུས། བོན་གཞིས་ཐོབ་རྒྱལ་གསར་པའི་ལ་མགོ་ལ་བོན་གཞིས་མི་མང་དང་ཉིན་སློབ་ཀྱི་སློབ་སྤྱི་དང་དགེ་སློབ་མང་པོས་རྔ་རོལ་གྱིས་བསུ་མ་ཞུས་ཤིང་། དེ་ནས་གསོ་རིག་འབུམ་བཞིའི་མཐོ་སློབ་ཀྱི་སྒོ་འགྲམ་ལ་དགེ་སློབ་མང་པོས་ལྷ་བསང་གཏོང་ཞིང་ཕེབས་བསུ་ཞུས། དེ་ནས་སྨན་རིའི་གྲྭ་ཚང་སྒོ་ཆེན་འགྲམ་ལ་བཤད་སྒྲུབ་མཁན་སློབ་གཉིས་དབུས་པའི་དགེ་བཤེས་སྨོན་ལམ་མཐར་ཕྱིན་སོགས་དང་། དེ་ནས་དགེ་འདུན་མང་ཚོགས་དང་བཙུན་མ་ཡོངས་ཀྱིས་རྔ་རོལ་དུང་གསུམ་གྱི་མཆོད་པ་འབུལ་བཞིན། བོན་གཞིས་ཐོབ་རྒྱལ་གསར་པའི་སེར་སྐྱ་མི་མང་གིས་ཕེབས་ལམ་གཡས་གཡོན་དུ་བང་སྒྲིག་སྟེ་བདུག་སྤོས་དང་བསང་གསོལ་གཏོང་བཞིན། ཁ་བཏགས་སོགས་ཀྱིས་དགའ་བསུའི་ཁྲོད་དུ་རང་དགོན་དཔལ་གཤེན་བསྟན་སྨན་རིའི་གླིང་གི་ཚོགས་ཁང་ཆེན་མོའི་སྒོ་ཁྱམས་ལ་ཞབས་སོར་བདེ་བར་བཀོད། དེ་ནས་དམིགས་བསལ་གྱིས་གྲྭ་ཚང་འདུས་མང་གིས་གཤེན་རབ་མཆོད་རྔ་བརྡུང་སྟེ་མཆོད་བསུ་ཞུས་ཤིང་ཚོགས་ཁང་ལ་གདན་འདྲེན་ཞུས་ནས་རྒྱལ་བ་སྨན་རིའི་གསེར་ཁྲི་ལ་མངའ་གསོལ་མཛད། དེ་ནས་སྨན་རིའི་དཔོན་སློབ་རིན་པོ་ཆེ་ནས་མཎྚལ་སྐུ་གསུང་ཐུགས་རྟེན་འདེགས་འབུལ་ཞུས་ཞིང་བོན་གཞིས་སེར་སྐྱ་མང་ཚོགས་དང་སློབ་ཕྲུག་ཡོངས་ལ་མཇལ་ཁ་གནང་། མཇལ་ཁ་སོགས་ཡོངས་སུ་གྲུབ་ནས་སྨན་རིའི་བླ་བྲང་གཟིམ་ཆུང་ལ་ཆིབས་བསྒྱུར་གནང་སྟེ་ཐུགས་ངལ་གསོ་གནང་བཞིན་བཞུགས་ཡོད་པ་བཅས་སོ། །
    ༧སྐྱབས་རྗེ་༧རྒྱལ་བ་སྨན་རིའི་ཁྲི་འཛིན་རིན་པོ་ཆེ་མཆོག་འདི་ལོ་༢༠༡༦ཟླ་གཉིས་པའི་ནང་ཨ་རིའི་བོན་གཤེན་གླིང་གིས་གདན་ཞུས་ཀྱིས་ཨ་རི་ལ་སྨན་བཅོས་དང་སྐུའི་ངལ་གསོ་བཅས་ཀྱི་ཆེད་དུ་ཕེབས་ཏེ། ད་བར་གྱི་ཟླ་དྲུག་ཙམ་རིང་ལ་སྐུའི་སྨན་བཅོས་གནང་བ་ལེགས་འགྲུབ་བྱུང་བ་མ་ཟད་བོན་ཕྱོགས་ཀྱི་མཛད་འཕྲིན་ཁག་ཅིག་བསྐྱངས་ཡོད།
    ཐོག་མར་ཨ་རིའི་བོན་གཤེན་གླིང་གི་དབུ་འཛིན་སྐྱོང་སྤྲུལ་དགེ་བཤེས་བསྟན་འཛིན་རྣམ་རྒྱལ་རིན་པོ་ཆེ་མཆོག་གི་ཐུགས་འགན་འོག་བོན་གཤེན་གླིང་ནས་སྨན་སྦྱོར་འཕྲོད་བསྟེན་ཆེད་གདན་འདྲེན་ཞུས་དོན་ལྟར་སྐབས་དེར་ཕེབས་པ་ནས་བཟུང་སྨན་བཅོས་ཡག་པོ་བྱུང་ནས་སྐུ་ཁམས་གསལ་དྭངས་ཆགས་ཡོད་པ་དངོས་ཡོད་གནས་ཚུལ་ལྟར་ཡིན། དེ་ཡང་བོད་ཕྱི་ནང་གཉིས་སུ་བཞུགས་པའི་གཡུང་དྲུང་བོན་གྱི་བླ་སྤྲུལ་དགེ་བཤེས་གྲྭ་བཙུན་ཇོ་སྔགས་དང་བཅས་པའི་ལྷ་སྡེ་མི་སྡེ་ཡོངས་ནས་མཆོག་གསུམ་དམ་ཅན་རྒྱ་མཚོ་ལ་གསོལ་འདེབས་འཕྲིན་བཅོལ་དང་། ཡི་དམ་ཕྱི་ནང་གསུམ་གྱི་བསྙེན་སྒྲུབ། སྲིད་རྒྱལ་སྲུང་མའི་འབུམ་ཚོགས། སྐུ་ཕྱྭའི་གེགས་སེལ་ཞབས་རིམ་ཚཱ་ཚཱ་ཉེའུ་འདོན་ལ་སོགས་ཞབས་རིམ་རྒྱ་ཆེར་བགྱིས་པའི་ནུས་མཐུ་དང་ལས་སྨོན་དམ་ཚིག་བཟང་པོའི་རྒྱུ་རྐྱེན་ལས། དུས་ཐོག་ཏུ་ཆེས་མཐོའི་སྨན་སྦྱོར་མཐུན་རྐྱེན་སྦྱར་བ་སོགས་ཀྱིས་བློ་ཡུལ་ལས་འདས་པའི་སྐུ་གཟུགས་ལ་གྲུབ་འབྲས་ཁྱད་དུ་འཕགས་པ་ཐོན་ཡོད་པ་མངོན་གསལ་དོད་པོ་ཡིན།
    ཕྱི་ལོ་༢༠༡༦ལོའི་ཟླ་༥ཚེས་༢༧ནས་༣༠བར་ཨ་རིའི་ནེའུ་ཡོག་ཁུལ་དུ་རྟེན་གཞི་བྱས་པའི་བོན་གྱི་ཚོགས་སྡེ་བོན་གཤེན་གླིང་གིས་གོ་སྒྲིག་འོག་༧སྐྱབས་རྗེ་རྒྱལ་བ་སྨན་རི་བའི་ཁྲི་འཛིན་མཆོག་གིས་དད་ལྡན་བོན་འབངས་ཁག་ཅིག་ལ་དགོངས་མཛོད་རི་ཁྲོད་ཆེན་པོས་མཛད་པའི་ཟབ་མོ་གནད་ཀྱི་གདམས་པ་རྫོགས་ཆེན་ཨ་ཁྲིད་ཀྱི་ཁྲིད་ལུང་རྒྱས་པ་དང་རིག་འཛིན་ཚེ་ཡི་རྒྱལ་པོའི་བཀའ་དབང་བཀའ་དྲིན་བསྩལ་གནང་ཡོད་པ་དང་། ཕྱི་ལོ་༢༠༡༦ལོའི་ཟླ་༧ཚེས་༣༠ཉིན་ཨ་རིའི་ནིའུ་ཡོག་ཏུ་བོན་གཤེན་གླིང་གིས་གོ་སྒྲིག་འོག་སྐུའི་འཁྲུངས་སྐར་མཛད་སྒོ་རྒྱས་པ་བསྡུས་གནང་ཡོད་པ་དང་། མཛད་སྒོ་ལ་དད་ལྡན་བོད་རིགས་དང་བོད་རིགས་མ་ཡིན་པའི་ཕྱི་གླིང་སློབ་ཚོགས་སོགས་སྟོང་ཕྲག་ལས་བརྒལ་བ་འདུས་གནང་ཡོད་པ་བཅས་ཀྱི་མཛད་བསྡུས་ཙམ་མོ།།
    གནས་ཚུལ«གཡུང་དྲུང་བོན་དྲ་ཚིགས»ལས་དྲངས།

  • གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་ཐེངས་གསུམ་པ།

    གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་ཐེངས་གསུམ་པ།

    ཐེངས་གསུམ་པའི་གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚོགས་ཆེན་འཚོགས་སྐབས་ཀྱི་ངོ་སྤྲོད་གནད་བསྡུས།

  • རྒྱལ་སྤྱིའི་ཞང་ཞུང་རིག་གནས་དཔྱད་གླེང་ཚོགས་འདུའི་གསར་འགྱུར།

    རྒྱལ་སྤྱིའི་ཞང་ཞུང་རིག་གནས་དཔྱད་གླེང་ཚོགས་འདུའི་གསར་འགྱུར།

    ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོ་དང་བོད་རང་སྐྱོང་ལྗོངས་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་གཉིས་ཀྱིས་མཉམ་འབྲེལ་ཐོག་གཙོ་གཉེར་གནང་ཞིང་། སི་ཁྲོན་སློབ་ཆེན་དང་པེ་ཅིང་ཞང་ཞུང་རིག་གནས་གོང་སྤེལ་ཚད་ཡོད་ཀུང་སིས་རོགས་གཉེར་བྱས་པའི་ཀྲུང་གོའི་རྒྱལ་སྤྱིའི་ཞང་ཞུང་རིག་གཞུང་དཔྱད་གླེང་ཚོགས་འདུ་སྐབས་དང་པོ་དེ་སྤྱི་ཟླ་9ཚེས་19ཉིན་ནས་ཚེས་21ཉིན་བར་པེ་ཅིང་དུ་འཚོགས་པ་དང་། ཚོགས་ཐོག་ཏུ་ཀྲུང་གོའི་འབྲེལ་ཡོད་ཞིབ་འཇུག་པ་ཞུགས་རྒྱུ་མ་ཟད། ད་དུང་ཨ་རི་དང་། ཧྥ་རན་སི། དབྱི་ཐ་ལི། ཁ་ན་ཏ། ཧོ་ལན། ལྗར་པན་སོགས་ཕྱིའི་རྒྱལ་ཁབ་ཁག་གི་འབྲེལ་ཡོད་མཁས་པ་མང་པོ་ཞུགས་པ་རེད། དཔྱད་གླེང་ཚོགས་འདུའི་ཐོག་ཞང་ཞུང་དང་འབྲེལ་བའི་ལོ་རྒྱུས་དང་ཆོས་ལུགས། གནའ་རྫས་རྟོག་ཞིབ་དང་སྒྱུ་རྩལ། སྐད་ཡིག་དང་རིག་གནས། རང་བྱུང་ཚན་རིག་དང་ཞང་ཞུང་དང་ཨེ་ཤ་ཡའི་རིག་གནས་བརྗེ་སྤེལ་སོགས་ཀྱི་སྐོར་ལ་དཔྱད་གླེང་གནང་། གནས་ཚུལ་དེའི་སྐོར་ལ་ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་ཀྱི་འཕྲིན་ལམ་བཅུ་གསུམ་པའི་ནང་ལ་བསྟན་པ་རེད།

  • ཐེ་བོ་ཁོག་གི་ཆོས་རྒྱུད་གྲུབ་མཐའ་ཁག་གླེང་བ།

    ཐེ་བོ་ཁོག་གི་ཆོས་རྒྱུད་གྲུབ་མཐའ་ཁག་གླེང་བ།

    ཐེ་བོ་ཁོག་གི་ཆོས་རྒྱུད་གྲུབ་མཐའ་ཁག་ལས་བོན་དགོན་སྐོར་གྱི་ལོ་རྒྱུས་གནས་བབས་ལ་བཅར་འདྲི།

  • རྒྱལ་བ་སྨན་རི་བ་མཉམ་མེད་ཆེན་པོའི་འཁྲུངས་གནས།

    རྒྱལ་བ་སྨན་རི་བ་མཉམ་མེད་ཆེན་པོའི་འཁྲུངས་གནས།

    ཉེ་ཆར་ཀྲུང་དབྱང་རྒྱལ་སྤྱིའི་གསར་འགྱུར་བརྙན་ལམ། ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་ཀྱི་འཕྲིན་ལམ་བཞི་བར་༧རྒྱལ་བ་སྨན་རི་བ་མཉམ་མེད་ཆེན་པོའི་འཁྲུངས་གནས་ཀྱི་སྐོར་ལ་ལེ་ཚན་ཐུང་ངུ་ཞིག་སྤེལ་འདུག་པས། འདིར་རྒྱ་ཆེ་བའི་གྲོགས་པོ་རྣམས་ལ་གཟིགས་རྟེན་དུ་ཕུལ་བ་ལགས།

དེ་ལས་མང་>>གཞས་དབྱངས།

  • ཨ་མདོ་ཤར་ཁོག ༼ རྡུང་ལེན། ༽

    ཨ་མདོ་ཤར་ཁོག ༼ རྡུང་ལེན། ༽

    ༼ ༢༠༡༣ལོར་གཡུང་དྲུང་བོན་གྱི་འདུས་སྡེ་ཆེན་མོ་༧དགའ་མལ་དགོན་ཆེན་དུ་གཡུང་དྲུང་བོན་དང་འབྲེལ་བའི་ཚོགས་ཆེན་གསུམ་ལྷན་འཚོགས་ཀྱི་ཆེད་བསྒྲིགས་(གཤེན་བསྟན་འོད་སྣང་)ལས་བཤུས་པའི་གླུ་གཞས་བདམས་བཀོད། ༽

    ཨ་མདོ་ཤར་ཁོག
    ཚིག མཁར་རྨེའུ་བསམ་གཏན་རྒྱལ་མཚན།
    དབྱངས། གྲགས་བྷེ།
    ལེན་མཁན། རྔ་ལྗོངས་ཁུ་བྱུག་སྔོན་མོ་གྲགས་བྷེ།

    བྱང་གི་བྱ་དུར་སྔོན་མོ། །
    གནས་ཆེན་མཁའ་འགྲོ་འུག་གདོང་། །
    དལ་འགྲོ་ཟིང་ཆུ་ནགས་རིང་། །
    གསང་མཆོག་མ་རྒྱུད་སྒྲུབ་གནས། །

    གཡུང་དྲུང་ཁ་ཡི་རི་ཁྲོད། །
    བརྗིད་ལྡན་དགའ་མལ་དགོན་ཆེན། །
    སེམས་དཔའ་རྒྱ་མཚོའི་འདུས་སྡེ། །
    ཡིད་ལ་འཛུམ་མེར་ཤར་སོང་། །

    ཤར་གྱི་དུང་རི་དཀར་པོ། །
    ཡིད་འོང་གསེར་མཚོས་བསྐོར་འདུག། །
    མཛེས་ལྡན་རི་མཚོ་འདི་གཉིས། །
    དགེ་ལེགས་ཕུར་བའི་བྱིན་ཅན། །

    ཡུལ་ལྗོངས་ཨ་མདོ་ཤར་ཁོག
    སྟག་ཤར་བུ་དང་བུ་མོས། །
    རང་ལྗོངས་ཁོར་ཡུག་སྲུང་སྐྱོབ། །
    ནམ་ཡང་བརྗེད་པར་སྲིད་དམ། །

  • རླབས་ཆེ་བའི་ཚོགས་ཆེན་ལ་བསྟོད་པ། ༼གཞས།༽

    རླབས་ཆེ་བའི་ཚོགས་ཆེན་ལ་བསྟོད་པ། ༼གཞས།༽

    ༼ ༢༠༡༣ལོར་གཡུང་དྲུང་བོན་གྱི་འདུས་སྡེ་ཆེན་མོ་༧དགའ་མལ་དགོན་ཆེན་དུ་གཡུང་དྲུང་བོན་དང་འབྲེལ་བའི་ཚོགས་ཆེན་གསུམ་ལྷན་འཚོགས་ཀྱི་ཆེད་བསྒྲིགས་(གཤེན་བསྟན་འོད་སྣང་)ལས་བཤུས་པའི་གླུ་གཞས་བདམས་བཀོད། ༽
    རླབས་ཆེ་བའི་ཚོགས་ཆེན་ལ་བསྟོད་པ།
    ཚིག སློབ་དཔོན་ཤེས་རབ་ལྷུན་གྲུབ།
    དབྱངས། སྐལ་བཟང་བསྟན་འཛིན།
    ལེན་མཁན། བོད་ཀྱི་གློག་བརྙན་འཁྲབ་སྟོན་མ་གྲགས་ཅན། བདེ་སྐྱིད།
    སྒྲིག་སྦྱོར་མཁན། རྔ་བཟའ་ནོར་བུ། རིན་སྤུངས་ཚུལ་བསྟན།

    གཡས་རུའི་མཁས་གྲུབ་སྟོང་གི། །
    འཆད་རྩོད་བོན་དབྱངས་ལྡིར་བའི། །
    བྱ་དུར་དགའ་མལ་དགོན་ཆེན། །
    ཚད་གསུམ་རྩོད་གྲྭ་ཆེན་མོ། །

    ཟབ་གསལ་གསུང་གི་མན་ངག །
    སྣོད་ལྡན་བུ་ལ་སྦྱིན་པའི། །
    དགེ་བའི་བཤེས་གཉེན་ཆེན་མོ། །
    འདུས་སྡེའི་རྒྱན་དུ་མཛེས་སོང་། །

    རིག་པའི་རྩལ་སྟོབས་འགྲན་པའི། །
    བུ་སློབ་འདུས་པ་རྒྱ་མཚོ། །
    མཐོང་ན་གཟི་བརྗིད་ལྡན་པ། །
    ཉན་ན་གོ་རྟོགས་འཕེལ་བ། །

    མེས་པོའི་ཐུགས་གཤིས་མངའ་བའི། །
    རིག་གཞུང་ལྷ་ལམ་དབྱིངས་སུ། །
    མི་བུ་ཤེས་རབ་ཅན་པོ། །
    ཤེས་བྱའི་ནམ་འཕང་བཅད་སོང་། །

  • གཟི་བརྗིད་ཀྱི་འོད་སྣང་།

    གཟི་བརྗིད་ཀྱི་འོད་སྣང་།

    གཟི་བརྗིད་ཀྱི་འོད་སྣང་།
    ཚིག མཁན་ཆེན་ཤེས་རབ་གཡུང་དྲུང་དབང་རྒྱལ།
    དབྱངས། སྐལ་བཟང་བསྟན་འཛིན།
    ལེན་མཁན། བོད་ཀྱི་གཞས་མ་ཨ་ཅག་ཚན་སྡེབ་ཀྱི་ཨ་ཅག་སྒྲོལ་མ།
    རབ་དཀར་གངས་རིས་བསྐོར་ཞིང་། །
    མཛེས་སྡུག་ས་ཡི་ཐིག་ལེ། །
    མཐོ་སྒང་ཞང་བོད་ཡུལ་ནས། །
    གཡུང་དྲུང་བོན་བསྟན་དར་སོང་། །

    བཤད་སྒྲུབ་བསྟན་པའི་ཕ་ས། །
    གདན་ས་དགའ་མལ་དགོན་ཆེན། །
    གཡས་རུའི་འཆད་རྩོད་ཆེན་མོས། །
    བསྟན་པའི་མེ་རོ་བསླངས་སོང་། །

    གཞུང་ལུགས་ཕུ་ཐག་ཆོད་པའི། །
    རབ་འབྱམས་འདུས་པ་རྒྱ་མཚོས། །
    བརྒལ་བརྟག་རྩོད་པའི་ཤན་འབྱེད། །
    སྙན་གྲགས་འཛམ་གླིང་ཁྱབ་སོང་། །

    ཆོལ་གསུམ་བསིལ་མོའི་ལྗོངས་ཀྱི། །
    བླ་སྤྲུལ་བརྒྱ་ཕྲག་ཞལ་འཛོམས། །
    བཀའ་སློབ་བདུད་རྩིའི་ཐིགས་པས། །
    དད་ལྡན་རེ་འདོད་ཁེངས་སོང་། །

  • དད་སྤྲོའི་འཛུམ་མདངས།

    དད་སྤྲོའི་འཛུམ་མདངས།

    དད་སྤྲོའི་འཛུམ་མདངས། ཚིག གློག་ལྕེ། གདངས། ཆོས་གྲགས། ལེན་མཁན། ཆོས་གྲགས། མཛེས་ལྷ།

  • རྡུང་ལེན། དགའ་སྐྱིད།

    རྡུང་ལེན། དགའ་སྐྱིད།

    ཡུལ་མདོ་སྨད་བྱང་ཁའི་སྐྱབས་མགོན་ཆེན་མོ་༧མཁས་གྲུབ་བོན་བརྒྱ་དགེ་ལེགས་ལྷུན་གྲུབ་རྒྱ་མཚོ་མཆོག་དགུང་གྲངས་བརྒྱད་ཅུར་བཞེས་པའི་རྟེན་འབྲེལ་གྱི་མཛད་སྒོར་རེབ་གོང་བོན་མང་གི་དད་ལྡན་མང་ཚོགས་རྣམས་ཀྱིས་སྐུ་གསུང་ཐུགས་རྟེན་དང་ཕྱག་བསྐོར་གྱི་མཆོད་པ་རྒྱ་ཆེར་འབུལ་བ་དང་ལྷན་གླུ་ངག་མཆོད་པ་ཡང་ཉིན་བཞིའི་རིང་ལ་ཕྱོགས་ཁ་རེ་རེ་བྱས་ནས་ཕུལ་བ་ཡིན་པས། འདི་ནི་ཉིན་དང་པོའི་གླུ་ངག་མཆོད་པ་ལས་འདིར་བཀོད་པ་ཡིན།
    རེབ་གོང་བོན་མང་དྲ་བ་ལས་བཤུས།

  • གངས་ལྗོངས་སྟག་ཤ་ཕུར་པ་སྐྱབས་ཀྱི་གླུ་དབྱངས་གསར་པ། མ་ཏྲི།

    གངས་ལྗོངས་སྟག་ཤ་ཕུར་པ་སྐྱབས་ཀྱི་གླུ་དབྱངས་གསར་པ། མ་ཏྲི།

    གངས་ལྗོངས་སྟག་ཤ་ཕུར་པ་སྐྱབས་ལགས་ཀྱི་མ་ཏྲི་ཞེས་པའི་གླུ་དབྱངས་གསར་པ་ཞིག གཡུང་དྲུང་བོན་འཛིན་སྐྱོང་མཉམ་འབྲེལ་མཐུན་ཚོགས་འཐུས་མིའི་ཚོགས་ཆེན་ཐེངས་གཉིས་པ་དེ་མདོ་སྨད་གཡུང་དྲུང་བོན་གྱི་འདུས་སྡེ་ཆེན་མོ༧རྟོགས་ལྡན་དགོན་ཆེན་དུ་འཚོགས་སྐབས་ཀྱི་དགྱེས་འཛོམས་ཆེན་མོའི་འོད་སྡེར་༼མཉམ་འཛོམས་ཀྱི་གཟི་འོད་༽ཅེས་པར་གསལ།

  • སྐྱབས་རྗེ་བསྟན་འཛིན་འོད་ཟེར།

    སྐྱབས་རྗེ་བསྟན་འཛིན་འོད་ཟེར།

    གཞས་པ། འབྲུག་རྣམ་རྒྱལ། ཚིག འབྲི་རུ་ཚུལ་ཁྲིམས་རྒྱལ་མཚན། རིག་སྣང་འོད་ཀྱི་རྒྱལ་པོ།། མཁའ་འགྱིངས་ཁྱུང་གི་གདུང་རྒྱུད།། གྱེར་གཤེན་མུ་སྤུང་རྣམ་རོལ།། དབྲ་ཆུངབསྟན་འཛིན་འོད་ཟེར།། དམར་སེར་འདུལ་བའི་ཁྱུ་མཆོག ། མདོ་ཁམས་གཤེན་སྡེའི་དེད་དཔོན།། ཞང་ཞུང་སྒོ་པའི་བསྟན་བདག།། མཆོག་སྤྲུལ་བསྟན་འཛིན་འོད་ཟེར།། ལེགས་བྲིས་མཚན་དཔེའི་འཁོར་ལོ།། འགག་མེད་ཚངས་དབྱངས་འབྱུང་ཁུངས།། མཁྱེམ་བརྩེ་ཡེ་ཤེས་བདག་ཉིད།། སྐྱབས་རྗེ་བསྟན་འཛིན་འོད་ཟེར།། རྣམ་གསུམ་ཤེས་རབ་དཔུང་གིས།། རྒྱལ་གཤེན་བསྟན་པའི་འཁོར་ལོ།། ཕྱོགས་མེད་རྒྱལ་ཁམས་བསྒྱུར་བའི།། སྒྲ་བསྒྱུར་བསྟན་འཛིན་འོད་ཟེར།། སུམ་ལྡན་དཔོན་གསས་བླ་མ།། ཞབས་པད་གཡུང་དྲུང་བརྟན་ཞིང་།། བསྟན་འགྲོའི་ལས་དོན་འཁུར་ཆེན།། མཐར་རུ་ཕྱིན་པའི་སྨོན་ལམ།།

  • དགོས་འབྱུང་ནོར་བུའི་མཆོད་སྤྲིན།

    དགོས་འབྱུང་ནོར་བུའི་མཆོད་སྤྲིན།

    སངས་རྒྱས་གཡུང་དྲུང་བོན་གྱི་བསྟན་ལ་མཛད་རྗེས་བླ་ན་མཐོ་བའི་སྐྱབས་རྗེ་མཁན་སློབ་གཤེན་གསུམ་གཙོས་བསྟན་འཛིན་སྐྱེས་བུ་རྣམས་ལ་ཡིད་རང་གི་མཆོད་སྤྲིན་ཞིག ཤ་རུས་དང་ལས་སྨོན་གྱིས་འབྲེལ་བའི་ཕུ་ནུ་སྤུན་ཟླ་ཡོངས་ལ་ལེགས་སྨོན་གྱི་འཚམ་འདྲི་ཞིག་གི་དོད་དུ་སྒང་པ་དམངས་ཁྲོད་དུ་རླུང་ལྟར་གྲགས་པའི་ན་གཞོན་གྱི་གླུ་བ་སྐོར་ཞིག་སྟེ། ཤེར་བསྟན། དར་མཚོ། སྐལ་བཟང་ཡོན་ཏན། ཕུལ་བྱུང་སྒྲོན་མ། ཨ་མཆོག་བློ་བཟང་། ལྷ་ལུང་འཚོ། བཀྲ་ཤིས་རྒྱལ། བསམ་ཁོ། ཚེ་དབང་མཆོག་རྒྱལ། དཔལ་ཅན་ཆོས་འཚོ། བསོད་ནམས་ཡེ་ཤེས། སྒྲོན་པེ། བཀྲ་ཤིས། རྣམ་རྒྱལ་ཆོས་འཚོ། འཇའ་དགའ་བཅས་གདན་དྲངས་ཞུས་ཏེ། ཁོ་ཚོའི་ལྡེམ་མྱུར་ལུས་ཀྱི་མཛེས་སྡུག་དང་། སྙན་མོ་ངག་གི་དབྱངས་རྟ་ལས་དྲངས་པའི་༼དགོས་འབྱུང་ནོར་བུའི་མཆོད་སྤྲིན་༽ ཞེས་པའི་འོད་སྡེར་ཞིག་མི་འགྱང་བར་འགྲེམ་སྤེལ་བྱེད་རྒྱུ་ལགས་ན་ཁྱེད་རྣམས་ཀྱི་ཉན་པ་རྣ་བའི་བདུད་རྩི་དང་། ལྟ་བ་མིག་གི་ལོངས་སྤྱོད། ཐུགས་སེམས་གསོ་བའི་སྙིང་གཏམ་དུ་འགྱུར་བའི་བཀྲ་ཤིས་བདེ་ལེགས་ཞུ། །

  • ལྷ་སའི་མཚན་མོ།

    ལྷ་སའི་མཚན་མོ།

    ལྷ་སའི་མཚན་མོའི་ཡུལ་ལྗོངས་མཛེས་ཞེས་པ་འདི་ནི་གླུ་མ་བསྟན་འཛིན་ཀུན་གསལ་གྱིས་རྒྱ་ཆེའི་བོད་རིགས་སྤུན་ཟླ་རྣམས་ལ་ཕུལ་བ་རེད།