ཁ་བྱང་།༧བོན་བརྒྱ་རིན་པོ་ཆེ་མཆོག་ལ་ཞབས་བརྟན་སྒྲུབ་པའི་སྐོར།

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

སྤེལ་མཁན། ཚེ་རིང་། ip:116.255.137.*
སྤེལ་དུས། 2013-07-02 23:32:42
ཨ་ལགས་ཚང་གི་སྐུ་ཁམས་བདེ་བར་སྨོན། ཟིང་བློ་ཟེར་བར་གསས་མཁར་གྱི་ནང་དོན་ཅི་ཞིག་རེད། སྤངས་རྟོགས་གསས་མཁར་གཉིས་ལ་འབྲེལ་བ་ཅི་ཞིག་ཡོད། མ་ཤེས་པར་དྲིས་པ་ཡིན། ལན་ཞིག་ཡོད་ན་ཤིན་ཏུ་བཟང་། གོང་གི་མཆན་འདེབས་མཁན་དག  བོད་ཡིག་ཉུང་ཙམ་ལས་འབྲི་མི་དགོས་ཀྱང་དེ་ལ་བརྩི་འཇོག་བྱེད་རྒྱུ་ནི་གལ་ཆེན་པོ་རེད།
 
སྤེལ་མཁན། བོན་བརྒྱ་ཕུར་བ་སྐྱབས ip:125.72.255.*
སྤེལ་དུས། 2013-07-02 20:40:37
ཁོང་རིན་པོ་ཆེའི་སྐུ་ཚེ་སྐལ་བརྒྱར་བརྟན་པར་སྨོན།
 
སྤེལ་མཁན། བོན་བརྒྱ་ཕུར་བ་སྐྱབས ip:125.72.255.*
སྤེལ་དུས། 2013-07-02 20:38:27
ཁོང་རིན་པོ་ཆེའི་སྐུ་ཚེ་སྐལ་བརྒྱར་བརྟན་པའི་སྨོན་ལམ། བོན་བརྒྱ་བས།
 
སྤེལ་མཁན། མིང་མེད། ip:116.255.245.*
སྤེལ་དུས། 2013-07-01 12:16:49
དཔོན་གསས་བླ་མའི་སྐུ་ཚེ་འཕེལ་བ་དང་།
བོན་དང་མཐུན་པའི་ལོང་སྤྱོད་ཕུན་སུམ་ཚོགས་།
ད་ལྟ་འདིར་སྐྱེས་མ་གྱུར་འགྲོ་བ་རྣམས་།
སྟགས་ཏུ་བདེ་ལེགས་བཀྲ་ཤིས་འཐོབས་པར་ཤོག་་
 
སྤེལ་མཁན། དགེ་བཤེས་བསྟན་དར། ip:172.1.138.*
སྤེལ་དུས། 2013-07-01 09:13:48
༄༅།། ངེས་དོན་མཁས་པའི་དབང་པོ་༧རྗེ་བོན་བརྒྱ་ཐམས་ཅད་མཁྱེན་པའི་སྐུ་ཚེ་བསྐལ་བརྒྱར་བརྟན་པའི་སྨོན་འདུན་ཞུ་ཞུ།།
 
སྤེལ་མཁན། བོན་སྨྱུག་ ip:124.31.188.*
སྤེལ་དུས། 2013-06-30 16:14:36
བསྟན་འཛིན་སྐྱེས་བུ་གང་ཉིད་སྐུ་ཚེ་བརྟན་པའི་སྨོན་འདུན་ཞུ།
 
སྤེལ་མཁན། གཡུང་དྲུང་བསྟན་འཛིན ip:117.136.27.*
སྤེལ་དུས། 2013-06-30 13:35:23
༄་།  རྒྱལ་ཀུན་མཁྱེན་བརྩེ་ཡེ་ཤེས་ཁ་བའི་རྡུལ།
རྒྱལ་བའི་ཐུགས་བསྐྱེད་མཁའ་ལམ་ཡངས་པོའི་མཐོངས།
རྒྱལ་བསྟན་འཛིན་སྤེལ་དྲི་བཞོན་ལ་བརྟེན་ནས།
རྒྱལ་ཁམས་ཡོངས་ལ་བརྡལ་བའི་དཔའ་བོ་མཆོག
 
སྤེལ་མཁན། ཁྱུངཿཁྲི་རྒྱལ། ip:106.192.28.*
སྤེལ་དུས། 2013-06-29 23:05:07
༧མཁས་དབང་བོན་བརྒྱ་རིན་པོ་ཆེ་མཆོག་སྐུ་ཚེ་ཁྲི་ལོ་ནས་བསྟན་པར་ཤོག ཁྱུངཿཁྲི་རྒྱལ་ནས།
 
སྤེལ་མཁན། འཕྲན་གཞན་ལྡན་པས་ ip:117.136.18.*
སྤེལ་དུས། 2013-06-29 12:50:28
རིན་པོ་ཆེ་མཆོག་གི་སྐུ་ཚེ་ལ་བར་ཆད་མེད་པར་སྨོན་།
 
སྤེལ་མཁན། ཟིང་བློ་ ip:106.192.27.*
སྤེལ་དུས། 2013-06-29 01:03:20
སྐྱེ་མེད་གཤིས་ཀྱི་དོན་རྟོགས་ཐུགས་ཉིད་ལས།།             རང་རིགས་སྲོལ་བཟང་ཞང་བོད་ཁྱད་ནོར་དེ།།         རིག་འཛིན་རྣམ་རོལ་གསང་སྔགས་རྣམ་འབྱོར་བ།།
འགག་མེད་རོལ་བའི་ཐབས་ཤེས་འཕྲིན་ལས་འཁྲུངས།།        འཕེལ་རྒྱས་ལམ་ཕྱོགས་མྱུར་བཞུད་དཔའ་བོ་ཆེ།།       སྤངས་རྟོགས་གསས་མཁར་ནམ་མཁའི་མཐར་མཉམ་ཞིང་།།
སྐྱེ་དགག་ཟུང་འཇུག་གདུལ་བྱའི་མགོན་དུ་བཞེང་།།           མཐོ་སྒང་ཁྲོད་དུ་ཆོས་རིག་དགའ་ཚལ་གླིང་།།         དགོངས་བཞེད་འཕྲིན་ལས་འདོད་འཇོ་ལྗོན་ལ་འགྲན།།
ཇི་སྲིད་བསྟན་འགྲོའི་དོན་མཛད་དམ་པ་ཕུལ།།              སྐྲུན་ཏེ་ཕྱག་རྗེས་རླབས་ཡང་གཞལ་མཐར་བྲལ།།       གསུང་གི་བདུད་རྩི་སྙིགས་དུས་སྨན་མཆོག་ཡིན།།
དེ་ལྟར་ཡོན་ཏན་གྱི་ཆ་མ་ལུས་པ་རྫོགས་པའི་༧བོན་བརྒྱ་དགེ་ལེགས་ལྷུན་གྲུབ་རྒྱ་མཚོ་རིན་པོ་ཆེའི་སྐུ་ཕྱྭ་ཡུན་རིང་བཞུགས་ཞིང་དགོངས་བཞེད་ལྷུན་གྱིས་གྲུབ་པའི་སྨོན་འདུན་ཞུ། ཐ་ཚན་མུ་གཙུག་སྨར་རོ།
 
སྤེལ་མཁན། གཤེན་ཚེ་ཚང་། ip:71.43.22.*
སྤེལ་དུས། 2013-06-28 17:34:14
རྗེ་གྲུབ་ཐོབ་ཚེ་དབང་དངོས་བྱོན༧མཁས་དང་གྲུབ་པའི་གཙུག་རྒྱན་བོན་བརྒྱ་ཐམས་ཅད་མཁྱེན་པ་དགེ་ལེགས་ལྷུན་གྲུབ་རྒྱ་མཚོ་དཔལ་བཟང་པོ་མཆོག་སྐུ་ཚེ་སྐལ་བརྒྱར་བརྟན་ཞིང་མཛད་འཕྲིན་ཡར་ཟླ་ལྟར་འཕེལ་བའི་གསོལ་བ་ཕུར་ཚུགས་སུ་འདེབས་སོ།།
 
སྤེལ་མཁན། གཡང་ཀླུང་གེ་ཁོད། ip:106.192.31.*
སྤེལ་དུས། 2013-06-28 00:20:41
༧བསྟན་པའི་བདག་པོ་རྣམས་ཀྱི་སྐུ་ཚེ་བརྟན།།
བསྟན་འཛིན་སྐྱེས་བུས་སྟེང་ཡོངས་སུ་གང་།།
བསྟན་སྦྱིན་མངའ་ཐང་བདེ་སྐྱིད་ཕུན་ཚོགས་ལྡན།།
བསྟན་པའི་སྙིང་པོ་དར་ཞིང་རྒྱས་གྱུར་ཅིག།།
ཅེས་༧བོན་བརྒྱ་གཡུང་དྲུང་ཕུན་ཚོགས་མཁས་གྲུབ་འཇིགས་མེད་ཀྱིས་གསུངས་པ་ནང་བཞིན་་སྨོན་འདུན་དྲག་པོས་ཕུལ་བ་དགེའོ།།
 
དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།