ཁ་བྱང་།རྒྱ་འོབས་རིན་པོ་ཆེའི་རྗེས་དྲན་ཆེད་དེབ།

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

སྤེལ་མཁན། སྟོང་སྲས་པས། ip:110.166.114.*
སྤེལ་དུས། 2014-12-08 22:38:01
རྩ་བའི་བླ་མ་ཆེན་མོ་༧ཁྱུང་མོ་གྲུབ་པའི་དབང་ཕྱུག་རྒྱ་འོབས་བསྟན་འཛིན་དབང་གི་རྒྱལ་པོ་ཉིད་ཞིང་ཁམས་གཞན་དུ་གཤེགས་པར་རྗེས་དྲན་དང་དེབ་འདིར་སྐུ་ངལ་ལ་མ་འཛེམ་པར་འགྲེམ་སྤེལ་བྱེད་མཁན་གྱི་བླ་སློབ་ཡོངས་ལ་བཀའ་དྲིན་སྙིང་ནས་ཞུ།
 
སྤེལ་མཁན། སྣང་ཤེས། ip:14.139.236.*
སྤེལ་དུས། 2014-11-07 12:41:38
ནམ་མཁའ་ཡི་རྒྱ་ཁྱོན་ལྟ་བུའི། ས་གཞི་ཡི་འདེགས་ཤུགས་ལྟ་བུའི། མི་ཡུལ་གྱི་རྡོ་རིང་ལྟ་བུའི། རྒྱལ་སྲས་སེམས་དཔའི་སྤྱོད་པ་ཕྱག་ཏུ་བཞེས་པའི་མཛད་པ་རྗེ་སུ་དྲན་པའི་དཔེ་དེབ་འདོན་སྤེལ་བྱས་པར་སྙིང་ནས་ཐུགས་རྗེ་ཆེ་ཞུ།
 
སྤེལ་མཁན། མིང་མེད། ip:123.197.32.*
སྤེལ་དུས། 2014-11-06 19:09:56
                              ཁྱེད་ལ་བསྟབས་པའི་ཡིད་ཀྱི་ལྷ་དར།

མི་ལོ་བརྒྱད་ཅུའི་ཡར་སྔོན་དུ།ཕ་ཡུལ་གྱི་མཁའ་དབྱིངས་ན་ཉི་ཟླ་སྐར་གསུམ་གྱི་འོད་སྣང་འཕྲོ་འདུ་བགྱི་ཞིང་།
དཀར་མར་སེར་གསུམ་གྱི་མེ་ཏོག་སྡུག་གུར་བཞད་དུས།གནམ་གྱི་རྒྱལ་མོ་མཉེས་པས་མཚམས་སྤྲིན་གྱི་ཁ་དོག་འོད་དུ་འཚེར་ཅིང་།ས་ཡི་ལྷ་མོ་དགྱེས་པས་མཐིང་མདོག་གི་རྨི་ལམ་རུམ་མྱོང་ཟེར།ཉིན་དེ་ནས་ཁྱེད་ཀྱིས་ས་ཆེན་གྱི་ཕང་བར་གསེར་མདོག་གི་ཞབས་རྗེས་དཔར།བྱམས་སེམས་ཀྱི་མཛེས་པ་སྲོག་ཏུ་བཟུང་ནས་འགྲོ་དྲུག་མ་རུ་སྒོམ་དུས།ངའི་བླ་སྲོག་གི་མཆོད་སྟེགས་ན་འོད་ལམ་ལམ་གྱིས་འབར་གྱིན་པའི་ཚེ་འབར་དེ་ཁྱེད་ཡིན།
བྱིས་དུས་ཀྱི་བློ་རྩེ་གཏོད་ས་ཁྱེད་ཀྱི་མཉེས་གཤིན།གཞོན་དུས་ཀྱི་དད་པས་བཏེགས་པ་ཁྱེད་ཀྱི་ཤེས་རབ།རྒས་དུས་སུ་སྐྱབས་འཇུག་ཞུ་སའང་ཁྱེད་ཀྱི་བྱིན་རླབས་ཁོ་ན་ཡིན་པས།ངའི་འདས་མ་ད་གསུམ་དུ་ཁྱེད་ནི་མེ་ཏོག་དང་རོལ་དབྱངས་རྐྱང་རྐྱང་གིས་མཆོད་ཅིང་བཀུར།
  ཀྱེ་རིན་པོ་ཆེ།
  ཤེས་རབ་ཀྱི་འཚོ་བའི་ཞིང་ཁམས་ན།ཁྱེད་ནི་སྨྲ་བའི་སེང་གེའི་རྣམ་སྤྲུལ་དུ་བསྔགས་ཤིང་།
  སྡུག་བསྔལ་གྱི་འོ་དོད་འབོད་ས་ན།ཁྱེད་ནི་ཀུན་སྐྱོབས་བྱམས་མའི་ཐུགས་སྲས་སུ་མཐོང་།
  ཁམས་གསུམ་གྱི་གདུལ་བྱའི་སྤྱི་གཙུག་ན།ཁྱེད་ནི་སངས་རྒྱས་སྟོང་གི་ཞལ་སྐྱིན་དུ་བྱོན་ཅིང་།
  ཚུར་མཐོང་གི་སྣང་ངོ་ན།ཁྱེད་ནི་གང་ལ་གང་འདུལ་གྱི་སྤྲུལ་སྐུ་ཞིག་ཏུ་ངེས།
གང་ལྟར།
གངས་ཆེན་པོའི་འགྱིང་སྟབས་ལས།ཁྱེད་ཀྱི་ཟབ་བརླིང་མཐོང་ཤིང་།ངས་ཤེས་བརྩོན་རྙེད་བྱུང་།
ཆུ་ཆེན་པོའི་བཞུར་འགྲོས་ལས།ཁྱེད་ཀྱི་ངང་རྒྱུད་རྟོགས་ཤིང་།ངས་ཕུགས་བསམ་རྙེད་བྱང་།
རིན་པོ་ཆེ།
གནམ་སྔོན་མོ་མེ་རུ་མ་འབར་ཞིང་།
ས་དོག་མོ་རླུང་གིས་མ་ཁུར་ན།ངའི་ལུས་ངག་ཡིད་གསུམ་གྱི་ཟབ་ས་ན་ནམ་ཡང་འོད་ལམ་ལམ་གྱི་ཚེ་འབར་དེ་ཁྱེད་ཁོ་ན་ཡིན་པ་ལགས་སོ།།


        བརྩེ་བ་རྒྱ་མཚོའི་བདག་ཉིད་རྗེ་བླ་མ་གཤེགས་ནས་མི་ལོ་གཅིག་འཁོར་བར་སྙིང་ནས་རྗེས་དྲན་ཞུ།
              ཧྲེ་ཤུལ་ཚང་བསྟན་པ་འབྲུག་གྲགས་ཀྱིས་ལེའོ་ཉིང་སློབ་ཆེན་དུ།
                      ༢༠༡༤/༡༡/༦ལ།
 
དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།