རྒྱ་འོབས་རིན་པོ་ཆེའི་རྗེས་དྲན་ཆེད་དེབ།

[ཟླ་ཚེས། 2014-11-05 21:53:36][རྩོམ་པ་པོ། གདོང་སྐལ་བཟང་བསམ་གཏན།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

楞得封面+彩页-1.jpg
རྗེས་དྲན་ཆེད་དེབ་ཀྱི་མདུན་ངོས།
楞得封面+彩页-2.jpg
ནང་ངོས་པར་རིས།
楞得封面+彩页-3.jpg
ནང་ངོས་པར་རིས།
楞得封面+彩页-4.jpg
ནང་ངོས་པར་རིས།
楞得封面+彩页-5.jpg
ནང་ངོས་པར་རིས།
楞得封面+彩页-6.jpg
ནང་ངོས་པར་རིས།

   ཀློག་མཁན་རྣམ་པ་ལགས། ངེད་ཅག་འགྲོ་བའི་བླ་མ། བརྩེ་ཆེན་སྙིང་རྗེའི་རང་གཟུགས། རྒྱ་འོབས་ཐམས་ཅད་མཁྱེན་པ་ཚང་། ན་ནིང་དགུན་ཁ་སྟེ་ལོ་དེའི་བོད་ཟླ་དགུ་བར། རེ་ཞིག་མཚན་དཔེའི་བཀོད་པ་བོན་དབྱིངས་སུ་བསྡུས་སོང་། བསླུ་མེད་བདེན་པར་སྨྲ་བས། སངས་རྒྱས་ལ་ཡང་འདས་གྲོངས་ཡོད་པའི་སྡོམ་ཚིག་གསུངས་པ་ལྟར། ཁོང་ཉིད་ཕེབས་རན་པའི་དུས་ཚིགས་ལས་སྐར་ཆ་ཙམ་ཡང་མ་འདའ་བར། མི་ཡུལ་འདི་དང་ཞལ་གྱེས་ཚུལ་མཛད་ཅིང་། ང་དང་འགྲོ་བར་ཆེས་མཐའ་མཇུག་གི་བདེ་མོ་ཙམ་བཞག་པ་དེ་ནི། བླ་མ་ཁོང་ལ་མཚོན་ན། སངས་རྒྱས་ཁོང་ལ་བསམ་ན། སེམས་དཔའ་ཁོང་ལ་གཞལ་ན། ཞིང་ཁམས་གཞན་གཟིགས་ཀྱི་མཛད་པ་དང་། གནས་མཆོག་དག་ཞིང་དུ་ཕེབས་བཞུད་ཁོ་ན་ལས་གང་ཡང་ཡིན་མི་སྲིད་མོད། ང་དང་འགྲོ་བར་མཚོན་ན། ཉིན་དེ་ནས་མགོ་ཐོག་གི་གནམ་སྔོན་མོ་འདི་བརྡིབས་སོང་བ་ལྟ་བུའི་སྡུག་བསྔལ་དང་། མཐོང་ལམ་གྱི་ཉི་མ་སེར་པོ་འདི་ནུབ་སོང་བ་ལྟ་བུའི་སྐྱོ་བ། རྐང་ཞབས་ཀྱི་ས་གཞི་རིལ་མོ་འདི་གས་སོང་བ་ལྟ་བུའི་ཚོར་སྣང་དང་། ང་ཚོའི་དཔྲལ་བའི་མིག་དང་ཁོང་གི་སྙིང་འདི་རྩད་ནས་ཕྱུངས་པ་ལྟ་བུའི་སྡུག་བསྔལ་རྒྱ་མཚོར་ལྷུངས་པ་ན། ང་དང་འགྲོ་བ་ཐ་མལ་བས་མྱ་ངན་མིག་ཆུ་བླུན་པོའི་ངང་ཚུལ་གྱིས་ས་ཆེན་པོ་འདི་སྐྱོ་འབོད་ཀྱིས་འགུལ་དུ་བཅུགས་ཤིང་། ཆུ་ཆེན་པོ་འདི་སྡུག་བསྔལ་གྱིས་རྙོག་ཏུ་བཅུགས་ཏེ་མི་ཡུལ་འགྲོ་བའི་ཁམས་ན། ཨ་མདོ་རྔ་བའི་ཡུལ་ན། དགོན་ཆེན་སྣང་ཞིག་གླིང་དུ། མི་ཚོགས་ཀྱིས་འཚངས་ཁ་ཤིག་ཤིག གྲུ་གང་མཐོ་གང་ཙམ་དུ་བཞུགས་པའི་རྗེ་བླ་མའི་གདུང་རྟེན་ལ་དད་པས་མཇལ་ཞིང་དག་སྣང་གིས་མཆོད་དུས་སུ། ཕ་ཡུལ་གྱི་ནམ་མཁར་རིགས་མི་འདྲ་བའི་འཇའ་ཚོན་སྣ་ཚོགས་རེས་མོས་སུ་ཤར་ཞིང་ཉི་ཟླ་སྐར་གསུམ་ལྷན་དུ་འཛོམས་པ། སྣང་དགོན་གྱི་ཁོ་ར་ཁོར་ཡུག་ཀུན་ལ་རྒྱུན་ལྡན་མ་ཡིན་པའི་དགུན་སྐྱེས་ཀྱི་མེ་ཏོག་སྣ་ཚོགས་ཁྲ་ལམ་མེར་བཞད་ཅིང་། བར་སྣང་དུ་དུས་ཀུན་མཐོང་བ་དཀོན་པའི་འདབ་ལྡན་དུ་མས་བོན་བསྐོར་བྱས་པ་སོགས་བླ་མ་ཉི་མ་འདྲ་བོ་ཞིང་དུ་ཕེབས་པའི་སྐབས། བླ་མ་ཕ་མ་འདྲ་བོའི་དགོངས་པ་རྫོགས་པའི་ཚེ། བླ་མ་སངས་རྒྱས་དངོས་བྱོན་ཞིང་གཞན་གཟིམས་པའི་དུས་སྔོན་བྱོན་བསྐལ་བཟང་སངས་རྒྱས་ཐམས་ཅད་འདས་གྲོངས་སྐབས་ལ་ཡོད་པར་བསྙད་པའི་ངོ་མཚར་བའི་རྟགས་མཚན་རེ་རེས། རྒྱ་འོབས་བླ་མ་ངོ་མ་ང་ཚོའི་དད་པ་རྒྱ་མཚོའི་ཀླུང་དུ་བཞུགས་པའི་སངས་རྒྱས་དངོས་དེ་ཡིན་པ་དང་། རྒྱ་འོབས་བླ་མ་འུ་ཅག་གི་སྐྱིད་སྡུག་སྐྱབས་གཅིག་རྣམ་འདྲེན་དཔའ་བོ་ཁོ་ན་རུ་ཡིན་པའི་གསལ་བྱེད་ཅིག་གམ། ཡང་ན། མི་ཡུལ་གྱི་བསོད་ནམས་ལན་གཅིག་ཟད་སོང་བའི་འབོད་བརྡའམ། འགྲོ་བ་འདིའི་ལྷ་སྐལ་ཐེངས་གཅིག་མེད་སོང་བའི་དྲན་བསྐུལ་བཏང་ཡོད་པ་སུ་ཡིས་བརྗེད་སྲིད་དེ་གཏན་ནས་མི་སྲིད་དོ།།
   དེ་བས་བླ་མ་ཡིད་བཞིན་ནོར་བུའི་སྐྱབས་འོག་ཏུ་བསོད་ནམས་ཀྱིས་འཚོ་མྱོང་ཞིང་། བླ་མ་དུང་ཟླ་འདྲ་བོས་གདམས་ངག་གི་ཟིལ་ཐིག་མངར་མོ་ཡང་སྐལ་བས་རེག་མྱོང་བའི་ངེད་ཅག་གྲྭ་རྐྱང་གཉིས་ཀྱིས་ཀྱང་། མི་ཡུལ་གྱི་དྲང་སྲོང་ཆེན་མོ། སྡེ་སྣོད་གཞུང་བརྒྱར་མཁས་ཤིང་བསླབ་གསུམ་ཁྲིམས་ཀྱིས་བཙུན་པའི་མཛད་བཟང་རྒྱ་མཚོའི་མངའ་བདག་ཁོང་ཉིད་ཞིང་གཞན་གཟིགས་པའི་ཚུལ་མཛད་ནས་ལོ་ཡི་ཁྱུད་མོ་འཁོར་གཅིག་འདས་ལ་ཉེ་བའི་དེ་རིང་༼རྒྱ་འོབས་རིན་པོ་ཆེ་རྗེས་སུ་དྲན་པ༽ཞེས་བླ་མ་སངས་རྒྱས་སུ་མཐོང་བའི་དག་སྣང་ཉག་གཅིག་བླ་མ་དྲིན་ཅན་དུ་ཤེས་པའི་གདུང་འབོད་སྨྲེ་སྔགས་ཀྱི་དབྱངས་རྟ་གསར་པ་རེ་རེེར་འགྲོགས་ཏེ། མི་མང་པོ་ཞིག་གི་སོ་སོའི་སེམས་ཁོང་ན་ཉར་བའི་གནོན་དཀའ་བའི་གདུང་ཤུགས་དྲག་པོ་དག་ཕྱི་ལ་ཕུད་པའི་ཟོལ་གྱིས་རྒྱ་འོབས་བླ་མའི་སྐུ་གསུང་ཐུགས་གསུམ་གྱི་ཆེ་བའི་ཡོན་ཏན་ངོ་མཚར་བ་དེ་དང་། རྒྱ་འོབས་བླ་མའི་བྱམས་བརྩེའི་ཟླ་ཟེར་སྣུམ་པོ་ཀུན་ལ་སྙོམས་པ་སོགས། མདོར་ན་རྒྱ་འོབས་བླ་མས་མི་ཡུལ་དུ་འགྲོ་དོན་གཞན་ཕན་གྱི་བྱ་བ་མཛད་པའི་ཆ་ཙམ་བླངས་པའི་རྗེས་དྲན་ཆེད་དེབ་ཅིག་སྒྲུབ་པ་ལ། ཆ་རྐྱེན་ཕྱོགས་ཡོངས་ནས་དབུལ་བའི་གྲྭ་རྐྱང་ངེད་གཉིས་ཀྱིས་ལྷག་བསམ་གཙང་མ་ཞིག་དང་དད་དམ་རྣལ་མ་ཞིག་གིས་འབོད་བསྐུལ་གྱི་འོག་ནས་བསྒྲུབས་པའི་རྗེས་དྲན་དེབ་འདི་ལ་སྐྱོན་དང་ནོར་འཁྲུལ་མི་ཉུང་བ་ཞིག་ཡོད་སྲིད་པ་དག་ནི། ཁྱེད་ཀློག་པ་པོ་རྣམས་ལ་བཟོད་གསོལ་ཕུལ་བ་དང་། གཞན་ཡང་ཐེངས་འདིར་རྩོམ་པ་པོ་མང་པོ་ཞིག་གི་རྩོམ་ཡིག་དུས་ལྟར་མ་འབྱོར་བས་འདིར་བཀོད་ཐབས་མ་བྱུང་པ་དང་། འགའ་རེ་མི་ལག་བརྒྱུད་དེ་བོར་སྟོར་དུ་སོང་ཡོད་པ་སོགས་ལ་ཡང་དེ་ལུགས་བཞིན་དགོངས་དག་བཟོད་གསོལ་གྱི་འབོད་བསྐུལ་ཞུ་བ་དང་ཆབས་ཅིག འདི་ཉིད་བསྒྲུབས་པར་རྣམ་པར་དཀར་བའི་དགེ་བ་མཆིས་སོ་ཅོག་གི་དགེ་བས་རྗེ་བླ་མས་ཚེ་རབས་ལས་ཀྱིས་ཕྲེང་བར་དགྱེས་བཞིན་རྗེས་སུ་བཟུང་སྟེ་རིང་མིན་མྱུར་བར་ཡང་སྲིད་འཁྲུལ་མེད་གསེར་ཞལ་མཇལ་བའི་སྨོན་པ་ལན་བརྒྱ་ཞུ་བ་ལགས་སོ།།

དེབ་འདི་རིན་མེད་གནང་སྦྱིན་བྱ་བ་ཡིན།

嘎恰-2.jpg
嘎恰-3.jpg
嘎恰-4.jpg
嘎恰-5.jpg
嘎恰-6.jpg
དཀར་ཆག
ཐོག་མའི་གཏམ།

   མི་ཡུལ་ལ་སྐྱོ་ལྷང་ངེར་འཁྱེར་འོང་དུས་ཐོག་མར་དྲན་སྲིད་པ་དང་སེམས་ལ་འཆར་འོང་བ་ནི། རྒྱལ་ཚབ་དམ་པས་མི་ཡུལ་ལ་སྤར་བའི་ཞབས་རྗེས་ཤིག་སྟེ། འཚེ་མེད་ཞི་བདེའི་སྤྱོད་ལམ་རྣམ་དག་དང་། དམིགས་མེད་བརྩེ་བའི་ཤེས་རབ་ཆེན་པོ་དག་ཡིན་ལ། ཁོང་གིས། གདུལ་བྱ་གཞན་དོན་གྱི་སླད་དུ། སྐུ་མཛད་པའི་འཕྲིན་ལས་ཇི་ལྟར་བསྒྲུབས་ཚུལ་དང་། གསུང་ལེགས་བཤད་གདམས་ངག་ག་འདྲ་གནང་ཚུལ། ཐུགས་སྙིང་རྗེའི་འོད་ཟེར་ཡོངས་ལ་ཁྱབ་ཚུལ་སོགས་ནི། རིས་སུ་མེད་པའི་གདུལ་བྱའི་མགྲིན་ལམ་ནས་རྟག་ཏུ་གླེང་ཞིང་། མུ་མཐའ་མེད་པའི་ཕྱོགས་ཀྱི་ཡུལ་གྲུ་རུ་རླུང་ལྟར་ཁྱབ་ལ་མེ་ལྟར་འབར་གྱིན་ཡོད། ལྷག་ཏུ་དུས་ཀྱི་ཡོ་ལང་དུ་མའི་འགལ་རྐྱེན་འོག གཤེན་རབ་རིག་གནས་ཀྱི་ཐབ་ཚང་ལ་འཐེན་འཁྱེར་གྱི་ཆར་རླུང་ཕོག་པའི་དུས་དེར། བསྟན་འགྲོ་གཉིས་ཀྱི་བདེ་སྡུག་ལ་ཁུར་ཆེན་བཞེས་ཤིང་རྒྱ་ནག་འཕོ་བ་གྲོང་འཇུག་གི་རྣམ་འཕྲུལ་དུ་བསམ་བཞིན་བྱོན་ཏེ། མདོ་སྔགས་བསྟན་པའི་མེ་རོ་ཆེས་ཆེར་སྤར་བའི་རྒྱལ་གཤེན་བསྟན་པའི་ཀ་ཆེན་དུ་གྱུར། གཞན་ཡང་སྐྱེ་བཞེས་བསྟན་སྤེལ་དང་མྱ་ངན་འདས་ཚུལ་སོགས་གཤམ་དུ་གསལ་བས་འདིར་མ་བྲིས་སོ།།

ཞེས་རྩོམ་སྒྲིག་པས།

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།