ཁ་བྱང་།ཁྱུང་ཡུལ་ནས་«པ་ཏ་པོ་ལི»ཞེས་པའི་སྤྱི་དེབ་དང་པོ་འགྲེམ་སྤེལ་བྱས།

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

སྤེལ་མཁན། གངས་རིག་སྨྱག་ནས། ip:113.63.204.*
སྤེལ་དུས། 2014-10-29 17:38:50
གུས་འདུན་སྙིང་ནས་ཞུ།  གནའ་དེང་གཉིས་ལས་གནའ་དང་། ཆོས་ཡོད་ཆོས་མེད་གཉིས་ནས་ཆོས་སོགས་གང་ལ་ཕྱོགས་མིན་བལྟ་འདོད།  ཆོས་ལུགས་མེད་པའི་རིག་གཞུང་དེ། ཆས་གོས་མེད་པའི་ལུས་དང་མཚུངས།  པ་ཏ་པོ་ལོ་ནས།
 
སྤེལ་མཁན། མིང་མེད། ip:113.63.204.*
སྤེལ་དུས། 2014-10-29 17:27:57
རྒྱབ་སྐྱོལ་དང་གུས་འདུན་སྙིང་ནས་ཞུ། རྩོམ་རིག་གི་ཁ་ཕྱོགས་དང་རྒྱབ་ལྗོངས་ནི་གནའ་དེང་གཉིས་ལས་གནའ་
 
སྤེལ་མཁན། ལྷ་གཡག་དར་མ། ip:113.62.227.*
སྤེལ་དུས། 2014-10-06 21:21:53
དགེན་གཤེན་ཚེ་ཚང་ལགས།  ཁྱེད་ཀྱིས་ངེད་ཚོའི་ལོ་དེབ་འདི་ལ་དམིགས་བསལ་གྱི་དཔྱད་བརྗོད་གནང་བ་བཀའ་དྲིན་ཤིན་ཏུ་ཆེ།  ཚེག་དེ་ཐོག་མར་མ་རྒྱབ་ནས་བཟོས་པ་ཡིན།  ཅུང་ཟད་རུབ་དྲག་པ་མིག་ལམ་མཛེས་པ་དེ་ཙམ་མི་འདུག་པས་ཚེག་ཐུང་རེ་བསྣན་པ་ཡིན།  འདི་འདྲའི་བཀའ་སློབ་གནང་མཁན་ཡོངས་ལ་ཐུགས་རྗེ་ཆེ་ཞུ་བ་ཡིན།     གཙོ་སྒྲིག་པ་ལྷ་གཡག་དར་མའམ་བསྟན་འཛིན་ཡེ་ཤེས་དེས།  
 
སྤེལ་མཁན། ཤེས་རིག་དགའ་བ་ནས། ip:113.63.214.*
སྤེལ་དུས། 2014-10-06 17:30:50
ཁྱུང་པོའི་ན་གཞོན་རྩོམ་པ་པོ་རྣམས་ཀྱིས་སྙན་དེབ་དང་ཞང་བོད་ཀྱི་ལོ་རྒྱུས་
སྐོར་སོགས་དེབ་མང་དུ་སྤེལ་རོགས་ཞུ།

 
སྤེལ་མཁན། ཁྱུངཿསྨོན་ལམ། ip:37.228.107.*
སྤེལ་དུས། 2014-10-06 09:31:19
ཐུགས་འགན་བཞེས་མཁན་ཡོངས་ལ་འཚམས་འདྲི་དང་། དེབ་དེའི་མདུན་ངོས་སུ་འབྱུང་ལྡན་ ༣༠༠ ཉག་མ་ ༣༡ བྲིས་འདུག་ཀྱང་འབྱུང་ལྡན་ ༣༠༡ ཡིན་པས་མ་འོངས་པར་གཟབ་དགོས་པར་སྣང་།
 
སྤེལ་མཁན། བསྟན་འཛིན་སྦྱིན་པས་ ip:90.54.163.*
སྤེལ་དུས། 2014-10-03 02:44:27
གཟའ་ཕུར་བགྲོ་གླེང་ཚང་གིས་ཕ་སྐད་མ་ཡིག་ལ་བཅངས་པའི་དུང་སེམས་ཀྱི་ལེགས་སྐྱེས་ཤིག་རྒྱ་ཆེའི་མཁྱེན་ལྡན་པ་རྣམས་ཀྱི་སྤྱན་ལམ་དུ་བསྟར་བར་དགའ་བསུ་དང་གུས་བཀུར་ཞུ། པ་ཏ་པོ་ལི་། པ་ཏ་པོ་ལི།
 
སྤེལ་མཁན། ཧོར་རུས་ཀོ་དགོན་ནས། ip:113.62.210.*
སྤེལ་དུས། 2014-10-02 21:00:44
རི་ཆེན (པ་ཏ་པོ་ལི) མཚན་གྱི་ཅོད་པན་བཞེས་པའི་ལོ་དེབ་དངོས་སུ་ལེགས་གྲུབ་བྱུང་བར་རྟེན་འབྲེལ་ཞུ། ད་ངོ་མ་ཁྱུང་ཡུལ་འདིར་བོད་ཀྱི་རྩོམ་རིག་གི་འགན་གྲྭ་བཙུན་གཅིག་པུ་ལ་མ་བཀལ་བར་ཁྱེད་ཚོས་འགན་བླང་པ་ཡག་འདུག ད་དུང་མུ་ནས་མུ་རུ་ང་ཚོ་མཉམ་དུ་འགྲོ། བཀྲ་ཤིས་བདེ་ལེགས།
 
སྤེལ་མཁན། མིང་མེད། ip:123.197.32.*
སྤེལ་དུས། 2014-10-02 18:12:34
ལོ་དེབ་དེར་ཐུན་མིན་གྱི་ཁྱད་ཆོས་ཅི་ཞིག་མཆིས།ཁྱད་ཆོས་མེད་ན་རྒྱུ་ནོར་འཕྲོ་བརླག་རེད།
 
སྤེལ་མཁན། དགེ་གཤེན་ཚེ་ཚང་འོད་ཟ ip:80.134.119.*
སྤེལ་དུས། 2014-10-02 16:51:52
གཟའ་ཕུར་བགྲོ་གླེང་ཚང་གིས་སྤེལ་གནང་བའི་(པ་ཏ་པོ་ལི)ལོ་དེབ་དང་པོའི་སྐྱེས་སྐར་ལ་འཚམས་འདྲི་གྲངས་མེད་དང་། ཁྱེད་རྣམ་པས་ཕ་མེས་ཀྱིས་བཞག་གནང་བའི་ཁ་བ་གངས་ཅན་པའི་རིག་གཞུང་གི་དངས་མ་ཕ་སྐད་རྒྱུད་འཛིན་གནང་བར་གུས་བཀུར་ཚད་མེད་ཞུ།
གུས་པ་ནི་སེམས་ནས་དྲན་ན་ཁ་ནས་འདོན་དགོས་མཁན་དེ་ཡིན་སྟབས། ད་ལན་ལོ་དེབ་འདིའི་རྒྱབ་ངོས་ཀྱི་སྙན་ཚིག་དེའི་ཚེག་དང་ཤད་སྐོར་ལ་མཐོང་ཚུལ་ཞིག་གླེང་འདོད་བྱུང་།
རང་རེའི་བརྡ་སྤྲོད་ཁུངས་མ་རྣམས་ནས། "བར་འབྱེད་ཚེག་ནི་ང་མ་གཏོགས། །གཞན་རྣམས་ཤད་གོང་ཕྱི་ཚེག་སྤང་།" ཞེས་གསུངས་པའི་གོ་དོན་ནི་ཚིག་གཅོད་མཚམས་རྣམས་སུ་ཡི་གེ་"ང"མ་གཏོགས་དེ་མིན་གྱི་རྗེས་སུ་"ཚེག"མི་འཐོབ་ཅེས་པ་དང་། དེ་བཞིན་ཚིག་བཅད་རིགས་ལ་ག་ཡི་རྗེས་སུ་ཤད་ཀྱང་མི་འབྲི་བ་དང་། གལ་སྲིད་ཚིག་བཅད་རྗེས་སུ་ཤད་གཉིས་འབྲི་བའི་ལུགས་ལྟར་ན་ག་མཐར་ཆིག་ཤད་དེ་"ཤད"གཅིག་ཁོ་ནར་འབྲི་བ་དང་། དེའང་ག་དང་ཤད་གཉིས་ཀྱི་བར་ཡི་གེ་གཅིག་གི་ཤོང་ཚད་བར་སྟོང་འཇོག་དགོས་པ་བཅས་སོ། །
གོང་དུ་དྲངས་པའི་ལུང་དེ་དག་འགའ་ཞིག་གིས་ཡིག་དཀར་ལས་སྒུར་གཟུགས་དང་ལྗིབ་སོགས་ཡིག་ནག་རིགས་ལ་མ་བཤད་ཟེར་མཁན་སྣང་མོད། འོན་ཀྱང་རང་རེའི་དཔེ་རྙིང་བྲིས་མ་འབྲི་གཟུགས་ཅན་དེ་ཚོར་གཟིགས་དང་ཤད་ཀྱི་གོང་དུ་ཚེག་ཡོད་པ་ཆེར་མཐོང་རྒྱུ་མེད། འདི་ནི་གང་མཐོང་བ་དེ་ལྷག་བསམ་གྱིས་ཀུན་ནས་སླང་སྟེ་ཞུས་པ་ལས་སྐྱོན་འཛུག་རིགས་ནམ་ཡང་མིན་པས་རྣམ་པ་ཚོས་ཐུགས་ལ་འཇག་རོགས་ཞུ།
 
སྤེལ་མཁན། བློ་གྲོས་བློ་གསལ། ip:221.176.65.*
སྤེལ་དུས། 2014-10-02 15:21:03
བཀྲ་ཤིས་བདེ་ལེགས།
 
སྤེལ་མཁན། ཞང་བློ་གསལ་ནས། ip:221.176.65.*
སྤེལ་དུས། 2014-10-02 15:12:30
དགའ་བསུ་ཞུ།
 
དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།