ཁ་བྱང་།མཆོག་སྤྲུལ་འཆི་མེད་བསྟན་འཛིན་དཔལ་བཟང་པོ་གསེར་ཁྲིར་མངའ་གསོལ་བའི་མཛད་སྒོ།

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

སྤེལ་མཁན། བསྟན་འཛིན་ནོར་བུ་ནས། ip:113.63.55.*
སྤེལ་དུས། 2015-04-13 11:49:59
གཤེན་ཕྲུག་སུག་དམར་ཅན་གྱིས་དཔྱད་གཏམ་སྤེལ་བར་དགའ་བསུ་དང་འབྲེལ།   ཡང་སྲིད་ལམ་ལུགས་ཀྱི་དེ་ཉིད་ཅུང་ཟད་ཞུས་ན་བསམ་བྱུངས།   དེ་ནི་བོན་ལུགས་དང་ཆོས་ལུགས་ཞེས་དབྱེ་རྒྱུ་མེད་པར་བོད་ལུགས་ཤིག་རེད་ཅེས་བརྗོད་ན་ཕལ་ཆེར་མི་འཚམས་པ་མེད་པར་འདོད།    དེ་ནི་ཆོས་ཕྱོགས་སུ་དུས་རབས་བཅུ་གསུམ་པའི་ནང་དུ་བྱུངས་ལ་བོན་ཕྱོགས་སུ་དུས་རབས་བཅོ་བརྒྱད་པའི་ནང་དུ་བྱུངས།     དེ་ཡང་གནས་ལུགས་ཁོ་ནའི་ཐིག་གདབ་ཐབས་བྲལ་བའི་གདུལ་བྱ་སྤྱི་ཚོགས་ཀྱི་གནས་བབ་དང་བསྟུན་ནས་བྱུངས་མོད།     བདེན་རྫུན་དང་ལེགས་ཉེས་ཕན་གནོད་དང་འགལ་འབྲེལ་སྣ་ཚོགས་བྱུངས་དང་འབྱུང་བ་ནི་ཆོས་ཉིད་ལས་གཡོལ་དུ་མེད་པའོ།     བོན་ལུགས་ཀྱི་བླ་མ་ངོས་འཛིན་སྟང་ནི་ཕལ་ཆེར་གདུང་རྒྱུད་ལས་གྲུབ་ཡོད།      དེས་ཀྱང་སྤྱི་ཚོགས་སུ་རྙོག་དྲ་བཟོ་བ་ནི་ཡང་སྲིད་ལམ་ལུགས་ལས་ཚབ་མ་ཆེ་ན་མི་ཆུང་བས་དོགས་སློང་དང་དཔྱད་བརྗོད་སྙིགས་འདོར་བཅུད་ལེན་སོགས་བྱེད་དགོས་ན་གཡས་བདེ་གཡོན་བདེ་བྱ་དགོས་སོ།      བསྟན་འཛིན་ནོར་བུ་ནས།
 
སྤེལ་མཁན། གཤེན་ཕྲུག་སུག་དམར་ཅན ip:172.1.138.*
སྤེལ་དུས། 2015-04-10 04:47:46
མཆོག་སྤྲུལ་དམ་པའི་ཁྲི་འདོན་མཛད་སྒོ་ལ་རྟེན་འབྲེལ་ཞུ། སྐུ་ཚེ་གང་པོར་ཀློག་པ་ཐོས་བསམ་དང་སྒོམ་པ་ཉམས་ལེན་གྱི་མཛད་པས་བསྟན་འགྲོའི་དོན་མཐའ་དག་འབད་མེད་དུ་འགྲུབ་པའི་སྨོན་འདུན་ཞུ། ཞོར་དུ་བཤད་དགོས་པ་ཞིག་འདུག ད་ལྟའི་ཆར་བོན་གྱི་བླ་མའི་མིང་འཛིན་པ་རེ་འགས་ཀྱང་རྙིང་མ་དང་བཀའ་རྒྱུད་པ་རེ་འགའི་ལུགས་སྲོལ་ལྟར་རང་འདོད་ཀྱིས་སྤྲུལ་སྐུ་རེ་ངོས་འཛིན་བྱེད་པའི་ལུགས་སྲོལ་མང་དུ་དར་བཞིན་ཡོད། ཁྱད་པར་དུ་རང་ཉིད་ཀྱི་ཕྲུ་གུ་དང་། ཡང་ན་འབྱོར་ལྡན་ཁྱིམ་ཚང་དུ་སྐྱེས་པའི་ཕྲུ་གུ་རེར་སྤྲུལ་སྐུའི་མིང་བཏགས་ཏེ་འཇིག་རྟེན་གྱི་འདོད་བདེ་སྒྲུབ་པའི་ལག་ཆའམ་བྱ་སྤྱོད་ངན་པའི་རིགས་ལ་སྔོན་ཚུད་ནས་ང་ཚོས་བཀག་འགོག་བྱ་དགོས། འདིའི་རིགས་ཀྱིས་ནམ་ཞིག་སངས་རྒྱས་ཀྱི་བསྟན་པར་ཕན་འདོགས་པ་ལས་གནོད་མི་སྐྱེལ་བའི་ངེས་པ་གཏན་ནས་མི་འདུག གལ་སྲིད་བོན་ལུགས་དང་འབྲེལ་ཏེ་སྤྲུལ་སྐུའི་ལམ་ལུགས་ལ་དགག་བཞག་སྤོང་གསུམ་གྱི་བགྲོ་གླེང་བྱེད་མཁན་ཡོད་ན་མུ་མཐུད་ནས་ཞུགས་འདོད་པའོ། །
 
དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།