ཁ་བྱང་།དུས་ཁྱད་པར་ཅན་ལ་ཚེ་ཐར་སྲོག་བསླུའི་དགེ་སྒྲུབ།

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

སྤེལ་མཁན། ཁྲི་གཙུག་རྒྱལ་མཚན་ནས ip:110.190.85.*
སྤེལ་དུས། 2014-02-20 22:49:52
བསྟན་འགྲོ་གཉིས་ལ་སྨན་པའི་དགེ་རྩ་རླབས་ཆེན་དེ་འདྲ་ཞིག་སྒྲུབ་པ་ལ། ཁྱེད་རྣམ་པ་གསུམ་གྱིས་གཙོས་པའི་དེར་འདུས་དད་ལྡན་བོན་འབངས་ཡོངས་ལ་གུས་པས་སྙིང་དབུས་ནས་ཡིད་རང་དང་བཀའ་དྲིན་ལན་བརྒྱར་ཞུ་བ་ལགས། གནམ་ཐོག་པས།
 
སྤེལ་མཁན། བསོད་གོ ip:116.255.245.*
སྤེལ་དུས། 2014-02-18 14:04:59
དེ་འདྲའི་དགེ་བ་རྒྱ་ཆེན་པོ་སྤེལ་བ་ལ་བཀའ་དྲིན་ཆེའོ་ཞུ་རྒྱུ་དང་། དེའི་ཞོར་ལ་གུས་པས་ཡང་རང་གི་འབྱོར་ཚད་ཙམ་གྱི་ཞྭ་དཀར་བསྟན་པའི་གཙུག་རྒྱན་སྐྱབས་རྗེ་མཁན་སློབ་རྣམ་གཉིས་གཤེན་དང་གསུམ་གཙོར་བྱེད་པའི་སྣང་དཀར་གྱི་དགེ་བའི་ལས་བརྩོན་པའི་བསྟན་འཛིན་གྱི་སྐྱེས་ཆེན་དམ་པ་རྣམས་ཀྱི་སྐུ་ཚེ་བསྐལ་བརྒྱར་བརྟེན་པ་དང་། བསམ་དོན་ལྷུན་གྱིས་གྲུབ་པའི་སྨོན་འདུན་ཞུ་ཕྱིར་གཡུང་དྲུང་གཙང་མའི་ཚེ་གཟུངས་རྣམ་གསུམ་གྱི་རྡོ་རྐོས་ཚར་གཅིག་གནས་ཆེན་བྱང་བྱ་དུར་གྱི་བསྐོར་ལམ་མཐའ་རུ་བཞེངས་རྒྱུ་ཡིན་ཅེས་ད་ལྟ་ཁས་བླངས་པ་ཡིན། ཞེས་དགེ་བ་འདི་ཡི་བྱིན་རླབས་ཀྱིས་མ་གྱུར་འགྲོ་བ་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་ཆེན་པོ་འདི་ལས་ཐར་ཏེ། རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་རིན་པོ་ཆེ་ཐོབ་པར་གྱུར་ཅིག  ཅེས་པ་འདི་ནི་འགོ་ཕྱུག་ཚང་རྡོ་རྐོ་རིག་གནས་ཁྱབ་སྤེལ་ཀུང་སིའི་སྦྱིན་བདག་ཆུང་ཆུང་བསོད་ནམས་ཕུན་ཚོགས་སམ་བསོད་གོ་ནས་ཕུལ། འབྲེལ་གཏུག་ཁ་པར་༡༣༢༨༡༡༩༦༣༩༩
 
སྤེལ་མཁན། བོན་དགའ། ip:24.147.81.*
སྤེལ་དུས། 2014-02-18 13:14:05
དེ་རིང་རང་ཉ་རིགས་སྐོར་ལ་འཛམ་གླིང་གསར་འགྱུར་BBCནང་གནས་ཚུལ་འདི་འདྲ་གཏོན་འདུག་གཟིགས་དང་། http://www.bbc.co.uk/news/science-environment-26017956
 
སྤེལ་མཁན། བོན་དགའ། ip:24.147.81.*
སྤེལ་དུས། 2014-02-18 12:48:55
དེ་ཚོ་གསོ་བ་རིག་པའི་ཐོག་ནས་བཤད་པ་ཡིན་ནའང་གལ་གནད་ཤིན་དུ་ཆེན་པོ་ཆགས་ཀྱི་ཡོད། དབྱིན་སྐད་དུ་་་native species ཟེར་ནས་སོ་སོའི་ལུང་པའི་སྲོག་ཆགས་དང་རྩ་ལྡུམ་རིགས་རྣམས་ཤིན་ཏུ་རྩ་ཆེན་བརྩི་བཞིན་འདུག དཔེར་ན་ཡར་ཀླུང་གཙང་པོའི་ཆུ་གནས་ཀྱི་ཉ་རིགས་དང་སྲོག་ཆགས་དེ་དག་འཇུས་ནས་ཡར་འབྲོག་གཡུ་མཚོའི་ནང་དུ་གཏོང་ཆོག་གི་ཡོད་མ་རེད། དེ་བཞིན་མ་པང་གཡུ་མཚོའི་ནང་གི་ཉ་རིགས་དང་སྲོག་ཆགས་དེ་དག་འཇུས་ནས་གནམ་མཚོ་ཕྱུག་མོའི་ནང་དུ་གཡུག་ཆོག་གི་ཡོད་མ་རེད། གནད་དོན་འདི་ཚོ་ངེས་པར་དུ་ཤེས་དགོས། དེ་འདྲ་ཡིན་དུས་རྣམ་པ་ཚང་མས་གདོད་མའི་རང་མལ་དུ་གནས་པའི་སྲོག་ཆགས་ཡོངས་རྫོགས་བཙུད་པའི་ཁོར་ཡུག་སྲུང་སྐྱོབས་ཀྱི་སྐོར་ལ་ཐུགས་སྣང་དོ་ནན་དགོས་པ་ནི་ཤེས་བཞིན་པའི་ལས་འགན་གལ་ཆེན་ཞིག་ཡིན་འགྲོ་བསམ་གི་ཡོད། བྱུང་ན་རྒྱ་མིའི་ཉ་གྲོང་གི་ཉ་དེ་རྣམས་མཚོ་ཆུ་ག་བ་ནས་ཐོག་མར་འཇུ་ས་དེར་རང་འཇག་ཕར་གཏོང་དགོས་པ་རེད། ཐུགས་རྗེ་ཆེ། ད་དུང་བོད་ཀྱི་གདོད་མའི་ཤིང་ནགས་སྲུང་སྐྱོབས་སྐོར་ལ་ས་གཞན་ནས་ཡོང་བའི་འབུ་རིགས་འདྲ་མིན་སྣ་ཚོགས་ལ་དོ་སྣང་དགོས་སྐོར་་རྗེས་སུ་རིམ་པས་ཞུ་ཆོག ། ད་དུང་ཆོས་ལུགས་གཞན་གྱི་མིང་ནས་འདྲེན་དུས་མཐའ་གཉིས་སུ་མ་ལྷུང་བར་གཟབ་གཟབ་གནང་གལ་ཆེ་དེང་སང་ཕྱི་ལོགས་ལ་རྙོག་གྲ་དང་ལབ་གླེང་མང་པོ་འདུག་གོ། བཀྲ་ཤིས་བདེ་ལེགས་ཞུ། །
 
སྤེལ་མཁན། བོན་དགའ། ip:24.147.81.*
སྤེལ་དུས། 2014-02-18 12:44:08
ད་དུང་ཉན་ཁ་ཆེ་ཤོས་ཅིག་ནི་ཉ་རིགས་སྲོག་ཆགས་དེ་ཚོས་གཅིག་གིས་གཅིག་ལ་ཟ་རེས་བྱས་ནས་ཆུ་ནང་དུ་འཚོ་བ་སྐྱེལ་བཞིན་ཡོད། དེ་འདྲ་ཡིན་དུས་རྒྱ་ནག་ནས་ཡར་ཁྱེར་ཡོང་བའི་གིས་ཉ་རིགས་དེ་ཚོས་བོད་ཀྱི་གཙང་ཆུའི་ནང་གི་གདོད་མའི་ཉ་རིགས་དེ་ཚོ་བཟས་པ་ཡིན་ན་རྩ་སྟོང་དུ་འགྲོ་སྲིད་པས་ཤིན་ཏུ་ཉན་ཁ་ཆེན་པོ་རེད། ད་དུང་ཉ་རིགས་ཕན་ཚུན་ནད་ན་ཚ་ཡང་མང་པོ་བགོ་རྒྱུ་ཡོད་པས་ནད་ངན་གྱིས་རྐྱེན་བྱས་ནས་བོད་ཀྱི་གདོད་མའི་ཆུ་ནང་གི་སྲོག་ཆགས་མང་པོ་འཆི་ལམ་དུ་གྱུར་སྲིད། ད་དུང་ཉ་རིགས་སྲོག་ཆགས་ཁ་ཤས་སྐྱེ་འཕེལ་དལ་པོ་ཡོད་པ་རེད། ཉ་རིགས་སྲོག་ཆགས་ཁ་ཤས་སྐྱེ་འཕེལ་ཤིན་ཏུ་མྱུར་པོ་ཡོད་པ་རེད། དེ་འདྲ་ཡིན་དུས་རྒྱ་ནག་ནས་ཡར་ནང་འདྲེན་བྱས་ཡོང་བའི་ཉ་རིགས་དེ་ཚོ་སྐྱེ་འཕེལ་མྱུར་སོང་ན་ང་ཚོའི་གཙང་ཆུའི་ནང་གི་གདོད་མའི་ཉ་རིགས་རྣམས་ཡོངས་རྫོགས་བཟས་ནས་རྩ་སྟོང་དུ་འགྲོ་སྲིད། གནས་ཚུལ་འདི་རིགས་ལ་ལ་འཛམ་གླིང་ཡོངས་ལ་ལབ་གླེང་ཤིན་དུ་ཆེན་པོ་རེད། བོད་ཡུལ་གྱི་གཙང་ཆུ་དང་མཚོ་དང་ཚེའུ་དེ་ཚོའི་ནང་དུ་ཡུལ་ལུང་རང་གི་ཁྱད་པར་དུ་བྱས་པའི་ཐུན་མོངས་མ་ཡིན་པའི་གདོད་མའི་སྲོག་ཆགས་རིན་ཐང་ཅན་མང་པོ་ཡོད་པ་རེད། འཕྲོས་རྗེས་ནས་གཟིགས།
 
སྤེལ་མཁན། བོན་དགའ། ip:24.147.81.*
སྤེལ་དུས། 2014-02-18 12:42:52
བོན་གྲོགས་ཁྱེད་རྣམས་ཀྱིས་རྣམ་དཀར་ཚེ་ཐར་སྲོག་བསླུའི་དགེ་བའི་བྱ་བ་རྒྱ་ཆེར་གནང་བ་ལ་འདི་ནས་ཐུགས་རྗེ་ལེགས་འབུལ་སྙིང་ནས་ཞུ་བཞིན་ཡོད། ཡིན་ནའང་ཚིག་ཕྲེང་འདི་བཀླགས་རྗེས་བསམ་བློ་ཞིག་གཏོང་དགོས་པ་བྱུང་། ༼རྒྱ་མིའི་ཉ་གྲོང་ན་སྲོག་དབང་འགག་ལ་ཉེ་བའི་ཉ་འབུམ་ཕྲག་གཉིས་དང་རྒྱ་མ་ལྔ་སྟོང་ཚེ་ཐར་སྲོག་བསླུ་བྱས་ཏེ་་་གནས་རི་བྲག་ཡེར་པའི་འདབ་ཞོལ་དྭངས་གཙང་ཆུ་བོའི་ནང་དུ་ཉེན་མེད་གློད་བཀྲོལ་དང༽ གསུངས་འདུག་པས་མ་འོངས་པར་འདི་རིགས་ལ་གཟབ་གཟབ་གནང་དགོས་པའི་གནད་དོན་འགའ་ཞུ་བར་སྤྲོ་བས་ཉན་དང་མི་ཉན་ཁྱེད་རྣམ་པའི་ཐུགས་འདོད་རེད། ང་ནི་ཕྱི་རྒྱལ་དུ་སྡོད་མཁན་བོན་པོ་ཞིག་ཡིན། རང་ལ་ཤེས་ཡོན་དང་འཇོན་ཐང་ཟེར་བ་སྣ་གཅིག་ཀྱང་མེད། ཡིན་ནའང་ལུང་པ་འདི་ཚོར་རང་འབྱུང་ཁོར་ཡུག་སྲུང་སྐྱོབས་ཀྱི་སྐོར་ལ་བལྟ་རྒྱུ་དང་མཐོང་རྒྱུ་གོ་རྒྱུ་སོགས་མང་པོ་འདུག། རྒྱུ་མཚན་དེ་ལ་བརྟེན་ནས་ཚིག་ཁ་ཤས་ཤིག་ཞུ་བར་སྤྲོ། དཔེར་ན་ཁྱེད་རྣམ་པས་རྒྱ་མིའི་ཉ་གྲོང་ནས་ཉོས་པའི་ཉ་འབུམ་ཕྲག་གཉིས་དང་རྒྱ་མ་ལྔ་སྟོང་དེ་ཚོ་ཕལ་ཆེར་རྒྱ་ནག་ནས་ཡར་ནང་འདྲེན་བྱས་ཡོང་བ་གཏན་གཏན་ཡིན་ངེས། དེ་འདྲ་ཡིན་དུས་རྒྱ་ནག་གི་གཙང་ཆུ་དང་མཚོ་དང་ཚེའུ་དེ་ཚོས་ཚ་དྲོད་ཀྱི་གནས་བབས་དང་བོད་ཡུལ་གྱི་གཙང་ཆུ་དང་མཚོ་དང་ཚེའུ་གནས་བབ་གཉིས་འབད་དེ་ཁག་ཁག་ཡིན་པ་རེད། ཉ་དེ་ཚོ་གཅིག་བྱས་ན་དུས་ཡུན་འཐུང་ངུའི་ནང་འཆི་སྐྱོན་དུ་འགྲོ་སྲིད།  འཕྲོས་རྗེས་ན་གཟིགས།
 
དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།