དུས་ཁྱད་པར་ཅན་ལ་ཚེ་ཐར་སྲོག་བསླུའི་དགེ་སྒྲུབ།

[ཟླ་ཚེས། 2014-02-18 11:21:24][རྩོམ་པ་པོ། དགེ་བཤེས་བསྟན་འཛིན་འབྲུག་གྲགས།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

                                                                                     དུས་ཁྱད་པར་ཅན་ལ་ཚེ་ཐར་སྲོག་བསླུའི་དགེ་སྒྲུབ།

                                                                     ཉ་ཚེ་ཐར་གཏོང་ཉིན་མཛད་སྒོར་ཞུགས་མཁན་ལྷན་འཛོམས་འདྲ་དཔར།
        ད་ལན་བོད་ཟླ་བཅུ་གཉིས་པའི་ཚེས་བཅོ་ལྔ་འདི། བོན་ལུགས་ལ་མཁས་མཆོག་སྒ་སྟོན་གྱིས་སྟོན་པའི་འཁྲུངས་མཆོད་ལ། མདོ་ལུགས་རྒྱལ་ཟླར་འཛིན་པའི་ལུགས་དང་། འབུམ་ལུགས་རྟ་ཟླར་འཛིན་པའི་ལུགས་ཞེས་ཁག་གཉིས་སུ་བཞེད་པའི་ཟླ་འདི་མདོ་ལུགས་དང་སྐར་རྩིས་དུས་གཟེར་དཔྱད་འབྲས་ལ་ཟླ་བ་ཉ་འཛིན་གྱི་སྐར་མའི་དམ་པ་རྒྱལ་དང་། ཟླ་བའི་དང་པོ་དཔྱིད་ཟླ་ར་བ་ལ་སྟོན་མཆོག་གཤེན་རབ་མི་བོ་སྐུ་འཁྲུངས་པའིི་དུས་ཁྱད་པར་འབུམ་འགྱུར་གྱི་ཉ་ལ། ལུང་ལས། ཁྱད་པར་འགྱུར་ཞེས་སངས་རྒྱས་ཀྱི། དུས་ཆེན་བཞི་ལ་འབུམ་འགྱུར་དང་། ཟླ་འཛིན་བྱེ་བ་བདུན་འགྱུར་དང་། ཉི་འཛིན་བྱེ་བ་འབུ་མ་འགྱུར་དུ། གསུང་གི་བསླུ་བ་ཡོང་མི་སྲིད། ཅེས་གསུངས་པ་ལྟར་རྒྱལ་བ་གཤེན་གྱི་རིང་ལུགས་འཛིན་པའི་དད་ལྡན་རྣམས་པས་གལ་པོ་ཆེ་ལ་ནན་ཏན་དུ་འཛིན་ཏེ་ཟླ་འདིར་དགེ་བ་རང་གིས་བྱེད་པ་དང་། གཞན་ལ་འབོད་བསྐུལ་ཞུ་བ་སོགས་དགེ་སྒྲུབ་སྡིག་སྤོང་གནད་ལ་བརྩོན་དགོས་པའི་དུས་ཤིག་ཏུ་ངེས། དེས་ན་སྤྱིར་དུས་ཁྱད་པར་ཅན་སྟོན་པ་སངས་རྒྱས་ཀྱི་འཁྲུངས་མཆོད་དང་། སྒོས་སུ་ཉེ་ཆར་སྐྱབས་རྗེ་གཤེན་སྲས་རིན་པོ་ཆེའི་གནད་སྨིན་མོ་འབྲས་ལུང་བརྟག་ལ་འཛམ་གླིང་ཤར་ནུབ་ཡུལ་གྲུ་གང་སར་བཞུགས་པའི་རྒྱ་ཆེའི་དད་ལྡན་སྐྱ་སེར་ཡོངས་ཀྱིས་ཞྭ་དཀར་བསྟན་པའི་གཙུག་རྒྱན་སྐྱབས་རྗེ་མཁན་སློབ་རྣམ་གཉིས་གཙོས་པའི་བསྟན་འཛིན་གྱི་སྐྱེས་བུ་རྣམ་པའི་སྐུ་ཚེའི་ཞབས་རིམ་དུ་རྣམ་དཀར་དད་ལྡན་ཚང་མས་རང་ནུས་གང་ལྡན་གྱི་ཞབས་རིམ་བསྒྲུབ་དགོས་ཀྱི་བཀའ་ལུང་སྤྱི་བོར་ཕེབས་པར་བརྟེན། ད་ལན་གུས་པ་འགོ་བ་དགེ་བཤེས་བསྟན་འཛིན་འབྲུག་གྲགས་དང་། བྱ་བཏང་སྤྲུལ་སྐུ་ཤེས་རབ་བློ་གྲོས། སྟག་ཞིག་སྤྲུལ་སྐུ་ཡེ་ཤེས་ཉི་མ་ངེད་གསུམ་གྱིས་གཙོར་འགན་བཞེས་ཏེ་བོད་གངས་ལྗོངས་ཀྱི་རྒྱལ་ས་ལྷ་སར་ཡོད་པའི་མདོ་དབུས་ཁམས་གསུམ་གྱི་བོན་གྱི་ལྷ་སྡེ་མི་དམངས་ལ་འབོད་བསྐུལ་ཞུས་ཏེ་སྐྱབས་རྗེ་མཁན་སློབ་རྣམ་གཉིས་ཀྱི་ཞབས་བརྟན་གཙོ་བོར་དམིགས་ཏེ། བོད་ཟླ ༡༢ཚེས ༡༥ཉིན་རྒྱ་མིའི་ཉ་གྲོང་ན་སྲོག་དབང་འགག་ལ་ཉེ་བའི་ཉ་འབུམ་ཕྲག་གཉིས་དང་རྒྱ་མ་ལྔ་སྟོང་ཚེ་ཐར་སྲོག་བསླུ་བྱས་ཏེ་གནས་རི་བྲག་ཡེར་པའི་འདབ་ཞོལ་དྭངས་གཙང་ཆུ་བོའི་ནང་དུ་ཉེན་མེད་གློད་བཀྲོལ་དང་ཆབས་ཅིག་ཚེ་ཐར་སྲོག་བསླུའི་འདོན་ཆོག་དང་སྦྲགས་བླ་སྤྲུལ་དགེ་བཤེས་དད་ལྡན་སྐྱ་སེར་ཚང་མས་ཐོག་མར་མགྲིན་གཅིག་ཏུ་སྐྱབས་རྗེ་མཁན་སློབ་རྣམ་གཉིས་ཀྱི་གསོལ་འདེབས་བརྒྱ་ཚར་དུ་མར་གྱེར་དབྱངས་ལས་དྲངས་ཞིང་། དེ་ནས་ཚེ་ཐར་སྲོག་བསླུའིི་འདོན་ཆོག་དང་མཐར་བསྔོ་སྨོན་གྱིས་རྒྱས་གདབ།

                                                    སྲོག་བསླུ་བྱས་པའི་ཉ་འབུམ་ཕྲག་གཉིས་ལྷག་ཙམ་དེ་རླངས་འཁོར་ནང་དབོར་འདྲེན་བྱེད་བཞིན་པ།

                                            སྲོག་བསླུ་བྱས་པའི་ཉ་འབུམ་ཕྲག་གཉིས་ལྷག་ཙམ་དེ་དྭངས་གཙང་ཆུ་བོའི་ནང་དུ་གློད་བཀྲོལ་གཏོང་རྒྱུར་གྲ་སྒྲིག

                                            སྲོག་བསླུ་བྱས་པའི་ཉ་འབུམ་ཕྲག་གཉིས་ལྷག་ཙམ་དེ་དྭངས་གཙང་ཆུ་བོའི་ནང་དུ་གློད་བཀྲོལ་གཏོང་བཞིན་པ།

                                     སྲོག་བསླུ་བྱས་པའི་ཉ་རྣམས་རིམ་བཞིན་ཆུ་བོའི་རྦ་ཀློང་གི་ཁྲོད་དུ་འཚེ་མེད་ཞི་བའི་ངང་དུ་སོ་སོའི་གནས་སུ་བསྐྱོད་བཞིན་པ།

                                         སྲོག་བསླུ་བྱས་པའི་ཉ་རྣམས་ཆུ་བོའི་ནང་དུ་གློད་བཀྲོལ་བཏང་ཟིན་རྗེས་བླ་གྲྭ་རྣམས་ཀྱིས་བསྔོ་སྨོན་གནང་བ།
         བོད་ཟླ ༡༢ཚེས ༡༦ལ་ཉིན་སྔོན་མའི་དད་ལྡན་མང་ཚོགས་རྣམས་ཀྱི་རྨང་གཞིའི་ཐོག་བོད་ལྗོངས་ཆབ་མདོ་ས་ཁུལ། འཇོ་མདའ་རྫོང་ཁོངས་སུ་གནས་པའི་སྟག་ཞིག་དང་ཞེ་ཞིག་དགོན་སོགས་དགོན་ཁག་བདུན་གྱི་ལྷ་སྡེ་མང་ཚོགས་ཀྱི་ཚེ་ཐར་སྲོག་བསླུའི་ཆེད་དུ་སྒོར་ཁྲི་བཅུ་དང་། དེ་བཞིན་བོད་ལྗོངས་ནག་ཆུ་ས་ཁུལ། སྦྲ་ཆེན་རྫོང་ཁོངས་ཀྱི་ཡིས་ཐ་སྟོད་སྨད་གཉིས་དང་། བོན་ཐ་འབྲོག་ཤོག་གཉིས། དྲུག་ཅུ་རྨ་རོང་འགག་སྒང་བཅས་དང་། གཞན་ཡང་ཁྱུང་པོ་སྟེང་ཆེན་རྫོང་། ཨ་མདོ་ཤར་ཁོག ཉག་རོང་བཅས་ཀྱི་དད་ལྡན་མང་ཚོགས་དང་། བླ་སྤྲུལ་དགེ་བཤེས་རྣམས་ཀྱིས། ཡ་ང་བ་དང་སྐྱི་རེ་འཇིགས་པ། ཤ་ཚ་བ་དང་སྙིང་རེ་རྗེ་བའི་ཁ་ཆེ་མུ་སྟེགས་བཤའ་རའི་གླིང་ནས། དད་ལྡན་སྙིང་རྗེ་ཅན་གྱིས་མར་འཐེན། སྲོག་གཅོད་ཤན་པ་ཅན་གྱིས་ཡར་འཐེན་བཞིན་པའི་སྲོག་གཅོད་འཕྲུལ་འཁོར་ར་བའི་ནང་ནས་ལུག་རེར་སྲོག་བསླུའི་རིན་སྒོར ༡༢༥༠ སྤྲད་དེ་ལུག་སུམ་བརྒྱ་ལྷག་ཙམ་སྲོག་དབང་འགག་ལ་ཉེ་བའི་སྐབས་དེར་ལུག་རྣམས་སྲོག་སྐྱོབས་ཐུབ་པའི་ཚེ་ཐར་སྲོག་བསླུའི་རྣམ་དཀར་དགེ་ལས་རྒྱ་ཆེན་བསྒྲུབ་ཐུབ་པ་བྱུང་།

                                                      སྙེ་ཐང་ལྷ་ཆེན་མོའི་ཉེ་འགྲམས་དུ་ཡོད་པའི་ཁ་ཆེའི་བཤའ་ར་ཆེན་པོའི་ཕྱིའི་ཁང་པ་ཟུར་གཅིག

                                         སྙེ་ཐང་ལྷ་ཆེན་མོའི་ཉེ་འགྲམས་དུ་ཡོད་པའི་ཁ་ཆེའི་བཤའ་ར་ཆེན་མོའི་ནང་གི་སེམས་ཅན་སྐེ་གཅོད་བྱེད་ཀྱི་འཕྲུལ་ཆས།

                                       ངེད་ཚོས་སེམས་ཅན་སྲོག་བསླུ་བྱེད་ཉིན་བོད་པ་ཁ་ཆེ་ཨ་ཧུང་ཟེར་བས་སེམས་ཅན་བརྒྱ་ཕྲག་བསད་པའི་ཟུར་གཅིག

                              ངེད་ཚོས་སེམས་ཅན་སྲོག་བསླུ་བྱེད་ཉིན་བོད་པ་ཁ་ཆེ་ཨ་ཧུང་ཟེར་བས་སེམས་ཅན་བརྒྱ་ཕྲག་བསད་མ་ཐག་པའི་མགོ་རུས་ཁག་གཅིག

                                                              བོད་པ་ཁ་ཆེ་ཨ་ཧུང་ཟེར་བས་སེམས་ཅན་འབུམ་ཕྲག་བསད་པའི་མགོ་རུས་ཀྱི་གླིང་།

                                         བོད་པ་ཁ་ཆེ་ཨ་ཧུང་ཟེར་བས་སེམས་ཅན་འབུམ་ཕྲག་བསད་པའི་ཤའི་རི་བོ། ཁྲག་གི་རྒྱ་མཚོ། རུས་པའི་བྲག་རི།

                                                                 སེམས་ཅན་འབུམ་ཕྲག་བསད་པའི་མགོ་རུས་ཀྱི་གསང་ལམ་རྒྱ་ཆེའི་ཟུར་གཅིག

                                                             ཁ་ཆེའི་བཤའ་ར་ནང་གི་ལུག་རྣམས་བཀོལ་སྤྱོད་བྱེད་སའི་ཕྱི་སྒོ་རྒྱ་རའི་ཟུར་གཅིག
          དེ་རྗེས་ལུག་རེ་རེ་བཞིན་ཚེ་ཐར་རྣ་སྐུད་དྲངས་ཞིང་དེ་ནས་བླ་སྤྲུལ་རྣམས་ཀྱིས་ཚེ་ཐར་སྲོག་བསླུའི་ཆོ་ག་མཛད་དེ་དབང་བསྐུར་བྱིན་རླབས་དང་ཚེ་ཐར་སྲོག་བསླུའི་ཆེད་དུ་བསྔོ་བ་སྐྱབས་རྗེ་མཁན་སློབ་རྣམ་གཉིས་ཀྱི་གསང་མཚན་ནས་དྲངས་ཏེ་ཁོང་རྣམ་གཉིས་གཙོས་པའི་འཛམ་གླིང་ཤར་ནུབ་ཡུལ་གྲུ་གང་སར་བཞུགས་པའི་གྲུབ་མཐའ་རིས་སུ་མ་མཆིས་པའི་བསྟན་འཛིན་གྱི་སྐྱེས་བུ་དམ་པ་རྣམས་བསྟན་དང་འགྲོ་བའི་དཔལ་དུ་སྐུ་ཚེ་ཞབས་པད་བསྐལ་བརྒྱར་བརྟན་ཞིང་གསང་གསུམ་གྱི་མཛད་འཕྲིན་ཡར་ངོའི་ཟླ་ལྟར་རྒྱས་པའི་ལེགས་མཚོན་གྱི་དགེ་བསྒྲུབ་དང་། སྐབས་བབས་ལྷག་པའི་སྦྱིན་པ་གསུམ་གྱི་ནང་ཚན་སྲོག་སྦྱིན་སྐྱབས་ཀྱི་སྦྱིན་པར་གཏོགས་པ། ཡ་ང་བ་དང་སྙིང་རྗེ་བ་སྲོག་གཅོད་ལ་ཉེ་བའི་ཙ་མོ་ཉ་རིགས་འབུམ་ཕྲག་གཉིས་དང་རྒྱ་མ་ལྔ་སྟོང་ལྷག དེ་བཞིན་གཡང་དཀར་ལུག་ཁྱུ་སུམ་བརྒྱ་ལྷག་ཙམ་སྦྱིན་པ་ཆེན་པོའི་རྣམ་དཀར་གྱི་ལས་དོན་བསྒྲུབ་མཁན་དགེ་བཤེས་བླ་སྤྲུལ་རྣམས་གཙོས་མདོ་དབུས་ཁམས་གསུམ་གྱི་བོན་གྱི་དད་ལྡན་མང་ཚོགས་རྣམས་ཀྱི་འཕྲལ་གྱི་རྐྱེན་ཞི་ཡུན་གྱི་སྒྲིབ་སྦྱོང་ཚོགས་རྫོགས་བསམ་དོན་ལྷུན་གྱིས་འགྲུབ་པའི་བཀྲ་ཤིས་བསྔོ་སྨོན་གྱིས་རྒྱས་གདབ་མཛད།

                         ཚེ་ཐར་བཏང་བའི་ཐོག་མ་སྙིང་རྗེ་བའི་ལུག་གུ་ཚོ་གཅིག་ལ་བླ་སྤྲུལ་རྣམས་ཀྱིས་ཐུགས་རྗེས་གཟིགས་ཏེ་བཀྲ་ཤིས་ལྷ་དར་གསོལ་བ།

                                              ཚེ་ཐར་བཏང་བའི་ལུག་སོ་སོར་བླ་མ་རྣམས་ཀྱིས་ལུག་རེར་འཚེ་མེད་ཞི་བདེའི་བཀྲ་ཤིས་ཀྱི་རྟགས་རེ་རྒྱབ་པ།

                                                             སྲོག་བསླུ་བྱས་པའི་ལུག་རྣམས་རེ་རེ་བཞིན་ཚེ་ལས་ཐར་བའི་རྣ་སྐུད་འདྲེན་བཞིན་པ།

                           ཚེ་ཐར་བཏང་བའི་ཐོག་མར་བླ་མ་དང་དད་ལྡན་རྣམས་ཀྱིས་ལུག་རེར་རྣ་སྐུད་དང་འཚེ་མེད་ཞི་བདེའི་བཀྲ་ཤིས་ཀྱི་དར་རེ་གསོལ་བ།


སྲོག་བསླུ་བྱས་པའི་ལུག་རྣམས་ལ་ཚེ་ཐར་བཏང་བའི་འདོན་པའི་ཆོ་གའི་སྒོ་ནས་དབང་བསྐུར་བྱིན་རླབས་དང་བསྔོ་སྨོན་གནང་བཞིན་པ།

      དེ་ནས་སྲོག་བསླུ་གནང་བའི་ལུག་རྣམས་འཇིགས་སྐྲག་སྡུག་བསྔལ་ཆེ་བའི་སྲོག་གཅོད་བཤའ་རའི་གླིང་ནས་ཐར་ཏེ་འཇིགས་མེད་ཞི་བདེའི་གནས་དུ་བསྐྱོད་པའི་སྐལ་བཟང་གི་གོ་སྐབས་ཐོབ་ནས་ཚེ་ལས་ཐར་བའི་ལུག་རྣམས་རླངས་འཁོར་ཆེ་བ་བརྒྱད་ཙམ་གྱི་ནང་དུ་བཞག་སྟེ་སྔོན་དུ་ཁ་དགེ་བཀྲ་ཤིས་ཆེད་དུ་བླ་སྤྲུལ་རྣམས་ཀྱི་ཕེབས་འཁོར་དང་དེ་རྗེས་ཚེ་ཐར་སྲོག་བསླུའི་རླངས་འཁོར་རྣམས་དང་། དེ་རྗེས་དད་ལྡན་མང་ཚོགས་རྣམས་ཀྱི་རླངས་འཁོར་ཁག་སེར་ཕྲེང་ལྟར་སྙེ་ཐང་ལྷ་ཆེན་མོ་ནས་རིམ་བཞིན་ལྷ་ལྡན་གྲོང་ཁྱེར་ནས་ཕྱིན་ཏེ་རི་མཐོ་ས་གཙང་ཞི་བདེ་བག་ཕེབས་ཀྱི་གནས་འབྲི་གུང་སྟོད་ཕྱོགས་འཚེ་བའི་ཞི་བའི་གནས་སུ་ལུག་རྣམས་བསུ་སྐྱེལ་ཐུབ་པའི་གནས་ཚུལ་མདོར་བསྡུས་པའོ།

ལུག་རྣམས་སྲོག་བསླུ་ཚེ་ཐར་གྱི་ཆོ་ག་དང་བསྔོ་སྨོན་གྲུབ་རྗེས་བླ་མ་རྣམས་ཀྱིས་དད་ལྡན་རྣམས་ལ་ཐུགས་རྗེ་ལེཌ་འབུལ་གྱི་དར་ཀ་གྲ་སྒྲིག་གནང་བ།

དུས་ཁྱད་པར་ཅན་ལ་ཚེ་ཐར་སྲོག་བསླུ་གནང་མཁན་རྣམ་པ་ལྷན་རྒྱས་ལེཌ་བྱས་འབུམ་གྱི་རྣམ་དཀར་དགེ་ཚོཌ་བཀྲ་ཤིས་བདེ་ལེགས་ཀྱི་མཇུག་གྲུབ་པ།

སྲོག་བསླུ་ཚེ་ཐར་བྱས་པའི་ལུག་རྣམས་སྐྱེལ་འདྲེན་གནང་མཁན་རླངས་འཁོར་ཁ་ལོ་བ་རྣམས་ལ་ལེཌ་མཚོན་གྱི་དར་ཀ་རེ་གསོལ་བ།

 རྣམ་དཀར་དགེ་བའི་སྟོབས་ཀྱིས་སྲོག་གཅོད་ཀྱི་གནས་ལས་ཐར་བའི་ལུག་ཁྱུ་རྣམས་འཚེ་མེད་ཞི་བའི་གནས་སུ་བསུ་སྐྱེལ་བྱེད་པའི་རླངས་འཁོར་རུ་སྒྲིག་དང་པོ།

རྣམ་དཀར་དགེ་བའི་སྟོབས་ཀྱིས་སྲོག་གཅོད་ཀྱི་གནས་ལས་ཐར་བའི་ལུག་ཁྱུ་རྣམས་འཚེ་མེད་ཞི་བའི་གནས་སུ་བསུ་སྐྱེལ་བྱེད་པའི་རླངས་འཁོར་རུ་སྒྲིག་གཉིས་པ།

   རྣམ་དཀར་དགེ་བའི་སྟོབས་ཀྱིས་སྲོག་གཅོད་ཀྱི་གནས་ལས་ཐར་བའི་ལུག་ཁྱུ་རྣམས་འཚེ་མེད་ཞི་བའི་གནས་སུ་བསུ་སྐྱེལ་བྱེད་པའི་རླངས་འཁོར་རུ་སྒྲིག་རྗེས་མ།

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།