ཁ་བྱང་།རྟོགས་ལྡན་ཚེ་མཚམས་པ་དགོངས་པ་གཤེགས་པ།

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

སྤེལ་མཁན། མིང་མེད། ip:113.142.17.*
སྤེལ་དུས། 2014-01-20 17:03:45
ཨཱོྂ་མ་ཏྲི་མུ་ཡེ་ས་ལེ་འདུ༔
 
སྤེལ་མཁན། རྒྱ་ཤོད་ཤེར་རྒྱམ་ནས། ip:182.130.14.*
སྤེལ་དུས། 2013-12-30 16:39:47
སྤྱིར་སྐྱེས་བུ་དམ་པ་ཁོང་ཉིད་ལྟ་བུ་དགོངས་པ་བོན་དབྱིངས་སུ་རྫོགས་པ་ནི་ཡིད་སྐྱོ་བའི་གནས་ཚུལ་ཞིག་འདུག་མོད། སྐུ་གདུང་འདི་ལྟར་ཆུང་བའི་རྟེན་འབྲེལ་གནད་དང་།དགུན་རྟ་ཟླའི་ནང་དུ་མཁའ་ལ་གཞའ་ཚོན་ཤར་བའི་མཚན་རྟགས་ཡ་མཚན་འདི་རིགས་ཀྱིས། རྟོགས་ལྡན་དགོན་པ་ཙམ་དུ་མ་ཟད་ང་ཚོ་བོན་པོ་སྤྱིའི་དགེ་མཚན་ཞིག་ཏུ་ངེས་པས་དགའ་བ་སྒོམ་ནའང་མི་ཆོག་མེད།
 
སྤེལ་མཁན། མིང་མེད། ip:14.128.12.*
སྤེལ་དུས། 2013-12-25 17:47:09
༼སྣང་སྟོང་དབྱེར་མེད་གཟིགས་པའི་རྣལ་འབྱོར་བ།།༽        
                          
         

ལྟ་བ་བཙལ་དང་མ་བཙལ་མེད་པ་གཟིགས་པའི་རྣལ་འབྱོར་བ།།   
སྤྱོད་པ་བླང་དང་དོར་བ་མེད་པ་གཟིགས་པའི་རྣལ་འབྱོར་བ།།   
སྒོམ་པ་ཡིད་ལ་བསམས་དྲན་མེད་པར་གཟིགས་པའི་རྣལ་འབྱོར་བ།།   
འབྲས་བུར་རེ་དང་དོགས་པ་མེད་པར་གཟིགས་པའི་རྣལ་འབྱོར་བ།།

ཚེ་གཅིག་ཉམས་ལེན་འབའ་ཞིག་ལ་བསྟིམས་ཏེ།། རིན་ཆེན་ལུས་འདི་དོན་ཡོད་ཉིད་དུ་བསྒྲུབ།།
འདི་སྣང་སྒྱུ་མར་འཁྲི་བ་གཏན་བཅད་ནས།། གཉུག་མའི་ས་རུ་གཤེགས་ལ་དགའ་ཞིང་སྐྱོ།།   

ཞེས་དུས་གསུམ་སངས་རྒྱས་རྣམས་ཀྱི་བཞེད་དགོངས་གཅིག་དུ་རྟོགས་པའི་རྫོགས་པ་ཆེན་མོའི་རྣལ་འབྱོར་པ་རྒན་ཨ་ཁུ་གསལ་ཁོ་འམ་ཚུལ་ཁྲིམས་དྲི་མེད་ཀུན་གསལ་རིན་པོ་ཆེ་དགོངས་པ་བོན་དབྱིངས་སུ་ཐིམ་པའི་གནས་ཚུལ་ཐོས་ཚེ་གུས་ཕྱག་དང་བཅས་རྒྱལ་འཁྱམ་པ་རྟོགས་གྲྭ་གཤེན་གྱི་རྣལ་འབྱོར་པ་བཤད་སྒྲུབ་དར་རྒྱས་ཀྱིས་བལ་ཡུལ་བོན་དགོན་ནས་གུས་ཕུལ།
 
སྤེལ་མཁན། གངས་ཤེས་རབ་མཐར་ཕྱིན། ip:117.136.18.*
སྤེལ་དུས། 2013-12-18 18:57:07
བོན་སྐུའི་ཀློང་དུ་གདོད་ནས་དེང་།།
རྫོགས་སྐུའི་ཟུང་འཇུག་དོན་མ་འགག།
སྤྲུལ་སྐུའི་མཛད་པ་མངོས་སྣང་བའི།།
སངས་རྒྱས་མཆོག་ལ་སྐྱབས་སུ་མཆི།།
བདག་སོགས་རྨོངས་པའི་བུ་སློབ་རྣམས།།
ཁྱེད་དང་དབྱེར་མེད་གྱུར་ནས་ནི།།
འགྲོ་དོན་མ་ལུས་ཡོངས་གྲུབས་ཤིང་།།
སྲི་ཞི་མཐའ་འདས་སར་འཁོད་ཤོག།
 
སྤེལ་མཁན། མིང་མེད། ip:14.128.12.*
སྤེལ་དུས། 2013-12-18 15:37:36
བྱ་བྲལ་སྒྲིབ་མེད་ནམ་མཁའ་ལྟ་བུའི་དོན་རྟོགས་ཀྱང་།  དགེ་སྦྱོར་ཚོགས་ལམ་མི་བཀགས་ཀུན་དང་མཐུན་པར་སྤྱོད།  དོན་དམ་ལྟ་ཕུག་གཅིག་གིས་བོན་ལ་འབད་མཁས་པ།   དྲི་མེད་ཀུན་གསལ་ཞབས་ལ་གསོལ་བ་འདེབས།
 
སྤེལ་མཁན། དགེ་བཤེས་འཇམ་མེ། ip:171.216.93.*
སྤེལ་དུས། 2013-12-18 15:18:39
འཁོར་བའི་ལས་ལ་འབྲེལ་ཐག་སྙིང་ནས་བཅད། ཉམ་ཆུང་ཆོག་ཤས་ཁོ་ནས་མི་ཚེ་ལ། ཉམས་ལེན་ཡང་དག་གནང་བའི་ཕྱག་སྲོལ་དེ། སྔོན་བྱོན་རྒྱལ་སྲས་དམ་པའི་མཛད་སྤྱོད་ཡིན།
 
དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།