བློན་ཚང་བསྟན་ཁོའི་ཡིག་གཟུགས།

[ཟླ་ཚེས། 2016-10-19 21:16:51][ཡོང་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]


  

དེང་རབ་བོད་ཀྱི་ན་གཞོན་སྙན་ངག་རྩོམ་པ་པོ་འམ། ཡང་ན་ཡིག་འབྲི་བ་བློན་ཚང་བསྟན་ཁོ་ནི། དུས་རབ་གོང་མའི་ལོ་རབས་དགུ་བཅུ་རུ། མདོ་སྨད་རྔ་བའི་བློན་ཚང་ཡུལ་ཚོའི་ཆ་བོ་སྡེ་བ་རུ་སྐྱེས། ལོ་བདུན་གྱི་ཐོག་ཡུལ་དེའི་སློབ་ཆུང་རུ་སོང་། སྤྱི་ལོ་༡༩༩༩ ལོར་རྔ་བ་སྣང་ཞིག་དགོན་ཆེན་གྱི་འཚོགས་གྲལ་ལ་ཞུགས་ནས་ཁུ་བོ་དམ་པ་དགེན་ཕུན་ནེ་ལགས་དགེ་རྒན་དུ་བསྟེན་ནས་ཀ་ཁ་ནས་རིམ་བཞིན་ཡི་གེ་འདོན་ཀློག་སོགས་བསླབས། སྤྱི་ལོ་ ༢༠༠༦ ལོར་དགེན་དམ་པ་གཙུག་ཕུད་འོད་ཟེར་ལགས་ཀྱི་མདུན་ནས་སླར་ཡང་ཡི་གེ་འདོན་ཀློག་སོགས་སྦྱངས། སྤྱི་ལོ་ ༢༠༠༧ ལོར་ཡོངས་ཀྱི་དགེ་བའི་བཤེས་གཉེན་ཆེན་མོ་འམ་གཡུང་དྲུང་བོན་གྱི་བཤད་སྒྲུབ་སློབ་གླིང་གི་སློབ་གཙོ་ཟུར་བ་སྣང་ཞིག་དགོན་གྱི་དཔོན་སློབ་ཆེན་མོ་སྤྲེའུ་བཙུན་ཀུན་བཟང་ལྷུན་འགྲུབ་ལགས་ཀྱི་མདུན་ནས། ཕྲ་ཡིག་དང་གཟུགས་རིང་སོགས་ཀྱི་ཡིག་གཟུགས་དང་། སུམ་དག་རྟགས་གསུམ། སྙན་ངག་སོགས་རིག་གནས་ཀྱི་སྐོར་སྦྱངས། ལོ་དེ་དག་གི་ཞོར་དུ་ཞང་ཞུང་བློ་གྲོས་ཉི་མས་མདུན་དུ་ཡིག་གཟུགས་ཀྱི་སྐོར་ནས་འཁྱུག་ཡིག འབྲུ་ཚ། དབུ་ཅན། དབུ་མེད་སོགས་ཡིག་རིགས་དུ་མའི་དཀྱོག་ལྟ་སོགས་བསླབས། སྤྱི་ལོ་ ༢༠༠༩ ལོར་གཡུང་དྲུང་བོན་གྱི་བཤད་སྒྲུབ་སློབ་གླིང་དུ་ཞུགས་ནས་མཚན་ཉིད་ཀྱི་སྐོར་དང་ཐུན་མོང་རིག་གནས་ཀྱི་སྐོར་ལ་སྦྱངས། ད་ལྟ་དེ་ཀའི་སློབ་གླིང་ནས་སློབ་གཉེར་བྱེད་ཀྱིན་ཡོད་པ་དང་། སྔ་གཞུག་ཏུ་དྲྭ་རྒྱ་དང་དཔེ་འཕྲིན་སོགས་སུ་ཁོ་བོའི་བརྩམས་ཆོས་མང་པོར་བཀོད་པ་ལགས་སོ། །

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།