བོད་རིག་པའི་ལོ་དེབ《གཉའ་ཁྲི་བཙན་པོ》སྤེལ་ནས་མི་ལོ༢༥འཁོར་བའི་དུས་དྲན་འཚོགས་པ།

[ཟླ་ཚེས། 2023-12-30 14:32:18][རྩོམ་པ་པོ། སྨན་ལྷ་དོན་འགྲུབ།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]


བོད་རིག་པའི་ལོ་དེབ་གྲགས་ཆེན《གཉའ་ཁྲི་བཙན་པོ》སྤེལ་ནས་མི་ལོ༢༥འཁོར་བའི་དུས་དྲན་འཚོགས་པ།

  ༢༠༢༣ལོའི་ཟླ༡༢པའི་ཚེས༢༩ཉིན་གྱི་ཕྱི་དྲོ་མདོ་ཁམས་ཤར་གྱི་ཐིག་ལེ་སྐུ་བླ་ཁྱུང་འཛོང་ངང་སྐྱའི་ཡང་དབེན་ཕུན་ཚོགས་རིན་སྤུངས་དགོན་ཞེས་ཡོངས་སུ་གྲགས་པའི་སྡེ་ཆེན་པོ་ཁམས་ཀྱི་རིན་སྤུངས་དགོན་ལྔ་རིག་བོན་གྱི་སློབ་གླིང་གི་སྡེ་ཚན་ཁྱུང་པོ་བློ་གྲོས་རྒྱལ་མཚན་རིག་གཞུང་ཞིབ་འཇུག་ཁང་དུ་བོད་རིག་པའི་ལོ་དེབ་གྲགས་ཆེན《གཉའ་ཁྲི་བཙན་པོ》སྤེལ་ལོ་མི་ལོ༢༥འཁོར་བའི་དུས་དྲན་འཚོགས་ཤིང་། འཚོགས་ཐོག་དེར་རིན་སྤུངས་དགོན་གྱི་མཆོག་སྤྲུལ༧བཤད་སྒྲུབ་བསྟན་འཛིན་རིན་པོ་ཆེ་དང་བླ་མ༧དོན་དབྱང་རིན་པོ་ཆེ་རྣམ་གཉིས་དབུ་བཞུགས་ཐོག་དགེ་བཤེས་དང་། མཁན་པོ། སློབ་མ་སོགས་མཉམ་འདུས་ངང་དུས་ཡུན་དུས་ཚོད་གཉིས་རིང་ཟབ་རྒྱས་ངང་འཚོགས་ཏེ་གོང་བཞུགས་མཆོག་སྤྲུལ་རྣམ་གཉིས་དང་མཁན་ཀ་ཤུལ་བསོད་ནམས་རིན་ཆེན་རྣམས་ཀྱིས་གསུང་གླེང་གནང་བར་མ་ཟད། ད་ལོའི《གཉའ་ཁྲི་བཙན་པོ》ཡི་སྟེང་དུ་རིག་གཞུང་དཔྱད་རྩོམ་སྤེལ་མཁན་རྣམས་ལ་དམིགས་བསལ་ལེགས་སྐྱེས་སོགས་བསྒྲོན།

  དེ་ཡང《གཉའ་ཁྲི་བཙན་པོ》བྱ་བའི་ལོ་དེབ་ནི་མཁས་དབང་ཆེན་མོ་སྟོང་སྐོར་ཚེ་རིང་ཐར་ལགས་ཀྱིས་གསུངས་པ་བཞིན་འདི་ནི་དམངས་སྒྲུབ་དུས་དེབ་ནང་ནས་རིག་གཞུང་ཞིབ་འཇུག་གཙོ་བོར་གཉེར་བའི་དུས་དེབ་དམིགས་བསལ་བ་ཞིག་ཡིན་ཞེས་པ་ལྟར། ལོ་དེབ་འདིས་ཉེ་བའི་ལོ་ངོ་འདི་དག་རིང་དུ་བླངས་པའི་རིག་གཞུང་ཕྱོགས་ཀྱི་གྲུབ་འབྲས་རྣམས་ནི་གཟེངས་སུ་ཐོན་པ་དང་འོད་སྟོང་འཕྲོ་བ་ཞིིག་ཡིན་སྟབས། རིག་གཞུང་ཞིབ་འཇུག་ལ་དགའ་མོས་ཡོད་པའི་སྐྱེས་བུ་བརྒྱ་སྟོང་མང་བོའི་རེ་སྒུག་གི་ཞིང་ས་གཤིན་པོ་གྱུར་དང་འགྱུར་བཞིན་པ་འདིའང་དགའ་འོས་པ་ཞིག་མ་ཡིན་ནམ།



 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།