《ཞི་ཅིན་ཕིང་གི་གསུང་རྩོམ་གཅེས་བསྒྲིཊ་ཀློག་དེབ》པོད་གཉིས་ཀའི་མི་རིགས་ཡིག་རིགས་ཀྱི་པར་གཞི་དཔེ་སྐྲུན་བྱས

[ཟླ་ཚེས། 2023-09-13 23:51:24][རྩོམ་པ་པོ། ཞི་ཅིན་ཕིང་།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

     《ཞི་ཅིན་ཕིང་གི་གསུང་རྩོམ་གཅེས་བསྒྲིགས་ཀློག་དེབ》པོད་དང་པོ་དང་པོད་གཉིས་པའི་སོག་རིགས་དང་། བོད་རིགས། ཡུ་གུར། ཧ་སག ཁྲའོ་ཞན དབྱིས་རིགས། ཀྲོང་རིགས་བཅས་ཀྱི་སྐད་ཡིག་སོགས་ཡིག་རིགས་བདུན་གྱི་པར་གཞིའི་ཡིག་སྒྱུར་ལས་དོན་ཡོངས་སུ་འགྲུབ་ནས། ཉེ་ཆར། རྒྱལ་ཡོངས་སུ་དཔེ་སྐྲུན་དང་འགྲེམས་སྤེལ་བྱས་པ་རེད། 
     ཀྲུང་གུང་ཀྲུང་དབྱང་ཡིག་ཆ་རྩོམ་སྒྲིག་ཨུ་ཡོན་ལྷན་ཁང་གིས་རྩོམ་སྒྲིག་བྱས་པའི《ཞི་ཅིན་ཕིང་གི་གསུང་རྩོམ་གཅེས་བསྒྲིགས་ཀློག་དེབ》པོད་དང་པོ་དང་པོད་གཉིས་པ་དེ་2023ལོའི་ཟླ་4པར་མི་དམངས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན། ཀྲུང་གུང་ཀྲུང་དབྱང་དྲིལ་བསྒྲགས་པུའུ་དང་རྒྱལ་ཁབ་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་གི་མཐུན་སྦྱོར་འོག ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་རྒྱལ་ཡོངས་ཀྱི་མི་རིགས་སྐད་ཡིག་ཡིག་སྒྱུར་དཔུང་ཁག་རྩ་འཛུགས་བྱས་ཏེ། 2023ལོའི་ཟླ་7པར་མི་རིགས་བདུན་གྱི་ཡིག་རིགས་ཀྱི《ཞི་ཅིན་ཕིང་གི་གསུང་རྩོམ་གཅེས་བསྒྲིགས་ཀློག་དེབ》པོད་དང་པོ་དང་པོད་གཉིས་པའི་ཡིག་སྒྱུར་ལས་དོན་ལེགས་འགྲུབ་བྱས་པ་རེད།《ཞི་ཅིན་ཕིང་གི་གསུང་རྩོམ་གཅེས་བསྒྲིགས་ཀློག་དེབ》པོད་དང་པོ་དང་པོད་གཉིས་པ་དཔེ་སྐྲུན་འགྲེམས་སྤེལ་བྱས་པ་དེས་རྒྱལ་ཡོངས་ཀྱི་རྒྱ་ཆེའི་གྲངས་ཉུང་མི་རིགས་ཀྱི་ལས་བྱེད་པ་དང་མང་ཚོགས་ཚོས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱ་རྒྱུར་སྔར་ལས་སྐུལ་འདེད་གཏོང་བ་དང་། “གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་བླངས་ནས། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་།“གདེང་ཚོད་བཞི” བརྟན་དུ་གཏོང་བ་དང་། “སྲུང་སྐྱོང་གཉིས”ཐུབ་པ་བྱས་ཏེ་རང་རྟོགས་ངང་བསམ་བློ་དང་ཆབ་སྲིད། བྱ་སྤྱོད་བཅས་ཀྱི་ཐད་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་བ་བྱས་ནས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པ་དང་། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ཡོང་བར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་ཆེད་མཐུན་སྒྲིལ་འབད་འཐབ་བྱེད་དགོས།  
     《ཞི་ཅིན་ཕིང་གི་གསུང་རྩོམ་གཅེས་བསྒྲིགས་ཀློག་དེབ》པོད་དང་པོ་དང་པོད་གཉིས་པའི་སོག་རིགས་དང་། བོད་རིགས། ཡུ་གུར། ཧ་སག ཁྲའོ་ཞན་བཅས་ཀྱི་སྐད་ཡིག་སོགས་ཡིག་རིགས་ཀྱི་པར་གཞི་མི་རིགས་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་འགྲེམས་སྤེལ་བྱས་པ་དང་། དབྱིས་རིགས་ཀྱི་སྐད་ཡིག ཀྲོང་རིགས་ཀྱི་སྐད་ཡིག་གི་པར་གཞི་ནི་མི་རིགས་དཔེ་སྐྲུན་ཁང་གིས་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་དང་། ཀོང་ཞི་མི་རིགས་དཔེ་སྐྲུན་ཁང་དང་མཉམ་འབྲེལ་བྱས་ནས་དཔེ་སྐྲུན་འགྲེམས་སྤེལ་བྱས་པ་རེད།
 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།