ཆབ་མདོ་མང་རི་དགོན་ནས་གྲུབ་ཆེན་རིན་པོ་ཆེའི་གདུང་མཆོད་འཚོགས་པ།

[ཟླ་ཚེས། 2020-03-01 18:18:55][རྩོམ་པ་པོ། གོ་སྒྲིག་ཚན་ཆུང་།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]


ཆབ་མདོ་མང་རི་དགོན་ནས་གྲུབ་ཆེན་རིན་པོ་ཆེའི་གདུང་མཆོད་འཚོགས་པ།

  དུས་མཐའི་བསྐལ་ཁུགས་གསོ་བའི་སེམས་དཔའ་ཆེན་པོ། ཞྭ་དཀར་གཡུང་དྲུང་བོན་གྱི་བསྟན་མཆོག་གངས་དཀར་ལྷུན་པོའི་དབུ་རྩེར་མཛད་ཆེན་དུ་མའི་སྡེར་བཞི་བསྒྲད་པའི་སེང་ཆེན་རྫོགས་པ་ཆེན་པོའི་ལྟ་སྒོམ་སྤྱོད་གསུམ་གྱི་གཡུ་རལ་ངོམ་པའི་རྣལ་འབྱོར་བ་གྲུབ་དབང་ནམ་མཁའ་རྒྱལ་མཚན་རིན་པོ་ཆེ་སྐུ་ཡི་རྒྱ་རལ་ནས་དགོངས་པ་བོན་དབྱིངས་སུ་སྐྱེ་འགག་མེད་པའི་ཀློང་ཆེན་དུ་འཐིམ་པའི་དུས་སུ། མགོན་པོ་གང་གི་ཞབས་འོག་པ་མང་རི་དགོན་ནས་༧རྒྱལ་བ་མཉམ་མེད་བླ་མའི་འཁྲུངས་མཆོད་དང་བསྟུན་ནས། གྲུབ་དབང་མཆོག་གི་སྐུ་པར་མཐོང་བ་རང་གྲོལ་གྱི་མདུན་དུ། རྣམ་ལྔ་རྣམ་བརྒྱད་རྟགས་བརྒྱད་ནོར་བདུན་སོགས་དངོས་སུ་འབྱོར་ཚད་དང་། ཡིད་སྤྲུལ་རྒྱལ་བ་དགྱེས་པའི་མཆོད་ཚོགས་དཔག་ཏུ་མེད་པ་སྤྲུལ་ནས། མཉམ་མེད་བླ་སྒྲུབ་དང་། རིན་པོ་ཆེའི་གསོལ་འབེབས་མཐའ་བཞི་ཡེ་གྲོལ་ཅན་སོགས་གསོལ་འདེབས་རིགས་དང་། བོན་སྐུའི་སྨོན་ལམ་སོགས་སྨོན་ལམ་མང་པོས་རྒྱས་གདབ་ཏེ་མེ་ཏོག་མཆོད་རྫས་ཀྱི་ཚུལ་དུ་ཕུལ་བའི་ཁར་ལྷ་སྡེ་མང་ཚོགས་རྣམས་ཀྱིས་དམ་པ་མཆོག་ཞིང་མཆོག་ཏུ་ཕེབས་པ་ཐོས་མ་ཐག་ཏུ་སོ་སོས་ཐུབ་ཚོད་ཀྱིས་ཚོགས་བསགས་མཆོད་འབུལ་ལ་བྲེལ་བཞིན་པ་ལགས་སོ།།



 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།