བོད་ས་ཕག་ལོའི་རྟོགས་ལྡན་དགོན་གྱི་སྔོན་འགྲོའི་བོན་ཚོགས་ཆེན་མོ།

[ཟླ་ཚེས། 2019-03-25 21:28:14][རྩོམ་པ་པོ། རྟོགས་ལྡན་འཕྲིན་སྟེགས།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

IMG_2082.JPG
ཚུལ་ཆེན་ཐེག་མཆོག་བསྟན་པའི་ཉི་མ་རིན་པོ་ཆེ་མཆོག
IMG_2083.JPG
གདོང་ལི་བསྟན་པ་རབ་རྒྱས་མཆོག
IMG_2084.JPG
ཉག་སྤྲུལ་བསོད་ནམས་རྒྱ་མཚོ་མཆོག

   དེ་ཡང་རྟོགས་ལྡན་དགོན་གྱི་བླ་རབས་གོང་མ་དག་གི་ཕྱག་སྲོལ་བཞིན་དུ་ད་ལོ་ཡང་༧སྐྱབས་རྗེ་ཚུལ་ཆེན་རིན་པོ་ཆེའི་བཀའ་ལྟར་ཉག་སྤྲུལ་བསོད་ནམས་རྒྱ་མཚོ་མཆོག་གིས་རྟོགས་ལྡན་དགོན་གྱི་དད་ལྡན་བོན་འབངས་ཡོངས་ལ་དང་བོ་ཕྱག་ཁྲིད་ནས་བར་དུ་ཀུན་མཁྱེན་རིན་པོ་ཆེའི་སྔོན་འགྲོའི་ཁྲིད་ཡིག་དམར་མོ་མཛུབ་ཚུག་ས་བཅད་བཅུ་གཉིས་ཀྱི་བདག་ཉིད་ཅན་ཏེ།

IMG_2085.JPG

   དང་བོ་ལམ་གྱི་རྩ་བ་བཤེས་གཉེན་བསྟེན་ཚུལ། གཉིས་པ་དལ་འབྱོར་རྙེད་དཀའ། གསུམ་པ་ཚེ་མི་རྟག  བཞི་བ་འཁོར་བའི་ཉེས་དམིགས། ལྔ་བ་ལས་རྒྱུ་འབྲས། དྲུག་པ་ཐར་བའི་ཕན་ཡོན། བདུན་པ་དད་པ། བརྒྱད་པ་སྐྱབས་འགྲོ། དགུ་བ་སེམས་བསྐྱེད།  བཅུ་བ་ཡིག་བརྒྱའི་སྒོམ་བཟླས། བཅུ་གཅིག་པ་མཎྜལ། བཅུ་གཉིས་པ་བླ་མའི་རྣལ་འབྱོར། མཐར་བཙན་ཐབས་འཕོ་བའི་གདམས་པ་འདི་དག་དམར་ཁྲིད་གནང་བའི་བཀའ་དྲིན་རྒྱ་ཆེར་བསྩལ། 

IMG_2086.JPG

   དེ་བཞིན་དུ་སྔོན་འགྲོ་བ་རྣམས་པས་ཀྱང་ཀུན་སློང་དང་ཀུན་སྤྱོད་སོགས་བོན་དང་མཐུན་པར་དད་པ་དག་སྣང་ངང་ནས་སྔོན་འགྲོ་འབུམ་དགུའི་བསག་སྦྱོང་ལེགས་པར་སྦྱངས་ཤིང་མཇུག་ཏུ་འཕོ་བའི་རྟགས་ཐོན་པ་སོགས་འགྲུབ་རྟགས་ཁྱད་པར་ཅན་མ་ཐོན་བར་དུ་སྦྱངས་བར་མཐར་ཕྱིན་མཛད་དོ། །

IMG_2093.JPGIMG_2090.JPG

 མཐར་སྔོན་འགྲོའི་བཀའ་དབང་ལ་༧སྐྱབས་མགོན་ཚུལ་ཆེན་རིན་པོ་ཆེས་གདུགས་དཀར་བྱེད་གྲོལ་གདོན་གྲོལ་གྱི་བཀའ་དབང་ཟབ་མོ་གནང་ཞིང་དམ་པ་གསུམ་དང་འབྲེལ་ནས་ཉམས་སུ་ལེན་ཚུལ་མན་ངག་སྙིང་རྒྱ་ཅན་ལྟ་བུའི་བཀའ་ཁྲིད་ལེགས་པར་གནང་ནས་བོད་ས་ཕག་ལོའི་སྔོན་འགྲོ་མགོ་མཇུག་ཐམས་ཅད་ཁ་དགེ་བདེ་ལེགས་ངང་ཡོངས་སུ་རྫོགས་པར་བྱས་སོ། །


11.png

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།