སྟེང་ཆེན་དགོན་ནས་༧དགའ་མལ་དགོན་ཆེན་གྱི་མཁན་ཆེན་མཆོག་སྐུ་མྱ་ངན་འདས་པར་གདུང་སེམས་མཉམ་བསྐྱེད་ཞུས།

[ཟླ་ཚེས། 2019-02-20 09:46:18][རྩོམ་པ་པོ། ཁྱུང་དྲའི་གཙོ་སྒྲུབ་པ།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

ཁྱུང་པོ་སྟེང་ཆེན་དགོན་ནས་༧དགའ་མལ་དགོན་ཆེན་གྱི་མཁན་ཆེན་ཤེས་རབ་ཚུལ་ཁྲིམས་མཐར་ཕྱིན་མཆོག་སྐུ་མྱ་ངན་འདས་པར་གདུང་སེམས་མཉམ་བསྐྱེད་ཞུས་པ།

1550627348310474.jpg1550627348734552.jpg

      བྱང་བྱ་དུར་དགའ་མལ་དགོན་ཆེན་གྱི་མཁན་ཆེན་ཤེས་རབ་ཚུལ་ཁྲིམས་མཐར་ཕྱིན་རིན་པོ་ཆེ་མཆོག་སྤྱི་ལོ་༢༠༡༩ལོའི་ཟླ་བ་༢པའི་ཚེས་༡༤ཉིན་རེ་ཞིག་མི་རྟག་ཚུལ་བསྟན་པའི་ཡིད་སྐྱོའི་གནས་ཚུལ་བྱུང་བ་ནི་སངས་རྒྱས་གཡུང་དྲུང་བོན་གྱི་བསྟན་པ་སྤྱི་ལ་གྱོང་གུན་བཟོད་ཐབས་བྲལ་བ་ཞིག་ཡིན་སྟབས། 

1550627348133037.jpg1550627350758219.jpg

   ༧ སྐྱབས་རྗེ་རྒྱ་མཚོ་ནོར་བུ་རིན་པོ་ཆེའི་བཀའ་སློབ་ལམ་སྟོན་བཞིན། ད་ཐེངས་ཆེད་དུ་བོད་ཚེས་བཅོ་ལྔའི་ཞི་ཁྲོའི་ཉིན་ཚོགས་དང་བསྟུན་ཏེ།

1550627348133037.jpg1550627350118720.jpg1550627354840453.jpg

    དག་ཞིང་པའི་སྐུ་པར་མཇལ་གྲོལ་རིན་པོ་ཆེ་གཞི་དཀྱིལ་དུ་བཤམ་ནས། ཁྱུང་པོ་སྟེང་ཆེན་དགོན་གྱི་བཤད་སྒྲུབ་སྒོམ་གསུམ་གྱི་འདུས་པ་ཡོངས་ཀྱིས་གདུང་སེམས་མཉམ་བསྐྱེད་ཀྱི་སྒོ་ནས་ཚེ་དབང་སྨོན་ལམ་དང་བསྔོ་བ་སོགས་ཞུས་ཡོད།

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།