གལ་ཆེ་བའི་གསལ་བརྡ།

[ཟླ་ཚེས། 2018-11-28 21:04:24][རྩོམ་པ་པོ། ཞང་ཞུང་རིག་མཛོད་ཁང་།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

བོན་གྱི་ཐ་སྙད་རྒྱ་ཡིག་ཐོག་ཕབ་བསྒྱུར་གཏན་འབེབས་གྲོས་ཚོགས་ཀྱི་ཐེངས་དགུ་བའི་གལ་ཆེའི་གསལ་བརྡ།
99999.jpg

དེ་ཡང་གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་སྤྱིའི་བཀོད་སྒྲིག་འོག་བོན་གྱི་ཐ་སྙད་རྒྱ་ཡིག་ཐོག་ཕབ་བསྒྱུར་གཏན་འབེབས་གྲོས་ཚོགས་ལོ་རེ་བཞིན་སི་ཁྲོན་ཞིང་ཆེན་ཁྲིན་ཏུའུ་གྲོང་ཁྱེར་དུ་འཚོགས་ཀིན་ཡོད་སྟབས། བོན་མདོ་སྔགས་རྫོགས་གསུམ་ཀྱི་གཞུང་ལུགས་ཁག་དང་དེ་བཞིན་ལོ་རྒྱུས། མི་སྣ། གསུང་རབ། གནས་རི་དགོན་སྡེ་སོགས་ཀྱི་མཚན་དང་གཞུང་ལུགས་ཀྱི་ནང་དོན་སྐོར་བཅས་དར་སྤེལ་སོགས་ལ་ཆེད་དམིགས་གནང་སྟེ་ལོ་རེ་བཞིན་ཆད་མེད་དུ་འཚོག་གི་ཡོད་པ་ཚང་མས་མཁྱེན་གསལ་ལྟར་རེད།
    སྤྱི་ལོ་
2018ལོའི་ཟླ་12པའི་ཚེས་29ཉིན་ནས་ཉིན་ལྔའི་རིང་ལ་གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱིས་བཀོད་སྒྲིག་འོག ངེད་ཞང་ཞུང་རིག་མཛོད་ཁང་གིས་གཙོ་འགན་བཞེས་ཏེ་བོན་གྱི་ཐ་སྙད་རྒྱ་ཡིག་ཐོག་ཕབ་བསྒྱུར་གཏན་འབེབས་གྲོས་ཚོགས་ཐེངས་དགུ་བ་དངོས་སུ་ཁྲིན་ཏུའུ་གྲོང་ཁྱེར་དུ་འཚོག་རྒྱུ་ཡིན་པས།  གཡུང་དྲུང་བོན་གྱི་རིག་གནས་ལ་ཤ་ཞེན་ཡོད་པའི་བླ་སྤྲུལ་དགེ་བའི་བཤེས་གཉེན་རྣམས་དང་། ཆེད་མཁས་དགེ་རྒན་རྣམ་པ་དང་། ཞིབ་འཇུག་པ་སོགས་ལོ་ལྟར་གྲོས་ཚོགས་འདིར་ཞུགས་མྱོང་ཡོད་པའི་སྡེ་ཁག་གཙོས་རྒྱ་བོད་ཀྱི་སྐད་ཡིག་གཉིས་ལ་ཚད་གཞི་ཅུང་མཐོ་བའི་སྐྱེས་བུ་རྣམས་དུས་ལྟར་ཕེབས་པར་བཀའ་དྲིན་ཆེ་ཞུ།

འབྲེལ་གཏུག་ཁ་པར། ལུང་དཀར་གཡུང་དྲུང་བསྟན་འཛིན། 13628989444
            རིན་སྤུངས་ཚུལ་བསྟན།
13990418773
       ཨ་དཔལ་བཟང་།
13909043403

འཚོགས་གནས། སི་ཁྲོན་ཞིང་ཆེན་ཁྲིན་ཏུའུ་གྲོང་ཁྱེར།

བོན་གྱི་ཐ་སྙད་རྒྱ་ཡིག་ཐོག་ཕབ་བསྒྱུར་གཏན་འབེབས་གྲོས་ཚོགས་ཐེངས་དགུ་བའི་འགན་འཛིན་པ་༼ཞང་ཞུང་རིག་མཛོད་༽ཁང་ནས་སྤྱི་ལོ་༢༠༡༨ལོའི་ཟླ་བ་༡༡པའི་ཚེས་༢༨ཉིན།


1543410516107299.jpg

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།