འབྲི་རུ་རྫོང་དུ་བཀའ་འགྱུར་རིན་པོ་ཆེ་རིན་མེད་བསྟན་བཞག་ཕུལ་བའི་མཛད་སྒོ་བསྡུས་པ།

[ཟླ་ཚེས། 2018-10-23 01:19:50][རྩོམ་པ་པོ། བཀའ་བརྟེན་དཔེ་སྒྲིག་ཁང་།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

微信图片_20181023003318.jpg 

2018-10-8ཉིན།     ལྗོངས་སྲིད་གྲོས་ཀྱི་རྒྱུན་ཨུད་ལུང་རིག་ཀུན་གསལ་སྙིང་པོ་རིན་པོ་ཆེ་མཆོག་འབྲི་རུ་དགའ་རི་དགོན་པའི་དབུ་བླའམ་མཚམས་ཆེན་ཤེས་རབ་མཐར་ཕྱིན་རིན་པོ་ཆེ་གཙོས་པའི་བླ་གྲྭ་མང་ཚོགས་རྣམས་ཀྱི་གདན་ཞུས་ལྟར་དགའ་རུ་དགོན་དུ་ཕེབས་ཁ་བསྒྱུར་ཏེ་བླ་གྲྭ་རྣམ་པའི་རྔ་གཤང་དུང་གླིང་གི་མདུན་བསུས་པ་དང་དད་ལྡན་མང་ཚོགས་རྣམས་ཀྱིས་ལག་ཟུང་ཐལ་མོ་སྦྱར་ཞིང་དཀར་གཙང་གི་མཇལ་དར་ཕུལ་བཞིན་དགའ་རི་དགོན་པའི་འདུ་ཁང་ཆེན་མོའི་ནང་དུ་གདན་འདྲེན་ཞུས། ཞོར་དུ་རིན་པོ་ཆེ་སོགས་དགོན་པའི་དུས་མཆོད་ཀྱི་འཆམ་ཆེན་སྟག་གྲོས་སེང་སྟབས་སྲུང་མའི་འཆམ་རྣམས་ལ་དགྱེས་གཟིགས་མཛད་པ་མ་ཟད་སྟག་ལའི་ཟློག་པ་དང་སྦྱིན་སྲེག་ཕུལ་ནས་ཞི་བདེའི་སྨོན་ལམ་གྱེར།

微信图片_20181023003258.jpg 

10-9ཉིན།  ཕྱག་ཚོད་༡༠པར་རྒྱལ་བའི་བཀའ་རིན་པོ་ཆེ་མཆོག་སྤྲུལ་རིན་པོ་ཆེའི་རླངས་འཁོར་ཐོག་ནས་དེར་ཕེབས་བླ་སྤྲུལ་གྲྭ་བཙུན་རྣམས་ཀྱིས་སེར་ཕྲེང་གིས་བསུས་ཏེ་དགའ་རི་དགོན་འོད་འབར་ལྷ་ཁང་གི་མདུན་ཐང་དུ་འབྲི་རུ་ཁུལ་བོན་གྱི་དགོན་སྡེ་རི་ཁྲོད་ཁག་ལ་རག་བླ་ལུང་རིག་ཀུན་གསལ་སྙིང་པོ་རིན་པོ་ཆེས་ཏང་གི་ཚོགས་ཆེན་བཅུ་དགུའི་དགོངས་དོན་དབུལ་བཅོལ་འགགས་བསྒྲོལ་དང་འབྱོར་འབྲིང་སྤྱི་ཚོགས་སླེབས་པའི་སྲིད་ཇུས་རོགས་འདེགས་དང་ལག་བསྟར་བྱས་ཏེ་ཀྲུང་ཧྭ་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་སངས་རྒྱས་གཡུང་དྲུང་བོན་གྱི་བཀའ་འགྱུར་ཆེན་མོ་རིན་མེད་བསྟན་བཞག་ཕུལ་བའི་མཛད་སྒོ་ཟབ་རྒྱས་ངང་འཚོགས་པས་དགོན་དེའི་བླ་གྲྭ་མང་ཚོགས་ཚང་མའི་དད་གུས་དང་དགའ་བསུ་གྲངས་མང་ཐོབ།

 微信图片_20181023010431.jpg

ཐོག་མར་དབྲ་ཁྱུང་དགེ་བཤེས་སྐལ་བཟང་ནོར་བུ་རིན་པོ་ཆེའི་གཙོ་སྐྱོང་གནང་སྟེ་མཛད་སྒོའི་མཛད་རིམ་སྐོར་གསུང་བཤད་གནང་། རག་བླ་ལུང་རིག་ཀུན་གསལ་སྙིང་པོ་རིན་པོ་ཆེས་སངས་རྒྱས་གཡུང་དྲུང་བོན་གྱི་བཀའ་འགྱུར་ཆེན་མོ་བཞེངས་བསྐྲུན་སྐོར་དང་། ལྷག་པར་དུ་ཚོགས་ཆེན་བཅུ་དགུ་སྐབས་རྒྱལ་ཁབ་གྱི་ཀྲུའུ་ཞི་ཞིན་ཅིང་ཕིང་གི་གནང་བའི་ཆོས་ལུགས་མི་སྣར་སློབ་སྦྱོང་ལག་བསྟར་བྱེད་རྒྱུ་སྡོམ་ཚིག་བཞི་སྟེ། ཆབ་སྲིད་ཐོག་བློ་འགེལ་ཆོག་པ། ཆོས་ལུགས་ཐོག་རྟོགས་པ་མཐོ་བ།སྤྱོད་ལམ་ཐད་ཀུན་གྱི་ཡིད་འགུ་བ། འགག་རྩའི་དུས་སུ་ནུས་པ་ཐོན་པ་དང་བཞི་གལ་ཆེའི་གསུང་བཤད་དང་སྦྲགས་འགྲེལ་ཟབ་རྒྱས་གནང་།

微信图片_20181023003225.jpg 

འབྲི་རུ་རྫོང་ཁོང་དུ་སངས་རྒྱས་གཡུང་དྲུང་བོན་གྱི་བཀའ་འགྱུར་ཆེན་མོ་རིན་མེད་བསྟན་བཞག་ཕུལ་བའི་དགོན་ཁག་གཤམ་གསལ་ལྟར། ༡༽གསའ་མདའ་བོན་དགོན་མི་གཡོ་བསམ་གཏན་གླིང་། ༢༽དགའ་རི་དགོན་དགའ་རབ་བདེ་ཆེན་གླིང་། ༣༽སེན་ཚ་དགོན་རྣམ་རྒྱལ་ཀུན་གྲགས་གླིང་། ༤༽དགོན་རྙིང་བསམ་གཏན་འོད་གསལ་རི་ཁྲོད། ༥༽གསའ་ཕུ་འཛོད་འཆང་སྨུག་མོ་རི་ཁྲོད། ༦༽དཔལ་ལྡན་ཀླུ་མཁར་དགོན། ༧༽དངུལ་ཁོ་དགོན་གཡུང་དྲུང་དར་རྒྱས་གླིང་། ༨༽གྱང་རྭ་རི་ཁྲོད་བདེ་ཆེན་འོད་འབར་གླིང་། ༩༽རྡོ་སྟེང་དགོན་ངོ་མཚར་ཕུན་ཚོགས་གླིང་། ༡༠༽ མཚམས་ཆེན་ཤེས་རབ་མཐར་ཕྱིན་སོགས་ལ་ཚར་བཅུ་ཕུལ། དགོན་དེའི་མཚམས་ཆེན་བླ་མ་ཤེས་རབ་མཐར་ཕྱིན་རིན་པོ་ཆེས་༧རག་བླ་ལུང་རིག་ཀུན་གསལ་སྙིང་པོ་རིན་པོ་ཆེས་སངས་རྒྱས་གཡུང་དྲུང་བོན་གྱི་བཀའ་འགྱུར་ཆེན་མོ་རིན་མེད་བསྟན་བཞག་ཕུལ་བའི་མཛད་པར་བསྟན་འགྲོར་སྤྱི་ཕན་གྱི་ཕྱག་ལས་རླབས་ཆེན་ལ་བསྔགས་བརྗོད་དང་བཀའ་དྲིན་ལེགས་མཚོན་གྱིས་གསུང་བཤད་གནང་།

微信图片_20181023003323.jpg 

ཐེངས་འདིའི་མདོ་འཛིན་པ་དབྲ་ཁྱུང་དགེ་བཤེས་སྐལ་བཟང་ནོར་བུས་མཆོག་གིས་སྤྲུལ་ཀུན་གསལ་སྙིང་པོ་རིན་པོ་ཆེས་རྩ་ཆེན་རྒྱལ་བའི་བཀའ་འགྱུར་རིན་པོ་ཆེ་རིན་མེད་བོན་སྦྱིན་བསྟན་བཞག་གནང་བ་འདི་ལྟར་རླབས་ཆེན་གྱི་མཛད་པ་དེ་སྔར་བྱུང་མྱོང་མེད་པས་ད་རེས་ཐེངས་དང་པོ་ཡིན་པར་ཧ་ཅང་གི་བསྟན་འགྲོར་ཁྱོན་ཡོངས་ལ་བཀའ་དྲིན་བླ་ན་མེད་པར་གནང་བ་རེད་ཅེས་བསྟོད་བསྔགས་ཀྱི་མེ་ཏོག་སིལ་མ་འཐོར་ནས་མཛད་སྒོ་ལེགས་མཐར་ཕྱིན་པའི་གཏམ་བཤད་སྤེལ་ནས་གྲོལ་བའོ།།

微信图片_20181023003338.jpg 

རག་བླ་ཀུན་གསལ་སྙིང་པོ་རིན་པོ་ཆེ་གཙོས་པའི་བླ་མ་རྣམ་པའི་དུས་འཁོར་དབང་དམ་ཟབ་མོ་གནང་བ་དང་ཀུན་གསལ་སྙིང་པོ་རིན་པོ་ཆེ་མཆོག་ནས་དད་ལྡན་མང་ཚོགས་རྣམས་ལ་ཏང་གི་ཚོགས་ཆེན་བཅུ་དགུ་བའི་དགོངས་དོན། རྒྱལ་གཅེས་ཆོས་གཅེས། མཐུན་སྒྲིལ་བརྟན་བརླིང་། དར་ཆ་མཐོ་འབྲིང་། ལངས་ཕྱོགས་བརྟན་པོ། སྣང་ཆེན་བཞི་དང་དགའ་ཞེན་བཞི་འི་སྐོར་སློབ་གསོ་ཟབ་རྒྱས་གནང་བའོ།།

 微信图片_20181023003350.jpg

ཞོར་དུ་མཆོག་སྤྲུལ་ཀུན་གསལ་སྙིང་པོ་རིན་པོ་ཆེ་གཙོས་པའི་བླ་གྲྭ་རྣམས་བླ་ཆེན་དྲན་པ་ནམ་མཁའི་སྟོང་སྐུ་དང་། སྟག་ལའི་མཆོད་རྟེན། གནམ་རྒྱལ་མཆོད་རྟེན། རྡོ་བརྐོས་མདོ་སྐལ་བཟང་སྙིང་པོ་རྣམ་གསུམ་གྱི་རྡོ་འབུམ་སོགས་ལ་རབ་གནས་དང་མཇལ་སྐོར་དུ་ཕེབས། ཕྱི་དྲོ་བླ་གྲྭ་མང་ཚོགས་རྣམས་པའི་ཡར་ཞུ་ལྟར་རག་བླ་ཀུན་གསལ་སྙིང་པོ་རིན་པོ་ཆེ་མཆོག་ནས་སྒྲིབ་སྦྱོང་མུན་སེལ་སྒྲོན་མའི་བྱང་བུ་བཞུས། ཚེས་བཅུ་གཅིག་ཉིན། རག་བླ་ཀུན་གསལ་སྙིང་པོ་རིན་པོ་ཆེ་ལྷ་ལྡན་གྲོང་ཁྱེར་བོད་ལྗོངས་ནང་བསྟན་སློབ་གླིང་ལ་འབྱོར་བའོ།།

  微信图片_20181023003407.jpg

རྒྱལ་བ་གཤེན་གྱི་ཞལ་གསུང་བཀའ་འགྱུར་ཆེ།།

རྒྱལ་བསྟན་དོན་དུ་དེང་མཐུན་དེབ་ལམ་ནས།།

རྒྱལ་ཁམས་དཔེ་སྦྱིན་གནང་པོ་ཀུན་གསལ་མཚན།།

རྒྱལ་བསྟན་རྒྱས་པའི་དོན་དུ་ཕུལ་བ་དགེ།

གཡུང་དྲུང་གྱེར་བསྟན་གླིང་ཞང་བོད་བཀའ་བརྟེན་དཔེ་སྒྲིག་ཁང་ནས།

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།