གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚོགས་ཆེན་གསུམ་འཚོགས་པའི་ཉིན་བཞི་བ།

[ཟླ་ཚེས། 2018-09-22 21:05:13][རྩོམ་པ་པོ། ཚོགས་འདུའི་གསར་འགྱུར་འགན་འཛིན་ཚན་ཁག][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

0.jpg 

གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་སྐབས་གཉིས་པའི་རྒྱས་འཛོམས་ཚོགས་ཆེན་ཐེངས་གཉིས་པ་དང་། གཡུང་དྲུང་བོན་གཡས་རུའི་འཆད་རྩོད་ཆེན་མོ་ཐེངས་གཉིས་པ། ཞང་བོད་ཤེས་རིག་གཞུང་བརྒྱའི་བགྲོ་གླེང་ཆེན་མོ་ཐེངས་གཉིས་པ་བཅས་ཚོགས་ཆེན་གསུམ་འཚོགས་པ།

微信图片_20180922212502.jpg

ཚེས་༡༣ ཉིན་གྱི་ཞོགས་པའི་ཆུ་ཚོད་༩ སྟེང་། ༡༽ འཆད་རྩོད་ར་བ་ཆེན་མོའི་ནང་རྩོད་པ་བ་ཀུན་དམིགས་བསལ་དམ་བཅའ་འཚོགས།

微信图片_20180922211003.jpg微信图片_20180922211451.jpg

微信图片_20180923093358.jpg19.jpg 

༢༽ མཉམ་འབྲེལ་ལྷན་ཚོགས་ཀྱི་ཚོགས་ཞུགས་མི་སྣ་ལྷན་རྒྱས་ཞང་བོད་རིག་གནས་སྒྱུ་རྩལ་འགྲེམ་སྟོན་གཙོས་པའི་སྡེ་ཚན་སོ་སོའི་ལས་ཀའི་གྲུབ་འབྲས་ཁག་ལ་ཞིབ་དཔྱད་རྒྱུས་ལོན་གནང་བར་ཕེབས་པ།

 20.jpg21.jpg

སྡེ་ཚན་སོ་སོའི་འགན་འཛིན་རྣམ་པས་ཚོགས་ཞུགས་པ་རྣམས་ལ་རང་རང་གི་བྱ་བའི་བརྒྱུད་རིམ་མཚམས་སྦྱོར་གནང་བ་སོགས་ཐེངས་འདིའི་ལས་དོན་ཁག་ཚགས་སུ་ཚུད་པ་མཛད།

 微信图片_20180923093405.jpg22.jpg

ཚོགས་འདུའི་གསར་འགྱུར་འགན་འཛིན་ཚན་ཁག་གིས། སྡེ་ཚན་སོ་སོའི་འགན་གཙོ་རྣམས་ལ་གནས་ཚུལ་བཅར་འདྲི་བྱས།

 微信图片_20180922212223.jpg微信图片_20180922212245.jpg

微信图片_20180922212011.jpg微信图片_20180922211922.jpg

ཆུ་ཚོད་༡༡སྟེང་། ༡༽ འཆད་རྩོད་ར་བ་ཆེན་མོའི་ནང་རྩོད་པ་བ་ཀུན་གླིང་ཚན་དམ་བཅའ་འཚོགས། ༢༽གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚོགས་ཞུགས་མི་སྣ་ལྷན་རྒྱས་ཞང་བོད་རིག་གནས་སྒྱུ་རྩལ་འགྲེམ་སྟོན་གཙོས་པའི་སྡེ་ཚན་སོ་སོའི་ལས་ཀའི་གྲུབ་འབྲས་ཁག་ལ་ཞིབ་དཔྱད་རྒྱུས་ལོན་གནང་བར་ཕེབས་པ། སྡེ་ཚན་སོ་སོའི་འགན་འཛིན་རྣམ་པས་ཚོགས་ཞུགས་པ་རྣམས་ལ་རང་རང་གི་བྱ་བའི་བརྒྱུད་རིམ་མཚམས་སྦྱོར་གནང་བ་སོགས་ཐེངས་འདིའི་ལས་དོན་ཁག་ཚགས་སུ་ཚུད་པ་གནང་།

5.jpg微信图片_20180923093100.jpg1.jpg

2.jpg6.jpg7.jpg

ཕྱི་དྲོ་ཆུ་ཚོད་༡:༣༠ སྟེང་། གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས། ཞང་བོད་ཤེས་རིག་གཞུང་བརྒྱའི་བགྲོ་གླེང་ཆེན་མོ་འཚོགས། མཉམ་འབྲེལ་ལྷན་ཚོགས་ཀྱི་དྲུང་ཡིག་པ།  བཙུན་མ་གཡུང་དྲུང་བཟང་མོས་མདོ་འཛིན་བྱས་ཏེ། རྒྱ་ཤོད་དགེ་བཤེས་ཤེས་རབ་རྒྱ་མཚོས་འོལ་མོ་ལུང་རིང་གི་ས་ཁྲ་འཚོལ་ཞིབ་དང་འབྲེལ་བའི་བགྲོ་གླེང་བྱས། ཁྱུང་པོ་སྟེང་ཆེན་དགོན་པའི་རྒྱལ་སྲས་སེམས་དཔས། ཁྱུང་ཡུལ་དུ་དར་ཁྱབ་ཆེ་བའི་དབུ་མེད་ལུགས་ཀྱི་ལོ་རྒྱུས་དང་དེ་དག་གི་གཟུགས་འགྱུར་ལ་དཔྱད་པ་ཞེས་པའི་བགྲོ་གླེང་བྱས། བྱང་དང་ར་བ་བསྟན་འཛིན་ཤེས་རྒྱལ་གྱིས། རྟ་སྒོ་དང་ར་དང་འབྲེལ་བའི་ཞང་ཞུང་གི་གནའ་ཤུལ་ངོ་སྤྲོད་དང་སྐྱིད་གསུམ་བླ་བྲང་གླེང་བ་ཞེས་པའི་སྐོར་ནས་བགྲོ་གླེང་བྱས། རྟོགས་ལྡན་དགོན་པའི་བྱང་ཚེ་འབར་གྱིས། ལས་ལམ་གྱི་སྐོར་རགས་ཙམ་གླེང་བ་ཞེས་པའི་སྐོར་ནས་བགྲོ་གླེང་བྱས། སྣང་ཞིག་དགོན་པའི་གཡུ་ཚེ་རིང་ཐར་གྱིས། བླ་མེད་རྫོགས་པ་ཆེན་པོའི་ལུགས་ཀྱི་བྱང་ཆུབ་སེམས་ལ་རགས་ཙམ་དཔྱད་པ་ཞེས་པའི་སྐོར་ནས་བགྲོ་གླེང་བྱས། རྟོགས་ལྡན་ཀུན་གྲོལ་རྒྱ་མཚོས། རྫོགས་པ་ཆེན་པོའི་གཞི་ལམ་འབྲས་གསུམ་སྐོར་གླེང་བ་བཅས་དྲི་བ་དྲིས་ཀྱི་ནང་དོན་ཕུན་སུམ་ཚོགས་པའི་བགྲོ་གླེང་བྱས།

微信图片_20180922212541.jpg微信图片_20180922212835.jpg 

ཆུ་ཚོད་༣:༣༠ སྟེང་། ༡༽ འཆད་རྩོད་ར་བ་ཆེན་མོའི་ནང་རྩོད་པ་བ་ཀུན་འཆད་ར་འཚོགས།

10.jpg11.jpg12.jpg

13.jpg14.jpg15.jpg

༢༽ གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚོགས་ཞུགས་མི་སྣ་ལྷན་རྒྱས་མུ་མཐུད་ནས་ཞང་བོད་ཤེས་རིག་གཞུང་བརྒྱའི་བགྲོ་གླེང་ཆེན་མོ་འཚོགས།མཉམ་འབྲེལ་ལྷན་ཚོགས་ཀྱི་དྲུང་ཡིག་པ་ཤེས་རབ་གྲགས་པས་མདོ་འཛིན་བྱས་ཏེ།  བགྲོ་གླེང་གནང་མཁན།  གདན་ཞུའི་ཆེད་མཁས་པ། དགའ་མལ་དགོན་པའི་སྒྲུབ་སློབ་ཤེས་རབ་ལྷུན་གྲུབ་ཀྱིས། མདོས་གཞུང་ལས་བསྟན་པའི་ལག་ལེན་དང་ནམ་རྒྱང་སོགས་ཀྱི་ངོ་སྤྲོད་གནད་བསྡུས་ཞེས་པའི་སྐོར་ནས་བགྲོ་གླེང་གནང་།  ཧོར་ཚང་ནོར་བུ་གཡུལ་རྒྱལ་གྱིས་ལྡོང་མདོ་ལུགས་ཀྱི་ལྷ་བྲིས་བྱུང་རིམ་སྐོར་གྱི་ངོ་སྤྲོད་བགྲོ་གླེང་བྱས། ཆུང་རྒྱུད་ཚེ་དབང་རྣམ་རྒྱལ་གྱིས་ཁྱུང་པོའི་ཡིག་གཟུགས་ཀྱི་ལོ་རྒྱུས་དང་འབྲེལ་བའི་ཁྱུང་བྲིས་ཀྱི་ཁྱད་ཆོས་བཅས་ཀྱི་སྐོར་ལ་བགྲོ་གླེང་བྱས། སྦྲ་ཆེན་སྦྱིན་པས། ཞང་བོད་མར་ཚོན་སྒྱུ་རྩལ་སྐོར་ནས་བགྲོ་གླེང་བྱས།

微信图片_20180922211747.jpg微信图片_20180922211825.jpg 

༣༽ མཚན་འཛིན་ཚོགས་གཙོ་ཚུལ་ཆེན་ཐེག་མཆོག་བསྟན་པའི་ཉི་མ་མཆོག་གིས་རྒྱ་ཆེའི་དད་ལྡན་མང་ཚོགས་ལ་ས་ལེ་འོད་ཀྱི་གོ་དོན་དང་ཕན་ཡོན་སྐོར་འཆད་ཁྲིད་གནང་བ།

 微信图片_20180922212628.jpg微信图片_20180922212810.jpg

微信图片_20180922212855.jpg微信图片_20180922212921.jpg

ཆུ་ཚོད་༦:༣༠སྟེང་། ༡༽ རྩོད་པ་བ་ཀུན་ས་ལམ་གླིང་ཚན་དམ་བཅའ་ཆེན་མོ་འཚོགས། ༢༽ གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚོགས་ཞུགས་མི་སྣ་ལྷན་རྒྱས་གླིང་ཚན་དམ་བཅའ་ཆེན་མོར་མཉམ་ཞུགས་གནང་བ།

 微信图片_20180922212934.jpg微信图片_20180922212943.jpg

ཚོགས་འདུའི་གསར་འགྱུར་འགན་འཛིན་ཚན་ཁག་གིས་ཚོགས་འདུའི་གནས་ཚུལ་ཟིན་ཐོར་འགོད་པ། པར་ལེན་དང་བརྙན་ཕབ། ནངས་དགོང་དང་ངལ་གསོའི་བར་གསེང་རྣམས་སུ་མི་སྣ་གལ་ཆེན་དག་ལ་བཅར་འདྲི་བྱེད་པའི་བྱ་བར་འབད་ནས། ཉིན་རེ་རེའི་གནས་ཚུལ་བོད་རྒྱ་ཡིག་རིགས་གཉིས་ཐོག་ནས་ཧི་མ་ལ་ཡའི་བོན་དྲ་བ་དང་གངས་ལྗོངས་བོདྲ་བར་བཀོད་པ་བཅས་ཉིན་བཞི་བའི་གནས་ཚུལ་རགས་རིམ་ཙམ་མོ།།

微信图片_20180922213032.jpg微信图片_20180922212957.jpg

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།