མདོ་ཁམས་བོན་གྱི་བཙུན་མའི་བཤད་སྒྲུབ་སློབ་གླིང་གི་ཚད་མའི་རིག་སྒྲ་ཆེན་མོ་འཚོགས་པ།

[ཟླ་ཚེས། 2018-09-17 20:20:27][རྩོམ་པ་པོ། རྒྱུན་ལས་དྲུང་ཡིག་ཚན་ཁག][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

 微信图片_20180917195221.jpg

ཁྱབ་བདག་འཁོར་ལོའི་མགོན་པོ་ཀུན་བཟང་དངོས། །

རིག་པ་རང་ཤར་དགོངས་གཏེར་ངེས་གསང་མཛོད། །

ཐེག་ཆེན་རྒྱུད་འཛིན་སྟོན་འཁོར་ཉེར་ལྔ་ཡི། །

བཤད་སྒྲུབ་སྒོམ་སྡེའི་བསྟན་པ་རྒྱས་གྱུར་ཅིག །

 微信图片_20180917195057.jpg

སྤྱི་ལོ་༢༠༡༨ལོའི་ཟླ་བ་༩ཚེས་༡༣ཉིན་གཡུང་དྲུང་བོན་བྱ་བཏང་བཙུན་མའི་བཤད་སྒྲུབ་སློབ་གླིང་ནས། ཉེར་གཅིག་པའི་དུས་རབས་འདི་ནི་ཤེས་བསྐལ་གྱི་དུས་རབས་སུ་བསྔགས་ཏེ། སྔོན་ཐོན་གྱི་མི་རིགས་ཕལ་མོ་ཆེ་སློབ་གསོ་ཡང་དག་པས་བསྐྱེད་པའི་ཤེས་རིག་ལ་ཁ་ཕྱོགས་ནས། རང་གི་ནུས་པས་ཐུབ་ཚོད་ཀྱིས་རིག་པའི་གཞུང་ལུགས་དང་། སྐད་དང་ཡི་གེ ཡུལ་སྲོལ་གོམས་གཤིས། ཆོས་ལུགས་དང་བཅས་པ་དར་སྤེལ་བཏང་དང་གཏོང་གིན་པའི་དུས་ཚིགས་སུ། བྱ་བཟང་ལ་དཔེ་ལྟ་བའི་ལམ་ལུགས་དེ་ཉིད་སེམས་ཀྱི་ཀུན་སློང་དུ་བཅུག་སྟེ་ལག་ལེན་དངོས་སུ་བསྟར་བ་ནི།

 微信图片_20180917195151.jpg

ཁམས་ཉག་རོང་བྱ་བཏང་བཙུན་མའི་བཤད་སྒྲུབ་སློབ་གླིང་དང་། ཁམས་བྲག་འགོ་རྒྱལ་རོང་དགོན་བཙུན་མའི་ཆེས་མཐོའི་ལྔ་རིག་ནང་བསྟན་སློབ་གླིང་གཉིས་ཀྱི་དགེ་སློབ་ལྷན་དུ་འཛོམས་ནས། ཐེངས་དང་པོའི་མདོ་ཁམས་བོན་གྱི་བཙུན་མའི་བཤད་སྒྲུབ་སློབ་གླིང་གི་ཚད་མའི་རིག་སྒྲ་ཆེན་མོ། ཉག་ཤོད་ས་ཡི་ཐིག་ལེ་དཔལ་གཤེན་བསྟན་དར་རྒྱས་བཀྲ་ཤིས་གླིང་ངམ་གཡུང་དྲུང་བོན་བྱ་བཏང་བཙུན་མའི་བཤད་སྒྲུབ་སློབ་གླིང་དུ་ཚོགས་ཏེ།

 微信图片_20180917195156.jpg

བདུན་གསུམ་ཉེར་གཅིག་ཐམ་པའི་རིང་ལ་༧རྗེ་རྒྱལ་བ་མཉམ་མེད་ཆེན་པོའི་ཚད་མ་རྣམ་འབྱེད་འཕྲུལ་གྱི་སྒྲོན་མེའི་ལེའུ་གསུམ་པ་རྟགས་ཀྱི་རིགས་པའི་སྐོར་ལ་སྦྱོང་བརྩོན་ཐང་ལྷོད་མེད་པར་བྱས། སློབ་གཉེར་བ་ཕན་ཚུན་བསམ་བློ་བརྗེ་རེས་དང་། བློ་བསྐྱེད་སྤྲད་རེས་ཀྱི་སྒོ་ནས་ཚད་མ་རིག་པར་སྦྱོང་བརྡར་ནན་པོར་བྱས།

 微信图片_20180917195206.jpg

ལས་བྱ་འདི་ནི་ང་ཚོ་ཉམ་ཆུང་བཙུན་མའི་སྡེ་ལ་ཐུགས་ཁུར་དང་རྒྱབ་བསྐྱོར་གནང་མཁན་གྱི་བླ་སྤྲུལ་དགེ་བཤེས་མཁན་པོ་རྣམ་པས་ཐུགས་རྒྱ་ཆེར་བསྐྱེད་ལས་བརྟེན་ནས་གྲུབ་པ་ཞིག་ཡིན་པའི་ཕྱིར་ན། ཁོང་རྣམས་ལ་ལྷག་ཏུ་བཀའ་དྲིན་ཆེ་ཞུ་བ་ཡིན། འབྱུང་འགྱུར་དཀར་པོ་དཀར་རྐྱང་གི་ཁོངས་སུ་གཏོགས་པའི་བྱ་བཟང་འདི་ཡི་ཚེ་སྲོག་མྱི་ལོ་ཐེར་འབུམ་དུ་མས་བསུ་མ་ཞུ་སྟེ། བོད་ཀྱི་ཚད་མ་རིག་པའི་རླབས་འཕྲེང་རི་བོ་ཧི་མ་ལ་ཡའི་ཉིན་སྲིབ་ཀུན་ཀར་འཚོ་སྡོད་བྱེད་པའི་ཕོ་མོ་རིས་མེད་ལ་ཁྱབ་བདལ་ཡོང་བའི་སྨོན་ལམ་ཡང་ནས་ཡང་དུ་འདེབས་པ་ལགས་སོ།།

ཐེངས་དང་པོའི་མདོ་ཁམས་བོན་གྱི་བཙུན་མའི་ཚད་མའི་རིག་སྒྲ་ཆེན་མོའི་རྒྱུན་ལས་དྲུང་ཡིག་ཚན་ཁག་ནས། ༢༠༡༨/༩/༡༣ཉིན།

微信图片_20180917195210.jpg

微信图片_20180917195215.jpg

微信图片_20180917195230.jpg

微信图片_20180917195226.jpg

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།