རྫ་སྟེང་ཆེན་དགོན་གྱི་གསས་ཁང་སྒོ་འབྱེད་བརྡ་སྦྱོར།

[ཟླ་ཚེས། 2018-09-15 09:32:08][རྩོམ་པ་པོ། གོ་སྒྲིག་ཚོགས་ཆུང་།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

WechatIMG343.jpg
1536975187911327.jpg
1536975187101128.jpg

   ཀུན་ཀྱིས་མཁྱེན་གསལ་ལྟར་ངེད་རྫ་སྟེང་ཆེན་དགོན་དཔལ་གཤེན་བསྟན་མདོ་སྔགས་བསྟན་རྒྱས་གླིང་གི{གཡུང་དྲུང་ཡང་རྩེའི་གསས་ཁང}རབ་གནས་མཛད་སྒོ་སྤྱི་ལོ 2018 ལོའི་ཟླ 9 ཚེས 27 སྟེ་གཤེན་གྱི་འབྱུང་ལྡན ༣༠༡ ས་ཕོ་ཁྱི་ལོའི་ཟླ ༨ ཚེས ༡༧  ཉིན་སྤེལ་འཆར་ཡིན་པས་སྤྱི་སྒེར་གང་གི་ངོས་ནས་དངོས་སུ་ཕེབས་ཐུབ་པའི་རེ་འདུན་ནན་བསྐུལ་གྱིས་དགོན་སྡེ་ཁག་དང་།  བླ་མ།  སྤྲུལ་སྐུ།  མཁན་པོ།  དགེ་བཤེས།  གྲྭ་བཙུན།  སྔགས་པ།   བཙུན་མ།   སྤྱི་ཚོགས་ཁྲོད་ཀྱི་མཁས་དབང་དང་།   དགེ་རྒན།   སློབ་མ།   གོང་རིམ་དབུ་ཁྲིད།   འབྱོར་ལྡན་ཚོང་པ།  མདོར་ན་དད་ལྡན་སེར་སྐྱ་རིས་སུ་མ་ཆད་པའི་སྐུ་མགྲོན་གང་མང་ལ་དགོན་འདིའི་དམངས་གཙོའི་དོ་དམ་ཚན་ཆུང་གིས་བརྡ་སྦྱོར་གཏོང་བཞིན་ཡོད་ཀྱང་ད་དུང་སྒེར་ནས་འབྲེལ་འདྲིས་མ་ཐུབ་ས་སུ་ཞིག་ཡིན་རུང་དུས་ལས་མ་འཛོལ་བར་ཕེབས་ཐུབ་པར་ཞུ།

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།