ཤར་རྫའི་གདན་ས་ནས་བོན་བརྒྱ་རིན་པོ་ཆེ་ལ་གདུང་མཆོད་ཕུལ་བ།

[ཟླ་ཚེས། 2018-08-25 19:10:37][རྩོམ་པ་པོ། མཁན་ཉི་མ།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

1535195458135915.jpg1535195457520856.jpg

   བཅུ་ཕྲག་རིག་པའི་གནས་ཀུན་གཟིགས་པའི་སྤྱན་རས་རབ་ཏུ་ཡངས་ཤིང་།   དཀྱིལ་འཁོར་རིགས་བརྒྱ་གཅིག་ཏུ་འདུས་པའི་རིག་འཛིན་འཆང་དབང་ཆེན་མོ།   གྱེར་བསྟན་སྤྱི་དང་ཁྱད་པར་མདོ་སྨད་བསྟན་པའི་གསལ་བྱེད་སྐྱབས་རྗེ་བོན་བརྒྱའི་མཆོག་སྤྲུལ་དགེ་ལེགས་ལྷུན་གྲུབ་རྒྱ་མཚོ་དཔལ་བཟང་པོ་ཉིད་གཟུགས་སྐུའི་བཀོད་པ་བོན་དབྱིངས་སུ་བསྡུས་པའི་གནས་ཚུལ་ཤེས་རྟོགས་བྱུང་བ་ལ། 

   ངེད་ཤར་རྫའི་རི་ཁྲོད་འདུས་པ་ཡོངས་ཀྱི་ཡིད་དབང་བློ་ཕམ་གྱིས་ཁེངས་ཤིང་སེམས་རྩ་མྱ་ངན་གྱིས་གདུང་བཞིན་དེ་རིང་ཆེད་དམིགས་ཀྱིས་རྗེ་བླ་མའི་ཐུགས་དགོངས་ཡོངས་སུ་རྫོགས་པ་དང་རྗེས་འཇུག་བུ་སློབ་ཀྱི་སྡེ་ཚོགས་དུས་ནམ་ཡང་ཐུགས་རྗེ་གྲིབ་བསིལ་སྣུམ་པོའི་སྐྱབས་འོག་ནས་མི་འདོར་བར་རྗེ་བླ་མའི་བྱིན་རླབས་སེམས་ལ་འཇུག་པའི་གསོལ་འདེབས་དང་བོན་སྐུ་སྨོན་ལམ།   ཚོགས་མཆོད་དང་བླ་མའི་མཆོད་པ་སོགས་ཀྱིས་མཚོན་པའི་འདས་མཆོད་གང་འཚམས་ཕུལ་བ་བཅས་སོ།།

1535195458826468.jpg1535195457390169.jpg

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།