སྨོན་རྒྱལ་རིག་འཛིན་ཀུན་གྲོལ་གྲགས་པའི་འཁྲུངས་མཆོད་ཆེན་མོ་བསུ།

[ཟླ་ཚེས། 2018-08-22 13:51:38][རྩོམ་པ་པོ། ཚོགས་གཙོ་བསྟན་པ་སྨོན་ལམ།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

1534917428362800.jpg
བསྟན་པ་བོན་གྱི་རྒྱལ་མཚན་མཁའ་ལ་ཕྱར།།
མཛད་འཕྲིན་གོ་ལའི་ཁྱོན་དུ་ལྷང་ལྷང་བསྒྲོགས།།
མི་ནུབ་མི་འགྱུར་གཡུང་དྲུང་རྟགས་འཆང་བ།།
རྒྱལ་བསྟན་གསོ་བའི་གྱེར་སྤུངས་ཁྱེད་ལ་འདུད།།
1534917429140683.jpg
བླ་ཆེན་དྲན་པ་ནམ་མཁའ་དངོས་བྱོན་སྐུ།།
སྨོན་རྒྱལ་གདུང་རབས་མར་ཞི་ཕྲེང་བ་ལས།།
ལེགས་འོང་རིགས་འཛིན་ཀུན་གྲོལ་གྲགས་པ་རྗེ།།
འཁྲུངས་ཚེས་ཚེས་བཅུ་སྐལ་བཟང་དུས་ཆེན་བསུ།།
1534917429899235.jpg

   བོད་ས་ཁྱི་ལོའི་བོད་ཟླ་བདུན་པའི་ཚེས་བཅུ་སྤྱི་ལོ་2018སྤྱི་ཟླ་8ཚེས་20ཉིན་རིག་འཛིན་ཀུན་གྲོལ་གྲགས་པའི་འཁྲུངས་མཆོད་ཆེན་མོ་མདོ་གམ་ཁྱུང་ཡུལ་སྨོན་རྒྱལ་གདན་ས་ཁྱུང་ཡུལ་བླ་བྲང་ཐེག་ཆེན་ནོར་འཁྱིལ་གླིང་དུ་འཚོགས་པ་རེད། ཞོགས་པ་ཕྱ་ཚོད་བདུན་པའི་ཐོག་སྨོན་རྒྱལ་དྲང་སྲོང་ནམ་མཁའ་དབང་རྒྱལ་དང་སྨོན་རྒྱལ་སེམས་དཔའ་ནམ་མཁའ་གྲགས་སོགས་སྨོན་རྒྱལ་ཁྲི་གདུང་རིམ་བྱོན་གྱི་གཟིམས་ཆུང་ནང་དུ་བླ་ཆེན་དྲན་པ་ཡབ་སྲས་གསུམ་གྱི་ཚོགས་འཁོར་རྒྱས་འབུལ་ཞུས།  ཕྱ་ཚོད་དགུ་པའི་ཐོག་ཀུན་གྲོལ་སྐྱེ་ཕྲེང་བདུན་པ་སྨོན་སྲས་ནམ་མཁའ་དབང་ལྡན་རིན་པོ་དབུས་པའི་ཞང་ཞུང་ཤེས་རིག་ནང་བསྟན་སློབ་གླིང་གི་བཤད་སྒྲུབ་འདུས་ཚོགས་ལྷན་རྒྱས་ནས་ཆབ་གཅིག་ཏུ་གསེར་ཕྲེང་དགོན་སྐོར་ཕེབས་པ་དང་རོལ་མོ་མཆོད་པ་སོགས་ཀྱི་དངོས་གཞི་སྟ་གོན་གྱི་ཚུལ་དུ་འཁྲུངས་ཚེས་བསུ་བ་ཞུས་ཡོད།

1534917429638591.jpg

   ཕྱག་ཚོགས་བཅུ་པའི་ཐོག་ཀུན་གྲོལ་ནམ་མཁའ་དབང་ལྡན་རིན་པོ་ཆེའི་སྣང་གསལ་ཉིན་འབར་མཚན་འབར་གྱི་མར་མེ་ཞལ་ཕྱེས་ནས་རྒྱལ་བསྟན་སངས་རྒྱས་སངས་རྒྱས་བསྟན་པ་རིན་པོ་ཆེ་འཇིག་རྟེན་ཁམས་ཀུན་དུ་དར་རྒྱས་ཡུན་གནས་ཀྱི་སླད་དུ་གསོལ་བ་གཏབ་པ་དང་འབྲེལ་བླ་གྲྭ་དགེ་བའི་བཤེས་གཉེན་འདུས་ཚོགས་ཡོངས་ནས་ཀུན་གྲོལ་བཞུགས་ཁྲི་རིན་པོ་ཆེ་མཇལ་ཁ་ཞུས།

1534917428557648.jpg

   ཕྱག་ཚོད་བཅུ་ཕྱེད་ཀའི་ཐོག་སྨོན་རྒྱལ་བླ་བྲང་ནས་འདུས་མང་ཡོང་ལ་འབྲས་སིལ་མར་ཁུ་དང་ནབ་གཟའ་སྤོས་བཅས་ཀྱི་སྐུ་འགྱེད་ཕུལ་བ་དང་ཆབ་གཅིག་སྨོན་སྲས་རང་གྲོལ་ཉི་མ་རྒྱལ་མཚན་མཆོག་ནས་ཡབ་སྨོན་རྒྱལ་དྲུང་མུ་ཝེར་ཞི་དང་ཡུམ་སྟག་བཟའ་ཚེ་རིང་འཚོ་གཉིས་ཀྱི་སྲས་སུ་ཁྱུང་ཡུལ་དུ་སྐུ་འཁྲུངས་ནས་ད་བར་མི་ལོ་318དང་དགུང་གྲངས་མི་ལོ་ཧྲིལ་པོ་66བཞུགས་པའི་སངས་རྒྱས་ཀྱི་བསྟན་པ་རྒྱུད་འཛིན་ཚུལ་སྐོར་གྱི་རྣམ་ཐར་མདོར་བསྡུས་སྙན་ཞུ་གནང་།ཕྱ་ཚོགས་བཅུ་གཅིག་ཐོག་བཤད་གྲྭ་བ་རྣམས་ནས་ལུང་རིག་འཆད་རྩོད་ཀྱི་ཉམས་འགྱུར་གྱིས་ལུས་ངག་ཡིད་གསུམ་མཆོད་པ་ཕུལ། མཇུག་ཏུ་རྒྱལ་བ་སྨན་རི་བའི་བསྟན་པ་རྒྱས་པའི་བསྟན་རྒྱས་སྨོན་ལམ་བཅས་གསུང་ནས་རིག་འཛིན་ཀུན་གྲོལ་གྲགས་པའི་འཁྲུངས་སྐར་གྱི་དུས་བཟང་དང་ཁྱུང་ཡུལ་གྲུབ་ཆེན་བཟོད་པ་རིན་པོ་ཆེ་དགོངས་རྫོགས་ཀྱི་དུས་དང་འབྲེལ་ཀུན་གྲོལ་སྨོན་སྲས་ནམ་མཁའ་དབང་ལྡན་རིན་པོ་ཆེ་ནས་སྤྱིར་སངས་རྒྱས་གཡུང་དྲུང་བོན་གྱི་བསྟན་དང་སྒོས་སུ་རྒྱལ་དབང་ཀུན་གྲོལ་གྲགས་པའི་བསྟན་པ་འཛིན་སྐྱོང་སྤེལ་གསུམ་དང་ཡང་དགོས་རིན་པོ་ཆེ་ནས་སྐུ་ངལ་འཛེམས་མེད་ཀྱི་བསྟན་དོན་དང་བོད་ཀྱི་གསོ་རིག་རྒྱུད་འཛིན་གྱི་དཔྱད་བུ་སྨན་རྩིས་ཁང་བཅས་ད་ལྟའི་གནས་བབས་མ་འོངས་པའི་འཆར་གཞི་མདོར་ན་རིན་པོ་ཆེ་ཁོངས་གི་གསང་གསུམ་གྱི་མཛད་འཕྲིན་བརྗོད་བྲལ་བཀའ་སློབ་ལམ་སྟོན་གསུང་པ་བཅས་ཀྱི་མཇུག་གྲུབ་བོ།།

1534917429140640.jpg
བསྟན་དང་མཛད་པ་འཕྲིན་ལས་རབ་ཏུ་རྒྱས།།
དགེ་དང་ཤིས་པའི་ལེགས་ཚོགས་མཁའ་ལ་ཁྱབ།།
རིས་མེད་འགྲོ་བ་བདེ་ལེགས་དཔལ་ཐོབ་ནས།།
མཐར་ཐུགས་བོན་སྐུའི་ཀློང་དུ་སངས་རྒྱས་ཤོག།

སྨོན་རྒྱལ་ཞང་ཞུང་ཤེས་རིག་ནང་བསྟན་སློབ་གླིང་ནས།
 
                        2018 8 20

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།