བོད་རིག་པ་ཞིབ་འཇུག་ལྟེ་གནས་ལ་གསུང་རབ་སྒོ་མཛོད་ཕྱོགས་བསྒྲིགས་ཞལ་འདེབས་སུ་ཕུལ་བ།

[ཟླ་ཚེས། 2018-05-19 21:48:52][རྩོམ་པ་པོ། འཕྲིན་སྟེགས་རྩོམ་སྒྲིག་པ།][རྩོམ་ཁུངས། གངས་རིའི་འཕྲིན་སྟེགས།][ཀློག་གྲངས། ]

འོད་ཟེར་སྦྱིན་པ་རིན་པོ་ཆེས་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་དཔེ་མཛོད་ཁང་ལ《སྒོ་མཛོད་གསུང་རབ་ཕྱོགས་བསྒྲིགས》ཞལ་འདེབས་སུ་ཕུལ་བ།
1526738144728700.jpg

ཞལ་འདེབས་འབུལ་བའི་མཛད་སྒོའི་ཐོག་ལྷན་དུ་དྲན་རྟེན་སྐུ་པར་བསྐྱོན་པ།

ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ནས་ཁ་སང་སྟེ་ཚེས་18ཉིན་བོད་ལྗོངས་ཆབ་མདོ་སྟེང་ཆེན་དགོན་གྱི་བླ་མ་འོད་ཟེར་སྦྱིན་པ་རིན་པོ་ཆེ་མཆོག་ནས་བོད་རིག་པའི་ཞིབ་འཇུག་ལྟེ་གནས་དཔེ་མཛོད་ཁང་ལ་སྒོ་མཛོད་གསུང་རབ་ཕྱོགས་བསྒྲིགས་ ཞེས་པའི་དཔེ་ཚོགས་ཞལ་འདེབས་ཕུལ་བ་དང།། བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་སྤྱི་ཁྱབ་ལས་འཛིན་གཞོན་པ་ལེན་ཞང་མིང་ཞལ་འདེབས་འབུལ་བའི་མཛད་སྒོའི་ཚོགས་འདུར་ཞུགས་པ་མ་ཟད་གསུང་བཤད་ཀྱང་གནང་ཡོད། དཔེ་མཛོད་ཁང་གི་མགོ་གཙོ་བསམ་གཏན་ཚེ་རིང་གིས་དགོན་པའི་འཐུས་ཚབ་གནང་ནས་ཞལ་འདེབས་ཕུལ་བ་དང་ལེན་ཞུ་ཡོད།

1526738144936371.jpg
 དཔེ་མཛོད་ཁང་གི་མགོ་གཙོ་བསམ་གཏན་ཚེ་རིང་ནས་ཞལ་འདེབས་ཕུལ་བ་དང་ལེན་ཞུ་བ་མ་ཟད་། འོད་ཟེར་སྦྱིན་པ་མཆོག་ལ་ཁ་བཏགས་ཕུལ་ནས་ཐུགས་རྗེ་ཆེ་ཞུས།

      སྒོ་མཛོད་གསུང་རབ་ཕྱོགས་བསྒྲིགས་ དེ་ནི་འོད་ཟེར་སྦྱིན་པ་རིན་པོ་ཆེ་མཆོག་གིས་གཙོ་སྐྱོང་འོག་རྩོམ་སྒྲིག་གནང་བ་དང་། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་གིས་པར་སྐྲུན་བྱས་ཏེ་དེབ་གྲངས་150 ་ཡོད་ཅིང་། སྐབས་བཞི་པའི་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་གི་ཇོ་རིའི་བྱ་དགའི་རྨང་གཞིའི་དཔྱད་ཡིག་གྲུབ་འབྲས་རིགས་ཀྱི་བྱ་དགའ་ཨང་གསུམ་པ་ཐོབ་པ་ཞིག་ཡིན།ཚད་ལྡན་དཔྱད་གཞི་ཡིག་རིགས་འདིའི་ནང་དོན་ནི་བོན་གྱི་སྲོལ་རྒྱུན་ཐེག་པ་རིམ་དགུ་དང་། རིག་པའི་གནས་ལྔ་སོགས་ཏེ། ཆོས་ལུགས་དང་། མཚན་ཉིད་རིག་པ། གསོ་རིག་སྨན་དཔྱད། གནམ་རིག་སྐར་རྩིས། ལོ་རྒྱུས་སོགས་དང་འབྲེལ་བ་ཡོད། བོད་རིགས་ཀྱི་སྲོལ་རྒྱུན་རིག་གནས་ཁྲོད་གཡུང་དྲུང་བོན་གྱི་"སྒོ་བཞི་མཛོད་གཅིག"་གི་བསྟན་བཅོས་ཞེས་བརྗོད། འོད་ཟེར་སྦྱིན་པ་རིན་པོ་ཆེས་སྤེལ་གནང་བའི་བོན་ཆོས་ཀྱི་ཡིག་ཆ་རིགས་དབྱེ་ལེགས་སྒྲིག་མཛད་པ་དེ་ནི་བོད་རིག་པ་ཞིབ་འཇུག་ཁྲོད་ཀྱི་གལ་ཆེའི་རྨང་གཞིའི་རང་བཞིན་གྱི་ལས་གྲྭ་ཞིག་ཡིན་པ་དང་། མི་རིགས་ཀྱི་ཕུལ་བྱུང་རིག་གནས་ཤུལ་བཞག་སྲུང་སྐྱོང་དང་བོད་རིག་པ་ཞིབ་འཇུག་སྐུལ་འདེད་ཀྱི་ནུས་པ་གལ་ཆེན་འཐོན་ངེས་རེད།

1526738144132382.jpg

སྤྱི་ཁྱབ་ཀན་ཧྲི་གཞོན་པ་ལེན་ཞང་མིང་གིས་འོད་ཟེར་སྦྱིན་མཆོག་ལ་ཞལ་འདེབས་ཕུལ་བའི་དཔང་ཡིག་སྤྲད་པ་མ་ཟད་དྲན་རྟེན་དངོས་རྫས་བསྩལ་བ།

         ཞལ་འདེབས་འབུལ་བའི་མཛད་སྒོའི་ཐོག་འོད་ཟེར་སྦྱིན་པ་མཆོག་ནས་སྒོ་མཛོད་གསུང་རབ་ཕྱོགས་བསྒྲིགས་ཀྱི་ནང་དོན་དང་། ཁྱད་ཆོས་སོགས་དེ་སྲིད་པ་ངོ་སྤྲོད་གནང་བའི་ཁར། ཁོང་གིས་དཔེ་ཚོགས་དེས་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱིས་ཚན་ཞིབ་ལས་དོན་ཐད་རོགས་རམ་དང་། བོད་རིག་པ་ཞིབ་འཇུག་གི་འཕེལ་རྒྱས་ལ་སྐུལ་འདེད་ཐུབ་པའི་རེ་བ་བཅངས་ཡོད། སྤྱི་ཁྱབ་ཀན་ཧྲི་གཞོན་པ་ལེན་ཞང་མིང་གི་གསུང་བཤད་ཁྲོད་དུ་འོད་ཟེར་སྦྱིན་པ་མཆོག་ནས་དཔེ་ཚོགས་དེ་ཞལ་འདེབས་ཕུལ་ནས་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱིཚད་ལྡན་ཡིག་ཆ་འཕེལ་རྒྱས་ལ་་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་། རིན་པོ་ཆེས་རིགས་གཅིག་མཁས་ཅན་དང་མཁས་དབང་སྒྲིག་འཛུགས་ཐོག་བོན་གྱི་གནའ་གཞུང་ཚད་ལྡན་ཡིག་ཆ་ལེགས་སྒྲིག་དང་རྩོམ་སྒྲིག་བྱེད་པའི་ལས་དོན་སྤེལ་ཞིང་། བོད་རིགས་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་སྲུང་སྐྱོབ་དང་རྒྱུན་འཛིན་ལ་ལེགས་སྐྱེས་ཕུལ་ཡོད་ཅེས་བསྔགས་བརྗོད་གནང་ཁར། ཁོང་གིས་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱིས་ཞལ་འདེབས་འབུལ་མཁན་གྱི་རེ་བ་ཟབ་མོ་་སྟོང་ཟད་དུ་མི་གཏོང་བ་དང་། ཚད་ལྡན་ཡིག་ཆའི་ཆ་འཕྲིན་ཞབས་ཞུ་ལས་དོན་ཧུར་ཐག་སྤེལ་རྒྱུའི་རྣམ་འགྱུར་བསྟན་ཡོད། དུས་མཚུངས་སུ་བོད་རིག་པའི་ཞིབ་འཇུག་ལྟེ་གནས་ཀྱིས་སྤྱི་ཚོགས་ཀྱི་ལས་རིགས་སོ་སོའི་མཁས་པ་ཚོས་མུ་མཐུད་དེ་དཔེ་དེབ་དང་དེ་མིན་ཚད་ལྡན་ཡིག་ཆ་ལེགས་སྐྱེས་སུ་ཕུལ་ནས་ཐུན་མོང་ཐོག་བོད་རིག་པའི་བྱ་གཞག་དར་རྒྱས་གོང་འཕེལ་ཡོང་ཕྱིར་སྐུལ་འདེད་གཏོང་དགོས་ཞེས་གསུངས།

༣༣༣༣.jpg
གསུང་རབ་སྒོ་མཛོད་རིན་པོ་ཆེའི་གླེགས་བམ་ལ་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་གི་ཇོ་མོ་གླང་མའི་བྱ་དགའ་སྐབས་བཞི་པའི་ཨང་གསུམ་པའི་བྱ་དགའ་ཐོབ་པ།

གནས་ཚུལ་ཡོང་ཁུངས་ཀྱི་དྲ་གནས། https://zine.la/article/181202103c2447caa7373583b6a880dc/?from=timeline&isappinstalled=0
རྒྱ་ཡིག་གི་གནས་ཚུལ་དྲ་གནས། https://mp.weixin.qq.com/s/6XI6SzL3YUDVqWNAy76gIg

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།