སྐབས་གཉིས་པའི་«ཁྱུང་»རིག་གནས་དཔྱད་གླེང་ཚོགས་འདུའི་བརྡ་ཁྱབ།

[ཟླ་ཚེས། 2018-03-12 15:15:14][རྩོམ་པ་པོ། གོ་སྒྲིག་ཚོགས་པ།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

微信图片_20180312150618.jpg

  སྐབས་གཉིས་པའི་«ཁྱུང་»རིག་གནས་དཔྱད་གླེང་བསྐོང་འཚོགས་སྐོར་གྱི་བརྡ་ཁྱབ།

ཁྱུང་གི་རིག་གནས་ལ་ཞིབ་འཇུག་དང་དུང་བ་ཟབ་པའི་མཁས་དབང་རྣམ་པ་ལགས། རང་རེའི་ཏང་གི་ཚོགས་ཆེན་བཅུ་དགུ་པ་རྒྱལ་ཁའི་ངང་མཇུག་བསྒྲིལ་ནས། རྒྱལ་ཡོངས་ཀུན་ཏུ་རང་རྒྱལ་དང་རང་མི་རིགས་ཀྱི་རིག་གནས་གསོན་ཤུགས་ཆེ་རུ་ཕྱིན་ཏེ།  ཧུར་ བརྩོན་གྱི་སྒོ་ནས་དབུལ་བྲལ་འགག་སྒྲོལ་གྱིས་ལས་དོན་བསྒྲུབ་བཞིན་པའི་སྐབས་འདིར། ཁྱུང་རིག་གནས་ཞིབ་མཇུག་དཔྱད་གླེང་ཚོགས་འདུ་སྐབས་གཉིས་པ་འདི་ལོར་དངོས་སུ་བསྐོང་འཚོགས་བྱ་རྒྱུའི་སྟ་གོན་ལས་དོན་བསྒྲུབ་དང་སྒྲུབ་བཞིན་མཆིས་ལགས་ན།  དེར་བརྟེན་རྒྱ་ཆེའི་མཁས་དབང་རྣམས་ཀྱིས་གཙོ་བོ།

 ༡༽  ཁྱུང་གི་ལོ་རྒྱུས་དང་རིག་གནས་བྱུང་ཁུངས།

༢༽རས་པའི་སྒྱུ་རྩལ་གྱི་ལོ་རྒྱུས་སམ་འཕེལ་རིམ།  དེ་བྱིངས་ཁྱུང་དང་རས་པའི་སྒྱུ་རྩལ་བར་གྱི་འབྲེལ་ཡོད་ཀྱི་ཤེས་བྱ།

༣༽ཞང་བོད་ཡིག་གཟུགས་སྐོར་གྱི་འཕེལ་རིམ་དང་ལོ་རྒྱུས།

༤༽མ་འོངས་པར་ཁྱུང་དང་རས་པའི་རིག་གནས་འཕེལ་རྒྱས་གཏོང་བའི་ཐབས་ལམ་སོགས་ཅི་རིགས་ཀྱིས་ཐོག་ནས།  རིག་གཞུང་གི་ལྟ་བ་གསར་པ་རེ་བསྣམས་ཏེ་ཕེབས་པར་དགའ་བསུ་ཞུ།

༡༽  ཚོགས་འདུ་བསྐོང་འཚོགས་བྱ་བའི་དུས་ཚོད་ནི་སྤྱི་ལོ་༢༠༡༨ལོའི་ཟླ་༨པའི་ནང་ཡིན།

༢༽   ཐོ་འགོད་དུས་ཚོད་ནི་སྤྱི་ལོ་༢༠༡༨ལོའི་ཟླ་༦པའི་ཚེས་༣ཉིན་ཡིན།

༣༽ དཔྱད་རྩོམ་གནད་བསྡུས་དེ་ ཟླ་༦པའི་ཚེས་༢༩ཚུན་ལ་འབྱོར་དགོས།

༤༽ མིང་ཐོ་འགོད་ཡུལ། ཁྱུང་པོ་སྟེང་ཆེན་རྫོང་རིག་གནས་ཅུས།

ཞིབ་ཕྲའི་གནས་ཚུལ་རིམ་བཞིན་འབུལ་རྒྱུ་བཅས།

འབྲེལ་ཡུལ། སྟེང་ཆེན་རྫོང་རིག་གནས་ཅུས།

འགན་ཁུར་མི་སྣ། བློ་གྲོས་རྒྱལ་མཚན།  དབྲ་ཁྱུང་སྐལ་བཟང་ནོར་བུ།

འབྲེལ་གཏུག་མི་སྣ།      བྱམས་པ་དོན་གྲུབ། ཁ་པར། ༡༨༣༠༨༠༨༥༥༠༠

ཡིག་སྒམ།  qwhfzyjh@163.com

ཁྱུང་པོ་སྟེང་ཆེན་རྫོང་རིག་གནས་ཇུས།  ཁྱུང་རིག་གནས་འཕེལ་རྒྱས་ཞིབ་འཇུག་ཁང་ནས།

༢༠༡༨ལོའི་ཟླ་༣ཚེས་༣་ཉིན།

微信图片_20180312150628.jpg

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།