ཁྲི་བ་རིན་པོ་ཆེའི་དགོངས་པ་རྫོགས་ནས་ལོ་འཁོར་གཅིག་ལོན་པའི་རྗེས་དྲན།

[ཟླ་ཚེས། 2017-10-21 10:54:37][རྩོམ་པ་པོ། ཞྭ་དཀར་བ་སོགས།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

1508554971138596.jpg
དེ་ཡང་ཇི་སྐད་དུ། 

རྒྱལ་བའི་སྐུ་ལ་སྐྱེ་འཆི་མི་མངའ་ཡང་།།

རྟག་པར་འཛིན་རྣམས་སུན་འབྱིན་དགེ་སྐུལ་ཕྱིར།།  

མི་རྟག་ཚུལ་བསྟན་དགོངས་པ་མྱ་ངན་འདས།།

བདེ་ཆེན་དབྱིངས་གཤེགས་མཛད་ལ་ཕྱག་འཚལ་ལོ།།

1508554971654341.jpg

   ཞེས་གསུངས་བ་ལྟར་སྙིགས་མ་དུས་ཀྱི་མཐའ་མའི་འདུལ་འཛིན་ཡོངས་ཀྱི་གཙུག་གི་རྒྱན་ལྟར་གྱུར་བ༧སྐྱབས་རྗེ་ཁྲི་བ་འཇམ་དབྱངས་མཁྱེན་རབ་རྒྱ་མཚོ་མཆོག་གིས་བསྟན་འགྲོའི་དོན་ཆེན་རེ་ཞིག་རྫོགས་པར་མཛད་ནས་གཟུགས་སྐུའི་བཀོད་པ་བོན་དབྱིངས་སུ་བསྡུས་པའི་མཛད་པ་མཐའ་མའི་རྣམ་ཐར་བཞེས་ནས་མི་ལོ་གཅིག་འཁོར་བའི་སྐབས་འདིར་ཤུལ་ལུས་སློབ་འབངས་དག་དམ་པ་གང་གི་གདན་ས་བྱིན་ཆེན་མདོ་སྨད་རྟོགས་ལྡན་དགོན་དཔལ་གཤེན་བསྟན་སྨིན་གྲོལ་བཀྲ་ཤིས་གཡས་སུ་འཁྱིལ་བའི་གླིང་འདིར་འཛོམས་ནས་རྗེ་བླ་མའི་བཀའ་དྲིན་རྗེས་དྲན་དང་ཚེ་རབས་རྗེས་འཛིན་གྱི་སླད་དུ་ཟླ་འདིའི་ཚེས་༡༣/༡༤གཉིས་ལ་ཞི་ཁྲོ་དམ་པ་རིགས་བརྒྱའི་དཀྱིལ་འཁོར་གྱི་ཞལ་ཕྱེ་ནས་རྩ་གསུམ་དམ་ཅན་རྒྱ་མཚོ་ཕྱི་ནང་གསང་བའི་ཚོགས་ཀྱིས་བརྙེས་པར་བྱས་ཤིང་དམ་པ་གང་གི་འབྲེལ་ཐོགས་སེམས་ཅན་མ་ལུས་གནས་ངན་འཁོར་བའི་འདམ་ལས་བསྒྲལ་ནས་བདེ་ཆེན་ཐར་བའི་གནས་སུ་དབུགས་འབྱིན་མཛད་པའི་བསྔོ་སྨོན་དག་པས་མཐའ་སྦྱར།ཚོགས་ཀྱི་ཉིན་དང་བོར་༧སྐྱབས་རྗེ་ཚུལ་ཆེན་རིན་པོ་ཆེ་མཆོག་གིས་བདེར་གཤེགས་ཁྲི་བ་རིན་པོ་ཆེའི་ཐུགས་ཟག་པ་མེད་པའི་དགོངས་པ་ཁྱད་པར་ཅན་གོང་ནས་གོང་དུ་འཕེལ་བ་དང་སླར་ཡང་བསྟན་འགྲོའི་དོན་དུ་ཡང་སྤྲུལ་ཉི་མ་གཞོན་ནུ་མྱུར་དུ་འཆར་བའི་ཐུགས་བསྐྱེད་རྨད་བྱུང་ངང་འདུས་པ་རྒྱ་མཚོར་མང་ཇ་དང་སྐུ་འགྱེད་རྒྱ་ཆེར་གནང་།


ཉིན་གཉིས་པར་ཁོང་རིན་པོ་ཆེའི་སྐུ་གོང་མའི་སྐུ་ཡུལ་ཧོར་འཕེན་ཝ་ཚང་དང་རྔ་ལྗོངས་ཁུ་བྱུག་གྲགས་པེ་གཉིས་ཀྱིས་འདུས་མང་ཡོངས་ལ་མང་ཇ་དང་མཆོད་འབུལ་རྒྱས་པ་གནང་།


ཚེས་༡༥ཉིན་གྱི་ཞོགས་པར༧སྐྱབས་རྗེ་ཚུལ་ཆེན་རིན་པོ་ཆེ་དབུ་བཞུགས་ཐོག་བདེར་གཤེགས་གང་གི་རྣམ་ཐར་ཐོས་གྲོལ་རིན་ཆེན་ཕྲེང་བ་ཚོགས་དབུས་སུ་སྒྲོགས་སྦྱང་དང་འབྲེལ་ཐོགས་ཡོངས་ལ་སྨོན་ལམ་དགེ་བའི་རྫོགས་བྱང་བསྔོས།

1508554972579982.jpg

དེ་ནས་འདུས་མང་ཡོངས་རྫོགས་རྟོགས་ལྡན་བླ་བྲང་དུ་ཕེབས་ནས་བདེར་གཤེགས་གང་གི་སྐུ་ཚྭ་འབུམ་ཁང་དུ་སེར་ཕྲེང་གིས་ལེགས་པར་བསུས་ནས་རབ་གནས་མངའ་གསོལ་གྱི་ཆོ་གས་བྱིན་ཆེན་རླབས།
1508555604116530.jpg

ཞང་ཞུང་རྫོགས་ཆེན་སློབ་གླིང་སྒོམ་པ་གྲྭ་ཚང་གིས་བླ་མ་རིན་པོ་ཆེའི་འདས་མཆོད་དུ་ཚོགས་འཁོར་ཕུལ་བ།
1508554972890155.jpg
ཕྱོགས་ནས་སྐྱབས་རྗེ་བླ་མའི་སློབ་མ་སྐོར་ཞིག་རིན་པོ་ཆེའི་་འདས་མཆོད་དུ་ཕེབས་པ།
1508554972892952.jpg

མཚན་མོ་དེར་འདུས་པ་རྒྱ་མཚོ་འདུ་ཁང་མདུན་གཅལ་དུ་འཛོམས་ནས་སྐུ་པར་མཐོང་གྲོལ་ཆེན་མོའི་དྲུང་དུ་མར་མེའི་བཀོད་པ་ལེགས་པར་བཀྲམ་ནས་རྣམ་ལྔའི་མཆོད་པ་དག་པར་ཕུལ་ཞིང་གསོལ་འདེབས་གནད་སྨིན་དང་འབྲེལ་བསྟན་པ་རྒྱས་པའི་སྨོན་ལམ་རྒྱས་གདབ་ངང་གདུང་མཆོད་ཚེ་རབས་རྗེས་འཛིན་གྱི་མཐའ་ལེགས་པར་བསྡུས་སོ།། ཉིན་དེར་བདེར་གཤེགས་ཁོང་གི་ཐུགས་སྲས་ཉག་སྤྲུལ་བསོད་ནམས་རྒྱ་མཚོ་རིན་པོ་ཆེས་འདུས་མང་ཡོངས་ལ་སྐུ་འགྱེད་མང་ཇ་དང་གདུང་མཆོད་ཚེ་རབས་རྗེས་འཛིན་གྱི་་སྐབས་སུ་འགྲོ་སོང་ཡོངས་རྫོགས་གནང་སྟེ་དྲན་རྟེན་དད་པའི་རྟེན་ཆེན་རྣམས་རིམ་པར་བཀྲམ་ནས་བཀའ་དྲིན་བླ་ལྷག་དུ་བསྐྱངས་བའོ།།

1508555604483074.jpg
སྐྱེ་རྒུའི་གདུང་བ་སེལ་བའི་གཉེན་གཅིག་བུ།།

ཁམས་གསུམ་གསལ་བར་བྱེད་པའི་མགོན་པོ་གང་།།

སླར་ཡང་བསྟན་འགྲོའི་མགོན་དུ་ལེགས་བྱོན་ནས།།

བསྟན་འཛིན་སྐྱེས་བོའི་རྣམ་ཐར་རྒྱས་པར་ཤོག།

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།