ཉག་རོང་ལ་ཁ་དགོན་ནས་གདུང་མཆོད་འབུལ་བ།

[ཟླ་ཚེས། 2017-10-06 22:03:16][རྩོམ་པ་པོ། ལ་ཁ་དགོན།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

1507298952671467.jpg
1507298952484925.jpg
1507298952104179.jpg

  སྤྱི་ལོ༢༠༡༧ལོའི་ཟླ༩ཚེས་༡༤ཉིན་ཞྭ་དཀར་གཡུང་དྲུང་བོན་གྱི་བསྟན་པའི་གཙུག་རྒྱན་དམ་པ་སྐྱབས་རྗེ་རྒྱལ་བ་སྨན་རི་བའི་ཁྲི་འཛིན་སོ་གསུམ་པ་མཚན་བརྗོད་པ་དཀའ་བ་༧ལུང་རྟོགས་བསྟན་པའི་ཉི་མ་རིན་པོ་ཆེ་དཔལ་བཟང་པོ་མཆོག་གཟུགས་སྐུའི་བཀོད་པ་བོན་དབྱིངས་སུ་བསྡུས་ཚུལ་བསྟན་པའི་སྐབས་སུ།ཉག་རོང་ལ་ཁ་དགོན་པའི་བསྟན་བདག་སུ་ལ་སྐལ་བཟང་གྲགས་པ་རིན་པོ་ཆེའི་ཐུགས་བཀོད་ལྟར་སེར་སྐྱ་ཡོངས་ཀྱིས་ཐུགས་གསོ་མཉམ་དུ་བསྐང་ཞིང་གདུང་སེམས་མཉམ་བསྐྱེད་དང་།  

 སྤྱི་ལོ༢༠༡༧ལོའི་ཟླ༩ཚེས༢༠ཉིན་ཀུན་རིག་རྒྱལ་བའི་དཀྱིལ་འཁོར་ཞལ་ཕྱེས་ཏེ་ཉིན་གཉིས་ཀྱི་རིང་ལ་གདུང་མཆོད་འབུལ་ཞིང་ཕྱུགས་རིགས་བརྒྱ་ཕྲག་ལྷག་ཚེ་ཐར་དུ་བཏང་།སྤྱི་ལོ༢༠༡༧ལོའི་ཟླ༡༠ཚེས༢ཉིན་རིན་པོ་ཆེའི་སྐུ་གདུང་དངོས་སུ་སྐུ་གསུམ་མེ་ལྷའི་དཀྱིལ་འཁོར་དུ་ཞུགས་འབུལ་སྐབས་སུའང་བླ་གྲྭ་ཡོངས་ཀྱིས་མར་མེ་མཆོད་པ་རྒྱ་ཆེར་འབུལ་བ་ལགས་སོ།།

1507298951971614.jpg
1507298951399679.jpg

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།