ཤར་རྫ་རི་ཁྲོད་ནས་སྐུ་གདུང་རིན་པོ་ཆེ་ཞུགས་འབུལ་འཚོགས་པ།

[ཟླ་ཚེས། 2017-10-02 22:07:31][རྩོམ་པ་པོ། རིག་པའི་ཉི་མ།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

1506953564900310.jpg
1506953565817259.jpg
1506953565140765.jpg

   ཉེ་ཆར་སངས་རྒྱས་གཡུང་དྲུང་བོན་གྱི་བསྟན་པའི་ཀ་ཆེན་དམ་པ་སྐྱབས་རྗེ་རྒྱལ་བ་སྨན་རི་བའི་ཁྲི་འཛིན་སོ་གསུམ་པ་མཚན་བརྗོད་པ་དཀའ་བ་༧ལུང་རྟོགས་བསྟན་པའི་ཉི་མ་རིན་པོ་ཆེ་དཔལ་བཟང་པོ་མཆོག་གཟུགས་སྐུའི་བཀོད་པ་བོན་དབྱིངས་སུ་བསྡུས་པར་མདོ་ཁམས་གཡུང་དྲུང་བོན་གྱི་གདན་ས་ཆེན་མོ་ཤར་རྫའི་རི་ཁྲོད་ནས་སྔོན་བཤད་སྒྲུབ་འདུས་པ་རྒྱ་མཚོ་ཡོངས་ཀྱིས་ཐུགས་གསོ་མཉམ་བསྐང་གདུང་སེམས་མཉམ་བསྐྱེད་དང་།

1506953565118845.jpg
1506953565331344.jpg

   ཉིན་གསུམ་གྱི་རིང་དུ་གདུང་མཆོད་ཕུལ་བ་མ་ཟད་རྒྱལ་ཚབ་རིན་པོ་ཆེ་གཙོས་པའི་རི་གོང་མར་བཞུགས་པའི་སྒོམ་གྲྭ་བ་རྣམ་པས་ཆེད་དུ་ཚོགས་འཁོར་སྨོན་ལམ་ཟབ་རྒྱས་སུ་ཕུལ་ཞིང་དེ་རིང་༢༠༡༧-༡༠-༢ཉིན་རིན་པོ་ཆེ་སྐུ་གདུང་དངོས་སུ་སྐུ་གསུམ་མེ་ལྷའི་དཀྱིལ་དུ་ཞུགས་འབུལ་སྐབས་སུའང་རྒྱལ་ཚབ་རིན་པོ་ཆེ་དབུར་བཞུགས་ཐོག་བཤད་སྒྲུབ་འདུས་པ་རྒྱ་མཚོས་འོད་གསལ་རྫོགས་པ་ཆེན་པོ་སྐུ་གསུམ་རང་ཤར་གྱི་ཚོགས་འཁོར་རྒྱས་འབུལ་མཛད་པ།

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།