ཁམས་འཇོ་མདའ་ཞལ་བཞེས་དགོན་ནས་དགོངས་རྫོགས་གདུང་མཆོད་ཕུལ་བ།

[ཟླ་ཚེས། 2017-09-25 16:56:58][རྩོམ་པ་པོ། ཞལ་བཞེས་དགོན།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

 1506330181128966.jpg
1506330180104235.jpg

   ད་ལན་སྐྱབས་རྗེ་རྒྱལ་བ་༧སྨན་རི་བའི་ཁྲི་འཛིན་སོ་གསུམ་པ་ལུང་རྟོགས་བསྟན་པའི་ཉི་མ་རིན་པོ་ཆེ་མཆོག་དགོངས་པ་བོན་དབྱིངས་སུ་བསྡུས་པ་འདིས། སྤྱིར་ན་འཛམ་གླིང་སྐྱེ་འགྲོ་ཡོངས་དང་ལྷག་པར་དུ་ང་ཚོ་བོན་འབངས་ཡོངས་ལ་གྱོང་གུད་ཆེན་པོ་ཞིག་དང་མུན་སྐལ་ཐེངས་ཤིག་མགོ་ཐོག་བབ་པ་ཡིན།  དེ་བས་ང་ཚོའི་དགེ་སྒྲུབ་སྡིག་སྤང་གི་ལས་གང་འགྲུབ་བྱེད་དགོས་པ་ནི་དམ་པ་ཁོང་གི་འགྲོ་དོན་ཁམས་གསུམ་ཀུན་ལ་ཁྱབ་ཐུབ་པ་དང་ང་ཚོ་རང་རང་གི་ཚོགས་བསགས་སྒྲིབ་སྦྱོང་གི་ལས་ལམ་བསྒྲུབ་པ་ཡིན་པས།  ང་ཚོས་མུ་མཐུད་དགོངས་ཞག་ཞེ་དགུའི་ཚེར་དགེ་སྒྲུབ་བྱེད་པ་ནི་འུ་ཚོའི་བསོད་ནམས་ཀྱི་བགོ་སྐལ་ཞིག་ཡིན།   དེ་ཕྱིར་དཔལ་གཤེན་བསྟན་ཞལ་བཞེས་དགོན་འདུས་སྡེ་ནས་སྤྱི་ཟླ་༩པའི་ཚེས་༢༤བདུན་གོང་མའི་དུས་ཚིགས་དང་བསྟུན་ནས་སྐུ་གསུང་ཐུགས་རྟེན་གྱི་མཆོད་འབུལ་འོག་རྩ་གསུམ་དགོངས་འདུས་ཀྱི་ཚོགས་མཆོད་ཕུལ་བ་དང་གསོལ་འདེབས་དབྱངས་སུ་གྱེར་ནས་རྗེ་སྨན་རི་བའི་མྱ་ངན་གདུང་མཆོད་ཕུལ།

1506330181615827.jpg
1506330181269335.jpg

   ད་དུང་མུ་མཐུད་སྤྲུལ་སྐུ་དང་མཁན་པོ་གཙོ་བོ་མཛད་ནས་བླ་གྲྭ་ཡོངས་ཀྱིས་ཚོགས་ཀྱི་མཆོད་པ་ཅི་ལྕོགས་འབུལ་བ་དང་དད་ལྡན་སེར་སྐྱ་ཡོངས་ལ་དགེ་བསྐུལ་གྱི་དམིགས་འདུན་གང་ཟབ་གཏང་རྒྱུ་བཅས།

དཔལ་གཤེན་བསྟན་ཞལ་བཞེས་དགོན་མཚོ་སྟེང་བདེ་གླིང་འདུས་སྤྱི་ནས།       
༢༠༡༧/༩/༢༤/ཉིན།

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།