ཁྱུང་གསེར་གཡུ་མདོ་རབ་རྒྱས་གཡུང་དྲུང་གླིང་ནས་གདུང་མཆོད་ཕུལ་བ།

[ཟླ་ཚེས། 2017-09-24 11:09:00][རྩོམ་པ་པོ། ཁྱུང་གསེར་གཡུ་མདོ།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

1506222963117438.jpg
མི་རྟག་ཚུལ་བསྟན་དགོངས་པ་མྱ་ངན་འདས། །
 

བདེ་ཆེན་དབྱིངས་གཤེགས་མཛད་ལ་ཕྱག་མཚལ་ལོ། །
1506222963154957.jpg

   དེ་ཡང་འཛམ་གླིང་བོན་གྱི་གཙུག་རྒྱན་དཔལ་རྒྱལ་བ་སྨན་རི་བའི་ཁྲི་འཛིན་སོ་གསུམ་པ ༧ ལུང་རྟོགས་བསྟན་པའི་ཉི་མ་དཔལ་བཟང་པོ་མཆོག་རེ་ཞིག་རྟག་འཛིན་ཅན་རྣམས་སུན་ཕྱུང་པའི་ཕྱིར་གཟུག་སྐུའི་བཀོད་པ་བོན་དབྱིངས་སུ་བསྡུས་ནས་ཞག་ལྔའི་འཚམས་དང་དེ་རིང་གནམ་གང་གི་དུས་ཆེན་འདི་དང་བསྟུན་ནས་ངེད་ ༼ཁྱུང་གསེར་གཡུ་མདོའི་ ༽སྐྱ་སེར་ཡོངས་ནས་སྐྱོ་གདུང་དྲག་པོས་མགོན་པོ་གང་ཉིད་ཀྱི་སྐུ་པར་མཐོང་གྲོལ་རིན་པོ་ཆེའི་མདུན་དུ་མཆོད་པ་རྣམ་ལྔ་སོགས་ཀྱི་སྣ་དྲངས་ཏེ་བླ་གྲྭ་བོན་གཤེན་སུམ་བཅུ་ལྷག་ཙམ་གྱིས་མདོ་གཡུང་དྲུང་ཀློང་རྒྱས་ཀྱི་འཕྲིན་ལས་བཅོ་བརྒྱད་ཀྱི་གཞུང་བསྲངས་པ་དང་།

   དད་ལྡན་ལྷ་སྡེ་རྣམས་ཀྱིས་ཕྱག་དང་མར་མེའི་མཆོད་པ་རྒྱས་འབུལ་ཞུས་པ་དང་མཐར་འདུས་སྡེ་སྐྱ་སེར་ཡོངས་ཀྱིས་སྨོན་ལམ་རྣམ་གསུམ་དང་ཚེ་དབང་སྨོན་ལམ་བོན་སྐུའི་སྨོན་ལམ་སོགས་བསྔོ་བ་སྨོན་ལམ་ཞུས་པ་དང་གསོལ་འདེབས་ཀྱི་དབྱངས་རྟ་རིང་མོའི་ངང་ནས་རེ་ཞིག་འཇུག་གྲུབ་པའོ། །

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།