ཁྱུང་ནག་བསམ་གཏན་གླིང་ནས་གདུང་མཆོད་ཕུལ་བ།

[ཟླ་ཚེས། 2017-09-24 00:49:35][རྩོམ་པ་པོ། ཁྱུང་ནག་དགོན།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

1506185656274413.jpg
1506185656922041.jpg

   བཅུ་རིག་གི་ཁོ་ལག་རྫོགས་པའི་ལོ་རྒྱུས་ཀྱི་གཟི་བརྗིད་རིང་མོ་ས་ཆེན་གངས་དཀར་ཏི་སེའི་གཏོས་ལ་འགྲན་པ་དང་། ཤེས་རིག་གི་མ་ལག་ཚང་བའི་ཉམས་མྱོང་གི་བྱིན་ཁ་ཟབ་མོ་རླབས་ཆེན་མ་ཕམ་གཡུ་མཚོའི་གཏིང་གིས་མི་སྡོས་པའི་ཞྭ་དཀར་གཡུང་དྲུང་བོན་གྱི་བསྟན་པ་འདི་ཡི་བདག་པོ་ངོ་མ་སྟེ།  བྱམས་བརྩེའི་འོད་སྣང་གིས་སྟོང་གསུམ་གདུལ་བྱ་གསལ་བའི་ལུང་རྟོགས་ཀྱི་ཉི་མ་སེར་པོས་སྲིད་པ་དང་ཞི་བའི་ས་མཚམས་སོ་སོར་ཕྱེས་ནས་འཇིག་རྟེན་གྱི་གོ་ལ་བརྒལ་ཏེ།  འོལ་གླིང་ཞིང་དུ་དགོངས་པ་བོན་ཉིད་ཀྱི་ཀློང་དུ་བསྲེས་པའི་སྐྱབས་རྗེ་སྨན་རིའི་ཁྲི་འཛིན་སོ་གསུམ་པ་མཆོག་སྐལ་ལྡན་གདུལ་བྱ་སྐྱོང་བའི་དགོངས་པ་མ་ཟད་ཀྱང་།  དད་ལྡན་རྟག་འཛིན་ལྡོག་པའི་ཕྱིར་དུ་སྐུ་ཞི་བར་གཤེགས་པའི་ཚུལ་བསྟན་པའི་སྐབས་འདིར། མགོན་པོ་ཁོང་གིས་སྐུ་ཚེ་གང་པོར་བསྟན་པ་འདི་ཡི་ཆེད་ལ་དཀའ་བ་བརྒྱ་དང་འབད་པ་ཁྲི་ཡིས་ཡུན་ནས་ཡུན་བསྲིངས་ཏེ།  དུས་ཀྱི་གཉན་འཕྲང་རྒོད་པའི་ཆར་སྨག་ནང་དུ་ལྟོ་ཁ་ཕོར་མེད་ཀྱང་བསྟན་པར་གཅེས།  དགུན་གངས་འཁྱགས་གཤགས་པའི་འགྲུལ་བཞུད་མཛད།  གཟིམས་ཟིན་པའི་ཉི་མ་ཁྱེད་ནི་གོ་ལ་ཟླུམ་པོའི་ཕྱི་ནང་ཕྱོགས་བཅུ་ན་གཤེན་བསྟན་བཤད་སྒྲུབ་སྒོམ་པའི་བསྟན་པ་འདི་མེ་འབར་འབར་ཆུ་ཁོལ་ཁོལ་བྱེད་པོའི་མཛད་རྗེས་རླབས་པོ་ཅན་གྱི་བསྟན་བདག་བླ་ན་མེད་པ་ཞིག་ཡིན་པ་ལ་ཡིན་པར་ངོ་ཤེས་པའི་དྲན་པ་དྲག་པོ་མངོན་དུ་ལྡངས་ནས་ཤུལ་ལུས་ཀྱི་ཕྲུ་གུ་ང་ཚོ་ནི་སྡུག་མཆི་མས་ལམ་མི་ཐོན་བཞིན་དུ་ཁྱེད་ཀྱིས་གཤེན་བསྟན་བསྐྱངས་བའི་བཀའ་དྲིན་ལ་དྲན་གསོ་རྒོད་པོ་བྱེད་དང་བྱེད་མུས་སུ་གདུང་མཆོད་སྨོན་ལམ་བྱས་ཏེ་ངེད་ཁྱུང་ནག་བསམ་གཏན་གླིང་གི་བཤད་སྒྲུབ་སྒོམ་གསུམ་གྱི་སློབ་གཉེར་བ་རྣམ་པས་གསས་ཁང་བ་རབས་ཡོངས་འདུལ་གྱི་དཀྱིལ་དུ་དཔོན་གསས་བླ་མའི་སྐུ་པར་མཐོང་བ་རང་གྲོལ་མདུན་དུ་སྤོས་ལ་སོགས་མཆོད་པ་རྣམ་ལྔ་ཅི་འབྱོར་བཤམས་ནས་བླ་མ་མཆོད་པ་དང་བསྟོད་པ་རྣམ་རྒྱལ་ཁང་བཟང་དང་ཀུན་འདུས་སྨོན་ལམ་ཚེ་དབང་སྨོན་ལམ་དང་རིན་པོ་ཆེའི་གསོལ་འདེབས་སོགས་མི་ཉུང་བ་མྱ་ངན་གདུང་སྐད་འཐེན་བཞིན་གདུང་མཆོད་ཀྱི་འཕྲིན་ལས་དུ་མ་སྤེལ་བ་དང་དགུང་ཞག་རིང་ལ་ཡང་བཤད་གྲྭ་བ་རྣམས་ནས་དགོང་རེ་དམིགས་བསལ་བོན་སྐུ་སྨོན་ལམ་དང་ཚེ་དབང་སྨོན་ལམ་གཉིས་པོ་རེས་མོལ་དུ་ཚར་རེ་མ་ཆད་པར་སྟབས་གཅིག་བཀླག་སྨོན་བྱེད་བཞིན་ཡོད་པའི་གནས་ཚུལ་གྱི་ཆ་འཕྲིན་འདི་ནས་སྤེལ་ལོ།།  

1506185656425455.jpg
1506185656136557.jpg

མགོན་པོ་ཁྱེད་ཀྱི་སྐྱབས་འོག་ཏུ་ཚུད་པ་ཁྱུང་བསོད་བློ་ནས་/༢༠༡༧/༩/༡༧/ཉིན་སྤེལ།།

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།