ཁམས་ཉག་རོང་ཀླུ་འབུམ་མཐའ་བརྟན་དགོན་ནས་བདུན་ཕྲག་གཅིག་རིང་གདུང་མཆོད་འབུལ་བ།

[ཟླ་ཚེས། 2017-09-23 09:47:02][རྩོམ་པ་པོ། ཀླུ་གཅིག་དཀར།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

1506131454175612.jpg

   སྙིགས་མའི་དུས་ཀྱི་སྟོན་པ་ཁ་བ་གངས་ཅན་པའི་༧བླ་ཆེན་སངས་རྒྱས་གཡུང་དྲུང་བོན་གྱི་བསྟན་པའི་བདག་པོ། ༧ཞྭ་དཀར་བསྟན་པའི་གཙུག་རྒྱན་སྨན་རི་བའི་ཁྲི་འཛིན་༣༣པ་༧སྐྱབས་རྗེ་ལུང་རྟོགས་བསྟན་པའི་ཉི་མ་དཔལ་བཟང་པོ་མཆོག་གིས་སྐུ་ཚེ་ཧྲིལ་པོར་བསྟན་འགྲོའི་དོན་ཆེན་མཛད་ནས་སྤྱི་ལོ ༢༠༡༧.༩.༡༤ཉིན་མི་རྟག་ཚུལ་བསྟན་ཏེ་ཞིང་ཁམས་གཞན་དུ་གཤེགས་པའི་གནས་ཚུལ་ཐོས་མ་ཐག་ང་ཚོ་སྐྱ་སེར་ཡོངས་རྫོགས་སྡུག་བསྔལ་གྱི་མུན་པ་ཆེན་པོའི་ཀློང་དུ་དངོས་སུ་ཚུད་སོང་། དེ་ནས་བཟུང་སུ་ལ་བསྐལ་བཟང་གྲགས་པ་རིན་པོ་ཆེ་མཆོག་གིས་བཀའ་ནན་གསུང་བའི་རེ་བསྐུལ། ང་ཚོ་བླ་གྲྭ་རྣམ་པ་ཉིན་བདུན་རིང་ལ་དགོན་ནང་དུ་འཚོགས་ནས་བླ་སྒྲུབ་དང་ཀུན་རིག་སྒྲོན་མ་ཆོ་ག་དང་ཞི་ཁྲོ་དགོངས་པ་ཀུན་འདུས་དང་། ཁྲི་འཛིན་མཆོག་གི་གསོལ་འདེབས།གཞན་སྨོན་ལམ་གང་འགབ་གསུང་དགོས་ཤིང་།ལྷ་སྡེ་མི་དམངས་དག་གིས་དགོང་ཞག་བཞི་བཅུ་ཞེ་དགུའི་ཡུན་ལ་དཀར་ཟས་བཞེས་ནས་ལུས་ཀྱི་སྒོ་ནས་བསྐོར་བ་དང་ལྷ་ཕྱག་འཚལ།ངག་གི་སྒོ་ནས་སྙིང་པོ་རྣམ་གསུམ་འདོན།ཡིད་ཀྱི་སྒོ་ནས་སྐྱབས་འགྲོ།སེམས་བསྐྱེད་སོགས་བསྒོམས་ནས་རང་རང་ཅི་ནུས་ཀྱིས་དགེ་སྒྲུབ་སྡིག་སྤོང་ལ་འབད་པ་རྒྱ་ཆེ་གནང་རྒྱུ་དང་།སྤྱི་ཚེས་༡༥དགོང་མོ་ཀླུ་འབུམ་དགོན་གྱི་བླ་མ་གྲྭ་ཚང་དང་། མངའ་འབངས་ལྷ་སྡེ་ཡོངས་ཀྱིས་མཉམ་དུ་མཆོད་པ་རྣམ་ལྔ་དང་། གསོལ་འདེབས་གདུང་དབྱངས་སོགས་མཉམ་དུ་གྱེར་བཞིན་སྒོ་གསུམ་དགེ་ལ་གཞོལ་བའི་ངང་ནས་རྗེ་བླ་མར་གདུང་མཆོད་འབུལ།

1506131454680332.jpg

   སྤྱི་ཚེས་༡༦/༡༧/༡༨/༡༩/ཉིན་བཞིའི་རིང་ལ་མངའ་འབངས་ལྷ་སྡེ་ཡོངས་ཀྱིས་སྒོ་གསུམ་རྣམ་དཀར་གུས་པའི་སྒོ་ནས་མཉམ་དུ་མཆོད་པ་རྣམ་ལྔ་དང་མཆོད་མེ་མཎྜལ་སོགས་ཀྱི་མཚོན་པའི་མཆོད་བཤམས་ཚད་མེད་འབུལ་བ་བྱས་ཏེ།ལུས་ཀྱི་སྒོ་ནས་བསྐོར་བ་དང་། ངག་གི་སྒོ་ནས་སྙིང་པོ་རྣམ་གསུམ་འདོན། ཡིད་ཀྱི་སྒོ་ནས་སྐྱབས་འགྲོ། སེམས་བསྐྱེད་སོགས་བསྒོམས་ནས་རང་རང་ཅི་ནུས་ཀྱིས་སྒོ་ནས་དགེ་སྒྲུབ་སྡིག་སྤོང་དང་གདུང་སེམས་མཉམ་བསྐྱེད་བཅས་སོ།།

1506131454369169.jpg

   ༧སྐྱབས་རྗེ་སྨན་རིའི་ཁྲི་འཛིན་༣༣་པ་ལུངས་རྟོགས་བསྟན་པའི་ཉི་མ་མཆོག་དགོངས་པ་བོན་དབྱིངས་སུ་བསྡུས་པའི་གདུང་མཆོད་ཟབ་རྒྱས་འབུལ་བས་མ་ཚད་མི་སྐྱ་ཕོ་མོ་ཚང་མའི་དགོང་ཞག་བཞི་བཅུ་ཞེ་དགུའི་རིང་ལ་དཀར་ཟས་བཞེས་རོལ་བ་ཁས་ལེན་པ་དང་།ལོ་གཅི་རིང་ལ་རྒྱལ་མི་སྐུག་པ་དང་།རྐུན་མི་བྱ་བ།སྲོག་མི་གཅོད་པ།སྙིང་པོ་རྣམ་གསུམ་ཁ་ཏོན།སྲོག་བླུ་ཚེ་ཐར་སོགས་རང་རང་ཅི་ནུས་དགེ་སྒྲུབ་སྡིག་སྤོང་ལས་ཀྱི་ཁས་ལེན་བྱེད་པ།།

1506131454897341.jpg

   སྤྱི་ཚེས་༢༠ཉིན་ནས་བཟུང་ཉིན་བདུན་རིང་ལ་སུ་ལ་བསྐལ་བཟང་གྲགས་པ་གཙོས་པའི་གྲྭ་ཚང་འདུས་སྡེ་བླ་སྒྲུབ་དང་ཀུན་རིག་སྒྲོན་མ་ཆོ་ག་དང་། ཞི་ཁྲོ་དགོངས་པ་ཀུན་འདུས་ཀྱི་དཀྱིལ་འཁོར་སོགས་གྱི་ཞལ་ཕྱེས་ཤིང་། མཆོད་པ་རྣམ་ལྔ་དང་རྒྱལ་བ་མཉམ་མེད་ཆེན་པོའི་གསོལ་འདེབས་བླ་མ་མཆོད་པ་དང་མགོན་པོ་གང་གི་གསོལ་འདེབས་གདུང་དབྱངས་སོགས་མཉམ་དུ་གྱེར་བཞིན་སྒོ་གསུམ་དགེ་ལ་གཞོལ་བའི་ངང་ནས་རྗེ་བླ་མའི་གདུང་མཆོད་རྒྱ་ཆེར་འབུམ་རྒྱུའི་གྲལ་སྒྲིག་བྱས་དང་བྱེད་བཞིན་པ།

1506131454102054.jpg

   མཚན་མོར། བླ་གྲྭ་རྣམས་ཀྱི་ཐུགས་བཀོད་ལྟར།ཀླུ་འབུམ་དགོན་གྱི་གྲྭ་ཚང་འདུས་སྤྱི་དང་། ལྷ་སྡེ་ཡོངས་ཀྱིས། གླིང་བར་དུ་མཆོད་པ་རྣམ་ལྔ་བཤམས་པ་དང་། བླ་མ་མཆོད་པ་དང་མགོན་པོ་གང་གི་གསོལ་འདེབས་གདུང་དབྱངས་སོགས་མཉམ་དུ་གྱེར།དེ་ནས་ཚེ་དབང་སྨོན་ལམ།  བོན་སྐུའི་སྨོན་ལམ་སོགས་གསུངས་ནས་གསལ་བ་འོད་ཀྱི་སྒྲོན་མེའི་མཆོད་པ་སྒོ་གསུམ་གཙང་མས་སྒོ་ནས་རྒྱ་ཆེར་འབུལ་བ་བཅས་སོ།།        

1506131454107385.jpg
1506131454707657.jpg

ཀླུ་གཅིག་དཀར་ནས།།

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།