ཁྱུང་པོ་ག་ཤེལ་དགོན་ནས་གདུང་མཆོད་ཞུས་པ།

[ཟླ་ཚེས། 2017-09-23 09:32:49][རྩོམ་པ་པོ། ག་ཤེལ་དགོན་འདུས་སྤྱི།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

1506130549478255.jpg
1506130549111835.jpg
1506130549661441.jpg

   ༧ སྟོང་གསུམ་བོན་གྱི་ལྷ་སྐལ་སྐྱབས་རྗེ་སྨན་རིའི་ཁྲི་འཛིན་སོ་གསུམ་པ་དགོངས་པ་བོན་དབྱིངས་སུ་ཐིམ་པའི་གདུང་མཆོད་དུ། དཔལ་གཤེན་བསྟན་ག་ཤེལ་ཤར་གྲོལ་སྨིན་གླིང་དགོན་དུ་དེ་གའི་བླ་མ་དགེ་བཤེས་རྣམས་གཙོས་གྲྭ་ཚང་འདུས་མང་ཡོངས་ནས་སྐུ་པར་མཐོང་གྲོལ་ཆེན་མོའི་མདུན་དུ་བླ་མ་མཆོད་པ་དང་བསྟོད་པ་རྣམ་རྒྱལ་ཁང་བཟང་སོག་ཀྱིས་དབུ་བཟུང་ནས་རྩེ་གཅིག་གསོལ་འདེབས་དང་སྦྲག་མཉམ་མེད་བླ་སྒྲུབ་ཚོགས་འཁོར་ཀྱིས་སྒོ་ནས་གདུང་འདབས་མཆོད་འབུལ་ཞུ་བཞིན་ཡོད་པས། སེར་སྐྱ་མང་ཚོགས་ཡོངས་ནས་དེ་ལུགས་ཀྱིས་དགེ་སྒྲུབ་སྡིག་སྤངས་ལ་འབད་པར་འཚལ། 

1506130549774529.jpg
1506130549735025.jpg

དཔལ་གཤེན་བསྟན་ག་ཤེལ་ཤར་གྲོལ་སྨིན་གླིང་དགོན་འདུས་སྤྱི་ནས་༢༠༡༧/༩/༢༠ཉིན་ཕུལ།

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།