ཟིང་ཆུ་དམུ་དགེ་བླ་རི་དགོན་ནས་གདུང་མཆོད་ཕུལ་བ།

[ཟླ་ཚེས། 2017-09-21 22:03:00][རྩོམ་པ་པོ། དམུ་དགེ་བླ་རི་དགོན།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

1506002970901860.jpeg

AC2E969D-278B-4E2F-A6F2-B1DAA33A57EB.png

   ཀུན་མཁྱེན་རྒྱལ་བ་མཉམ་མེད་བླ་མའི་རྒྱལ་ཚབ་རང་ཅག་བོན་འབངས་ཡོངས་ཀྱི་སྐྱབས་གནས་སུ་གྱུར་པ༧སྨན་རིའི་ཁྲི་འཛིན་ལུང་རྟོགས་བསྟན་པའི་ཉི་མ་རིན་པོ་ཆེ་མཆོག་གི་དགོངས་པ་བོན་དབྱིངས་སུ་གཤེགས་པ་ནི་རང་རེ་རྣམས་ལ་མྱ་ངན་ཤུགས་དྲག་གི་གདུང་བ་སྦྱིན་པ་ཡིན་པས། 

༡༡.rpg.png

1506003301755595.png

1506003303290292.png


   ཁོང་རིན་པོ་ཆེའི་གདུང་མཆོད་དུ་དམིགས་ཏེ་ཟླ་འདིའི་བོད་རྩིས་ཉི་ཤུ་བདུན་ནས་ནམ་གང་བར་དུ་དམུ་དགེ་བླ་རི་གཡུང་དྲུང་ལྷ་རྩེ་དགོན་གྱི་དགོན་གྲོང་གཉིས་ཀྱི་སྐྱ་སེར་ཀུན་འདུས་ཀྱི་སྒོ་ནས་མཆོད་པ་མཆོད་བཤམས་ཕྱག་སྐོར་སྒྲིབ་སྦྱོང་གི་ལས་བྱས་ཤིང་། གྲྭ་ཚང་གིས་ངན་སོང་སྒོ་གཅོད་ཀྱི་མཆོད་སྦྱིན་དང་མདོ་གཡུང་དྲུང་ཀློང་རྒྱས་ཀྱི་ཆོ་གའི་གཞུང་བསྲིངས་ཏེ་རྗེ་བླ་མའི་གདུང་མཆོད་ལ་རང་རང་སོ་སོའི་ས་ནས་ཚོགས་བསགས་ཀྱི་མཆོད་པ་རྒྱ་ཆེར་བསྔོས་པ་དེས། ཇི་སྲིད་དུ་རྗེ་བླ་མ་མཆོག་གིས་རྗེས་སུ་འཛིན་པར་ཤོག

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།