འབའ་རྫོང་བསེ་ཚ་སྟག་རྫོང་དགོན་གྱིས་སྐུའི་གདུང་མཆོད་སྒྲུབ་བཞིན་པ།

[ཟླ་ཚེས། 2017-09-21 13:57:24][རྩོམ་པ་པོ། དོ་དམ་ཁང་།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

微信图片_20170921130521.jpg

༧རྒྱལ་བ་སྨན་རིའི་ཁྲི་འཛིན་སོ་གསུམ་པ་ལུང་རྟོགས་བསྟན་པའི་ཉི་མ་རིན་པོ་ཆེ་མཆོག་ལ་མྱ་ངན་ཞུ།

 微信图片_20170921130538.jpg

བསེ་ཚ་སྟག་རྫོང་དགོན་སྨིན་གྲོལ་ལྷུན་གྲུབ་གླིང༌ནས། ཁམས་གསུམ་འགྲོ་བའི་སྒྲོན་མེ་གྱེར་སྟོན་སྲོག་གི་ཀ་ཆེན་འཛམ་གླིང་བོན་གྱི་གཙུག་རྒྱན་དམ་པ་༧རྗེ་སྨན་རི་བའི་ཁྲི་འཛིན་སོ་གསུམ་པ་མཆོག་རེ་ཞིག་གདུལ་བྱ་རྟག་འཛིན་རྣམས་སུན་ཕྱུང་བའི་ཕྱིར་དུ་བོན་གྱི་གདན་ས་ཆེན་མོ་དཔལ་གཤེན་བསྟན་སྨན་རིའི་གླིང་གི་བླ་བྲང་འོད་གསལ་འབར་བ་རུ། སྤྱི་ལོ་༢༠༡༧ལོའི་ཟླ་༩པའི་ཚེས༡༤ཉིན་སྐུ་གཡོ་མེད་ཆ་ལུགས་ལྔ་ལྡན་ངང་ནས་དགོངས་པ་ཀ་དག་བོན་དབྱིངས་སུ་གཟིམ་ཚུལ་མཛད་པ་ལ་རྗེས་འཇུག་ང་ཚོ་བཟོད་པའི་གླགས་མི་རྙེད་པའི་སྐྱོ་གདུང་དང་ཡིད་ཕམ་ངང་བྱང་བསེ་ཚ་སྟག་རྫོང་དགོན་གྱིས་གདུང་མཆོད་རྒྱས་འབུལ་ཞུས་པ་ལགས།

微信图片_20170921130542.jpg

དེ་བཞིན་དུ་སྐྱབས་མཆོག་གང་གི་སྐྱབས་འོག་པ་ངེད་ཅག་ཤུལ་ལུས་སེར་སྐྱ་ཡོངས་ནས་རྣམ་དཀར་དགེ་བའི་ཕྱོགས་སུ་ཅི་ནུས་ཀྱིས་འབད་བརྩོན་གནང་རོགས་ཞེས་བྱང་བསེ་ཚ་སྟག་རྫོང་དགོན་ནས་གསོལ་བ་རྩེ་གཅིག་ཏུ་བཏབ་སྟེ་ཕུལ་བ་ལགས་སོ།།

微信图片_20170921132731.jpg

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།