སྡེ་དགེ་རབ་རྒྱལ་དགོན་ནས་གདུང་མཆོད་ཕུལ་བ།

[ཟླ་ཚེས། 2017-09-20 23:14:46][རྩོམ་པ་པོ། སྡེ་དགེ་བསྟན་འཛིན་རྒྱལ་མཚན།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

1505920589127068.jpg

1505920589120493.jpg

ཨེ་མ་ཧོ།

རབ་འབྱམས་ཕྱོགས་བཅུའི་རྒྱལབ་སྲས་བཅས་ཀྱི།།

མཁྱེན་བརྩེའི་ཡེ་ཤེས་ངོ་བོ་གཅིག་བསྡུས་པ།།

ཟབ་རྒྱས་གཤེན་བསྟན་སྤེལ་བའི་འཕྲིན་ལས་ཅན།།

ལུང་རྟོགས་བསྟན་པའི་ཉི་མ་གསོལ་བ་འདེབས།།


     ཀྱེ་མ། སྤྱི་ལོ༡༩༢༩ལོར་ནས༢༠༡༧བར་མྱི་ལོར་༨༨རིང་ལ་བསྟན་དང་འགྲོ་བའི་དོན་ཁོ་ན་མཛད་ནས་སྤྱི་ཟླ༩བའི་ཚེས༡༤ཉིན་ཁོང་གི་མི་རྟག་པའི་ཚུལ་མཛད་ནས་དགོངས་པ་བོན་དབྱིངས་སུ་བསྡུས་པའི་འབོད་བརྡ་ཀྱེ་ཧུད་ཀྱི་འབོད་སྒྲ་ཞེས་པ་དེ་མཐོང་བྱུང་། བླ་མ་མཁྱེན་རྫས་ནས་ང་རང་ཉིད་ཀྱིས་རང་ཉིད་ལ་དྲི་བ་ཞེས་དྲིས་པ་ཡིན།


  1505920589888305.jpg

1505920589913220.jpg

ལུང་ལས།

མི་རྟག་ཚུལ་བསྟན་དགོངས་པ་མྱ་ངན་འདས།

བདེ་ཆེན་དབྱིངས་གཤེགས་མཛད་ལ་ཕྱག་འཚལ་ལོ།  

  ཞེས་པའི་ལུང་ལ་དཔྱད་ནའང་འདི་ནི་མི་རྟག་པའི་ཚུལ་མཛད་ནས་གདུ་བྱ་འགྲོ་བ་རྣམས་ལ་དགེ་སྒྲུབ་སྡིག་སྤང་གི་སྐལ་བ་སྤྲད་པ་རེད་ཨ་སྙམ་ནས་རང་དགོན་རབ་རྒྱལ་དགོན་སྤྲུལ་རིན་པོ་ཆེ་དང་སྐྱ་སེར་ཡོངས་ལ་བརྡ་ཞིག་བཏང་བ་ཡིན། དེ་ནས་ཁོ་ཚོའི་ཀྱང་སྐལ་བ་ལ་སྐལ་བ་ཞིག་ངོས་ཟིན་ནས་མེ་ཏོག་ཆུང་ཡང་ལྷ་རྫས་ཞེས་པའི་དཔེ་ལྟར་ཡུལ་དགོན་གཉིས་ནས་གདུང་མཆོད་ཕུལ་ལོ།།

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།