འབར་ཁམས་བྷོ་ལ་སྟོབས་ལྡན་གླང་ཆེན་དགོན་ནས་གདུང་མཆོད་ཞུས་པ།

[ཟླ་ཚེས། 2017-09-20 22:05:03][རྩོམ་པ་པོ། བྷོ་ལ་དགོན།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

1505916730140042.jpg

1505916730117816.jpg

   སྤྱི་ལོ ༢༠༡༧ ཟླ ཚེས ༡༤ ཉིན་རྒྱལ་བ་གཤེན་གྱི་བསྟན་སྲིད་ཡོངས་ཀྱི་མངའ་བདག་རྒྱལ་བ་གོང་མའི་རྣམ་ཐར་ཇི་ལྟ་བ་བཞིན་ཕྱག་ལེན་ལ་ཐེབས་པར་མཛད་པའི་ཁམས་གསུམ་འགྲོ་བ་ཡོངས་ཀྱི་མགོན་སྐྱབས་དཔལ་ལྡན་རྒྱལ་བ་སྨན་རི་བའི་ཁྲི་འཛིན་སོ་གསུམ་པ་ལུང་རྟོགས་བསྟན་པའི་ཉི་མ་དཔལ་བཟང་པོ་མཆོག་དགོངས་པ་བོན་དབྱིངས་སུ་ཐིམས་པའིི་ཡིད་སྐྱོའི་གནས་ཚུལ་ཐོས་འཕྲལ།  རྒྱལ་རོང་འབར་ཁམས་བྷོ་ལ་སྟོབས་ལྡན་གླང་ཆེན་དགོན་གྱི་དབུ་བླ་ཚུལ་ཁྲིམས་རྒྱལ་མཚན་མཆོག་དང་བླ་མ་ཤེས་རབ་ལེགས་ལྡན་རྣམ་གཉིས་ཐུགས་ཡིད་སྐྱོ་གདུང་གིས་ཁེངས་ཤིང་།  དེ་ནས་གྲྭ་མང་ལ་བརྡ་བཏང་ནས་དམ་པ་ཁོང་གི་སྐུ་པར་མཐོང་གྲོལ་རིན་པོ་ཆེའི་མདུན་དུ་མར་མེའི་མཆོད་པ་སོགས་བཤམས་ཏེ་བླ་མ་རྣམ་གཉིས་དབུ་བཞུགས་ཐོག་གྲྭ་མང་གི་སེམས་ཤིན་ཏུ་སྐྱོ་ཞིང་སྒོ་གསུམ་གུས་པ་ཆེན་པོས་དམ་པ་ཁོང་གི་གསོལ་འདེབས་དང་བླ་མའི་རྣལ་འབྱོར་ཚེ་དབང་སྨོན་ལམ་སོགས་གསུངས།།

1505916730158959.jpg

1505916730135851.jpg


  ལྷག་ཏུ་དེ་རིང་དགོངས་རྫོགས་ཀྱི་ཉིན་གསུམ་པར་ཁེལ་བར་བརྟེན་དགོན་གྱི་འདུ་ཁང་ཕྱི་ནང་གི་སྐུ་པར་མཐོང་གྲོལ་རིན་པོ་ཆེའི་མདུན་དུ་མཆོད་པའི་སྤྲིན་ཚོགས་རྒྱ་ཆེར་བཤམས་ནས་དམ་པ་ཉིད་ལ་མྱ་ངན་གུས་འདུད་ཞུས།  དེ་ནས་བླ་མ་རྣམ་གཉིས་དབུ་བཞུགས་ཐོག་གྲྭ་མང་གིས་ཐོས་གྲོལ་དང་སྐྱེ་སྒོ་གཅོད་པ་བསྟོད་པ་རྣམ་རྒྱལ་ཁང་བཟང་སྨོན་ལམ་སོགས་ལུས་ངག་ཡིད་གསུམ་རྣམ་པར་དག་པའི་སྒོ་ནས་གསུངས།  དགོང་མོ་འདུ་ཁང་ཕྱིའི་སྐུ་པར་མཐོང་གྲོལ་རིན་པོ་ཆེའི་དྲུང་དུ་དངོས་འབྱོར་གྱི་མཆོད་པའི་སྤྲིན་ཚོགས་རྒྱ་ཆེར་བཤམས་ནས་བླ་མ་རྣམ་གཉིས་གཙོས་སེར་སྐྱ་མི་མང་ལྷན་འཛོམས་ཐོག་རྗེ་བླ་མ་ཉིད་གྱི་གསོལ་འདེབས་སོགས་མྱ་ངན་གུས་འདུད་གདུང་ཤུགས་དྲག་པོས་དབྱངས་སུ་གྱེར་བཞིན་སྐུ་པར་མཐོང་གྲོལ་རིན་པོ་ཆེ་ལ་མཇལ་ཁ་ཞུས་ནས་ཉིན་དེའི་མཛད་རིམ་མཇུག་གྲུབ་།།  

1505916730530710.jpg

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།