དགའ་མལ་དགོན་ནས་དགོངས་རྫོགས་ཀྱི་གདུང་མཆོད་འཚོགས་པ།

[ཟླ་ཚེས། 2017-09-20 21:38:37][རྩོམ་པ་པོ། དགའ་མལ་དགོན།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

1505914986482343.jpg

1505914986300792.jpg

   ད་ལན་སྤྱི་ལོ་༢༠༡༧་༩་༡༤་ཉིན་ཏེ། སྤྱིར་སྐྱེ་འགྲོ་སེམས་ཅན་དང་ཁྱད་པར་རང་རེའི་བོན་འབངས་ཡོངས་ཀྱི་ཡིད་ལ་བཟོད་དཀའ་བའི་ཕམ་ཁ་ཆེན་པོ་སྟེ།  ཞྭ་དཀར་བསྟན་པའི་གཙུག་རྒྱན་༧སྐྱབས་རྗེ་རྒྱལ་བ་སྨན་རིའི་ཁྲི་འཛིན་སོ་གསུམ་པ་མཆོག་གིས་གདུལ་བྱ་རྟག་འཛིན་ཅན་རྣམས་སུན་དབྱུང་ཕྱིར་རེ་ཞིག་མི་རྟག་ཚུལ་བསྟན་དགོངས་པ་མྱ་ངན་ལས་འདས་པ་དེའོ།། 

1505914986568148.jpg

1505914986833052.jpg

   གནས་ཚུལ་དེ་ཉིད་ཐོས་འཕྲལ་ངེད་དགའ་མལ་དགོན་པའི་དབུས་བླ་ཁྱུང་ཚ་བསྟན་པ་གོང་འཕེལ་དང་།  བྲག་དགོན་བླ་མ་བསྟན་འཛིན་ཚུལ་རྒྱལ།   དཔོན་སློབ་ཤེས་རབ་མཐར་ཕྱིན་རིན་པོ་ཆེ་སོགས་ཀྱིས་བཀའ་འོག་ནས་མྱ་ངན་གདུང་མཆོད་འབུལ་རྒྱུའི་དབུ་འཛུགས་ཏེ།  བླ་གྲྭ་ཡོངས་སུ་རྫོགས་པས་གསར་བཞེངས་གསས་ཁང་ཆེན་མོའི་ནང་དུ་གཅན་ལྔ་རིན་ཆེན་ཁྲི་ལ་༧སྐྱབས་རྗེ་ཁྲི་འཛིན་རིན་པོ་ཆེའི་སྐུ་པར་མཐོང་བ་ཀུན་གྲོལ་ལེགས་པར་བཀོད་ནས་དེའི་མདུན་ལ་སྐུ་གསུང་ཐུགས་རྟེན།   མནྜལ།  རྣམ་ལྔ་ལ་སོགས་དངོས་འབྱོར་ཡིད་སྤྲུལ་མཆོད་པའི་སྤྲིན་ཚོགས་བླ་མེད་བཤམས་པ་སོགས་སྤྱི་དང་།  སྒེར་ནས་བླ་གྲྭ་སོ་སོས་གཟིམས་ཤག་ཏུ་རྣམ་ལྔའི་མཆོད་པ་སོགས་བཤམས་ནས་གསོལ་འདེབས་སྨོན་ལམ་བཅས་དགེ་སྒྲུབ་ཇི་འབྱོར་བྱས།

 1505914986712821.jpg

1505914986118251.jpg

   སྤྱི་ཚེས་༡༧་ཉིན་དཔོན་སློབ་ཤེས་རབ་མཐར་ཕྱིན་རིན་པོ་ཆེས་ཐུགས་བཀོད་ལྟར་དགོང་མོ་ཕྱག་ཚོད་༧་པའི་ཐོག་མདོ་སྨད་ཡུལ་གྱི་རྒྱལ་བ་སྨན་རིའི་དགེ་བཤེས་འགའ་གདན་འདྲེན་ཞུས་ནས་རང་དགོན་བླ་གྲྭ་ཚང་མ་དང་ལྷན་དུ་ཕྱི་ཁྱམས་སུ་གདུང་མཆོད་རྒྱས་བཤམས་མདུན་ན་མཚན་ལྡན་བླ་མ་མཆོད་པའི་ནོར་བུའི་ཕྲེང་བ། བསྟོད་པ་རྣམ་རྒྱལ་ཁང་བཟང་བཅས་མྱ་ངན་གྱི་དབྱངས་སུ་གྱེར་བ་དང་།  ལྷ་སྡེ་ཕོ་མོ་ཡོངས་ནས་སྣང་གསལ་ཞུགས་མར་སྟོང་ཕྲག་མང་པོ་སྤར་དང་འབྲེལ།  སེར་སྐྱ་ཡོངས་རྫོགས་རྗེ་བླ་མའི་གསོལ་འདེབས་དབྱངས་སུ་གྱེར་ཞོར་གདུང་མཆོད་བཤམས་པའི་མདུན་དུ་སྒོ་གསུམ་དག་པའི་གུས་ཕྱག་འཚལ་བ་དང་མཇལ་དར་དཀར་པོ་བཅས་དྲངས་ཏེ་གདུང་ཤུགས་དྲག་པོ་ངང་ནས་བདག་སོགས་འགྲོ་ཀུན་རྗེ་བླ་མའི་བརྩེ་ཆེན་ཡེ་ཤེས་ཀློང་ནས་མི་འདོར་ཞིང་ཚེ་རབས་ནས་ཚེ་རབས་ཏུ་འབྲལ་མེད་གསོལ་བ་སྨོན་ལམ་རྩེ་གཅིག་བཏབ་པར་ལགས་པས་དགེ་དེས་ཤིས་གྱུར་ཅིག

1505914986682699.jpg

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།