ཁྱུང་དཀར་དཔོན་རྒན་དགོན་ནས་མྱ་ངན་གདུང་མཆོད་འཚོགས་པ།

[ཟླ་ཚེས། 2017-09-20 16:03:13][རྩོམ་པ་པོ། དཔོན་རྒན་དགོན་འདུས་སྤྱི།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

1505894607307289.jpg

 ཇི་སྐད་དུ།    བླ་མ་ལྷ་ཡི་ཞལ་ནས།

ཀུན་ནས་བླ་མ་མཉེས་བྱས་ན།།     

བསོད་ནམ་ཚོགས་ཀྱི་མཐར་ཐུག་ཡིན།།   

   གསུངས་པ་ལྟར།

2017-09-16  ཉིན།   སྐྱབས་རྗེ་རྒྱལ་བ་སྨན་རི་བའི་ཁྲི་འཛིན་སོ་གསུམ་པ་ལུང་རྟོགས་བསྟན་པའི་ཉི་མ་རིན་པོ་ཆེ་མཆོག་དགོངས་པ་བོན་དབྱིངས་སུ་བསྡུས་པ་ལ།

1505894607134732.jpg

1505894607105935.jpg

   ཁྱུང་དཀར་དཔོན་རྒན་དགོན་གཡུང་དྲུང་དར་རྒྱས་གླིང་གི་བླ་རྒནཏི་སེ་རྒྱལ་བརིན་པོ་ཆེ་གཙོས་པའི་འདུས་པ་རྒྱ་མཚོ་དང་ལྷ་སྡེ་ཟུང་གིས་མྱ་ངན་གདུང་མཆོད་དང་།      སྡུག་སེམས་མཉམ་བསྐྱེད་ཀྱི་མར་མེའི་སྨོན་ལམ་དང་མཉམ་མེད་བླ་སྒྲུབ་ཚོགས་འཁོར་མདོ་གཡུང་དྲུང་ཀློང་རྒྱས་སོགས་ཀྱི་དཀྱིལ་འཁོར་ཞལ་ཕྱེས་ཤིང་།  མཆོད་པ་རྣམ་ལྔ་སོགས་དངོས་འབྱོར་གྱི་ཚོགས་བསགས་རྒྱ་ཆེར་བསྒྲུབས་ཏེ།    ཡིད་མོས་གུས་དུང་དུང་གི་གསོལ་འདེབས་དང་སྨོན་ལམ་ཕུལ་བ་ལགས།      མགོན་པོ་གང་གི་ཐུགས་མཆོག་མཉེས་པར་བྱས་ནས་ཚེ་རབས་ཕྲེང་བ་ཀུན་ཏུ་ཐུགས་རྗེས་བཟུང་ཞིང་མཁའ་མཉམ་ཡིད་ཅན་མ་ལུས་བོན་སྐུ་ཀུན་ཏུ་བཟང་པོའི་རྒྱལ་ས་ཟིན་པར་སྨོན།

1505894607905775.jpg

 དཔོན་རྒན་དགོན་འདུས་སྤྱིའི་ཡིག་ཚང་ནས།

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།