ཁམས་རིན་སྤུངས་དགོན་ནས་གདུང་མཆོད་འཚོགས་པ།

[ཟླ་ཚེས། 2017-09-20 13:24:20][རྩོམ་པ་པོ། ཁམས་རིན་སྤུངས་དགོན།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

1505885230481568.jpg

1505885230186800.jpg

   སྐྱབས་མཆོག་བླ་མེད༧སངས་རྒྱས་སྨན་རི་བ་ཆེན་མོའི་ཁྲི་འཛིན་སོ་གསུམ་པ་ལུང་རྟོགས་བསྟན་པའི་ཉི་མ་རིན་པོ་ཆེས་འདུས་བྱས་རྟག་པར་འཛིན་རྣམས་ལ་མི་རྟག་སུན་ཕྱུངས་པའི་ཕྱིར་དུ་གཟུགས་སྐུའི་བཀོད་པ་བོན་དབྱིངས་སུ་བསྡུས་པའི་ཚུལ་མཛད་པ་ནི། རང་ཅག་བོན་འབངས་གདུལ་བྱ་ཡོངས་ཀྱི་བསྟན་པའི་ཀ་བ་ཆེན་མོ་ས་ལ་འགྱེལ་བ་དང་མཚུངས། དེ་ལྟར་ས་ཆེན་མྱ་ངན་གྱིས་གདུང་བའི་དུས་ཚིགས་འདིར་དགེ་སྒྲུབ་སྡིག་སྤང་བྱས་ན་དགེ་བ་འབུམ་འགྱུར་དུ་འགྲོ་བར་སྔོན་བྱོན་བླ་མ་གོང་མས་ལུང་གིས་ཟིན་པ་ལྟར། 

1505885230120054.jpg

1505885230324416.jpg

   ཟླ་འདིའི་ཚེས་ཉེར་བདུན་ཉིན་ལ་ཁམས་རིན་སྤུངས་དགོན་པའི་མཆོག་སྤྲུལ་བཤད་སྒྲུབ་བསྟན་འཛིན་བཀའ་དགོངས་བཞིན་སྡེ་དགེ་ལྔ་རིག་བོན་གྱི་སློབ་གླིང་གི་དགེ་སློབ་རྣམས་ཀྱིས་རྗེ་མཉམ་མེད་བླ་མའི་སྒྲུབ་གཞུང་གི་གཞུང་བསྲིངས་ཏེ་རྗེ་བླ་མ་མཆོག་ལ་དགོང་མཆོད་འཕུལ་ཅིང་། དེ་ལུགས་བཞིན་ལྷ་སྡེ་མི་མང་ཡོངས་དགོན་པར་ཡོངས་ཏེ་ཕྱག་སྐོར་སྒྲིབ་སྦྱོང་དང་མཆོད་པ་རྣམ་ལྔ་སོགས་གང་ཐུབ་ཀྱིས་འཕུལ་ཏེ་རྗེ་བླ་མའི་གདུང་མཆོད་ཀྱི་འཕྲིན་ལས་སྟེང་རང་རང་སོ་སོས་ཚོགས་བསག་སྒྲིབ་སྦྱོང་གི་ལས་མཛད་དེ། གདུང་སེམས་མཉམ་བསྐྱེད་ཞུས་པ


——ཁམས་རིན་སྤུངས་དགོན་ནས།


 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།