བྱང་བོན་བརྒྱ་ཁྱུང་སྨན་དགོན་གྱིས་སྐུའི་འདས་མཆོད་སྒྲུབ་བཞིན་པ།

[ཟླ་ཚེས། 2017-09-20 12:50:39][རྩོམ་པ་པོ། ཁྱུང་སྨན་དགོན།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

1505883301121405.jpg

1505883301608512.jpg

   རང་ཅག་བོན་འབངས་ཡོངས་ཀྱི་དབུ་ཁྲིད་བླ་ན་མ་མཆིས་པ།     ཞྭ་དཀར་བསྟན་པའི་གཙུག་རྒྱན་དཔལ་རྒྱལ་བ་སྨན་རི་བ་མཆོག་གིས་སྐུ་ཚེ་གང་བོར་བསྟན་འགྲོའི་དོན་ཆེན་མཛད་ནས་སྤྱི་ལོ ༢༠༡༧..༡༤ ཉིན་གདན་ས་སྨན་རིའི་བླ་བྲང་དུ་དགོངས་པ་བོན་དབྱིངས་སུ་གཤེགས་པ་ལགས་ན། རང་ཅག་ཤུལ་ལུས་བོན་འབངས་ཡོངས་ཀྱིས་བཀའ་དྲིན་དྲན་པའི་ཐོག་ནས་གདུང་མཆོད་རྒྱུས་འབུལ་གནང་དགོས་པ་སྨྲོས་མེད་རེད་ལགས།  

1505883301916921.jpg

1505883301487248.jpg

   དེ་བཞིན་དུ་ངེད་བོན་བརྒྱ་ཁྱུང་སྨན་དགོན་འདུས་སྤྱི་ནས་དེ་རིང་ནས་བཟུང་སྟེ་ཉིན་གསུམ་གྱི་རིང་ལ་གདུང་མཆོད་རྒྱས་འབུལ་བྱེད་བཞིན་ཡོད་པ་དང་།   དེ་རིང་ཞི་ཁྲོ་དམ་པ་རིགས་བརྒྱའི་ཆོ་ག་ལེགས་པར་བསྒྲུབས་ཏེ་བླ་གྲྭ་འདུས་པ་རྒྱ་མཚོ་ཡོངས་ཀྱིས་མཆོད་འབུལ་རྒྱ་ཆེར་གནང་བ།

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།