ཤར་བ་སྐྱིད་འཛོམས་དགོན་ནས་གདུང་མཆོད་འཚོགས་པ།

[ཟླ་ཚེས། 2017-09-20 11:51:30][རྩོམ་པ་པོ། སྐྱིད་འཛོམས་དགོན།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

1505879555459063.jpg

1505879555945279.jpg

   དེ་ཡང་རང་ཅག་བོན་འབངས་ཡོངས་ཀྱི་སྐྱབས་རྗེ་རྩ་བའི་བླ་མ། ༧ རྒྱལ་བ་སྨན་རི་བའི་ཁྲི་འཛིན་སོ་གསུམ་པ་ལུང་རྟོགས་བསྟན་པའི་ཉི་མ་རིན་པོ་ཆེ་མཆོག་༢༠༡༧་༩་༡༤ཉིན་གདན་ས་ཆེན་མོ་༧སྨན་རིའི་གླིང་ནས་དགོངས་པ་བོན་དབྱིངས་སུ་གཤེགས་པ་ལ་མདོ་སྨད་ཟིང་ཆུ་སྐྱིད་འཛོམས་དགོན་ནས་དགོངས་རྫོགས་ཀྱི་གདུང་མཆོད་འཚོགས། 

1505879556419043.jpg

1505879555945279.jpg

   དེ་ཡང་བླ་མ་ཤེས་རབ་གོང་འཕེལ་ནས་དབུ་ཁྲིད་གནང་སྟེ་སྐྱིད་འཛོམས་དགོན་པའི་བླ་གྲྭ་རྣམས་དང་དེ་བཞིན་སྣང་ཞིག་རྣམ་རྒྱལ་ཀུན་གྲགས་གླིང་གི་མཆོག་སྤྲུལ་ཤེས་རབ་འོད་ཟེར་རྒྱལ་མཚན་རིན་པོ་ཆེ་གཙོས་པའི་བླ་གྲྭ་ཡོངས་ནས་༧སྐྱབས་རྗེ་རྒྱལ་བ་སྨན་རི་བའི་ཁྲི་འཛིན་རིན་པོ་ཆེའི་དགོངས་རྫོགས་སུ་བླ་མ་མཆོད་པ་སོགས་དགོངས་མཆོད་ཕུལ་བ་དང་། 

1505879554888563.jpg

1505879556128389.jpg

   དེ་ནས་སྐུ་པར་མཐོང་བ་རང་གྲོལ་མདུན་ནས་ཕྱི་ནང་གསང་བའི་མཆོད་པ་སྣ་ཚོགས་ཕུལ་བ་དང་དད་ལྡན་སེར་སྐྱ་མང་ཚོགས་ཡོངས་ནས་རིན་པོ་ཆེའི་གསོལ་འདེབས་བཏོན་པ་དང་དམངས་སྒོར་ཁྲི་ཕྲག་ལྷག་གིས་ཚེ་ཐར་སྲོག་བླུ་གཏོང་བ་དང་མར་མེ་སྟོང་ཕྲག་དུ་མ་ཕུལ་བ་སོགས་ཀྱི་དགོངས་རྫོགས་གདུང་མཆོད་གནས་བསྡུས་ཙམ་དུ་སྐྱིད་འཛོམས་དགོན་གཞུང་ནས་ཕུལ།

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།