རེབ་གོང་མག་སར་གཡུང་དྲུང་བསྟན་དར་གླིང་ནས་ཕུལ་བའི་གདུང་མཆོད།

[ཟླ་ཚེས། 2017-09-20 10:35:30][རྩོམ་པ་པོ། ཚུལ་ཁྲིམས་བཟང་པོ།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

1.jpg

དེ་ཡང་ཐེག་མཆོག་སངས་རྒྱས་གཡུང་དྲུང་བོན་གྱི་བསྟན་པའི་གཙུག་རྒྱན་༧སྐྱབས་རྗེ་རྒྱལ་བ་སྨན་རི་བའི་ཁྲི་འཛིན་སོ་གསུམ་པ་༧ལུང་རྟོགས་བསྟན་པའི་ཉི་མ་དཔལ་བཟང་པོ་མཆོག་གིས་སྐུ་ཚེ་གང་བོར་སེམས་ཅན་འགྲོ་བའི་དོན་ཆེན་མཛད་ནས་རེ་ཞིག་མི་རྟག་ཚུལ་བསྟན་གྱི་ལས་མཛད་དེ་སྤྱི་ལོ2017ཟླ་9ཚེས14ཉིན་ཁོང་གི་དགོངས་པ་བོན་དབྱིངས་སུ་ཐིམ་ཚུལ་གྱི་གནས་ཚུལ་འབྱོར་མ་ཐག  ད་ཡང་རང་རེའི་ཁ་བ་གངས་ཅན་པའི་བསྟན་པའི་ཀ་ཆེན་ཞིག་བགྱེལ་བ་དང་བསྟན་པའི་སྒྲོན་མེ་ཞིག་གཟིམས་པར་ངོ་ཤེས་ནས་དད་ལྡན་བོན་འབངས་ཡོངས་ནས་རྣམ་དཀར་དགེ་བའི་ལས་ལ་བརྩོན་པ་ལགས་ན།

 4.jpg5.jpg

ངེད་ཅག་སངས་རྒྱས་གཡུང་དྲུང་བོན་གྱི་བསྟན་པའི་ནང་ཚན་མདོ་སྨད་རེབ་གོང་མག་སར་གསང་སྔགས་གཡུང་དྲུང་བསྟན་དར་གླིང་སྤྱི་ནས་དད་པའི་སྤུ་ལོང་རབ་ཏུ་གཡོས་བའི་གསང་སྔགས་རིག་འཛིན་གྱི་སྡེ་གཙོས་རྒན་གཞོན་ཕོ་མོ་ལ་སོགས་ཀྱིས་རིགས་མཐུན་སྤུན་ཟླ་ཡོངས་ནས་ལག་ཟུང་སྙིང་ཁར་སྦྱར་ཏེ་སྐྱབས་རྗེ༧སྨན་རིའི་ཁྲི་འཛིན་སོ་གསུམ་པ་ལུང་རྟོགས་བསྟན་པའི་ཉི་མ་མཆོག་གི་ཞལ་སྐྱིན་སྐུ་པར་གྱི་མདུན་སར་སྐུ་གསུང་ཐུགས་རྟེན་གྱི་མཆོད་པ་དང་རྣམ་ལྔ་རྣམ་བརྒྱད་ཀྱི་མཆོད་རྫས་སོགས་རིམ་པར་བཤམས་ནས་བདེན་སྨོན་རྣམ་གསུམ་དང་ཚེ་དབང་སྨོན་ལམ་གསུང་པ་ལགས་སོ།།

6.jpg7.jpg

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།