བྱང་བྱ་དུར་དགའ་མལ་དགོན་ཆེན་ནས་དགོངས་རྫོགས་འཚོགས་པ།

[ཟླ་ཚེས། 2017-09-19 22:36:05][རྩོམ་པ་པོ། རིན་སྤུངས་ཚུལ་བསྟན།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

༧ སྐྱབས་རྗེ་རྒྱལ་བ་སྨན་རི་བའི་ཁྲི་འཛིན་རིན་པོ་ཆེ་མཆོག་གི་འཁྲུངས་གཞིས་སྤྱི་དགོན་བྱང་བྱ་དུར་དགའ་མལ་དགོན་ཆེན་ནས་༧སྐྱབས་རྗེ་སྨན་རིའི་ཁྲི་འཛིན་རིན་པོ་ཆེའི་དགོངས་རྫོགས་འཚོགས་པའི་གནས་བསྡུས།

01.jpg

1505831933702579.jpg

   དེ་ཡང་འཛམ་གླིང་བོན་གྱི་གཙུག་རྒྱན་མཉམ་མེད་ཆེན་པོའི་རྒྱལ་ཚབ་ཆེན་པོ་ ༧ སྐྱབས་རྗེ་རྒྱལ་བ་སྨན་རི་བའི་ཁྲི་འཛིན་སོ་གསུམ་པ་རིན་པོ་ཆེ་མཆོག་གདན་ས་ཆེན་མོ་སྨན་རིའི་གླིང་གི་བླ་བྲང་ནས་ཐུགས་དགོངས་པ་བོན་དབྱིངས་སུ་སྐུ་གཤེགས་པ་ལ།

1505831982129013.jpg

   ༢༠༡༧ལོའི་ཟླ་བ་༩བའི་ཚེས་༡༥ཉིན་ནས་བཟུང་༧སྐྱབས་རྗེ་མཆོག་གི་འཁྲུངས་གཞིས་ཀྱི་སྤྱི་དགོན་སྟེ་བྱང་བྱ་དུར་དགའ་མལ་དགོན་ཆེན་ནས་དགོངས་རྫོགས་འཚོགས་པ་སྟེ། ཚེས་༡༥ཉིན་ནས་དགའ་མལ་དགོན་ཆེན་གྱི་མཁན་ཆེན་ཤེས་རབ་གཡུང་དྲུང་དབང་རྒྱལ་མཆོག་དང་དཔོན་སློབ་སྨན་རིའི་དགེ་བཤེས་ཤེས་རབ་མཐར་ཕྱིན་མཆོག སྒྲུབ་སློབ་ཤེས་རབ་ལྷུན་གྲུབ་རྣམ་གསུམ་གྱི་བཀའ་དགོངས་ལྟར་བྱང་བྱ་དུར་དགའ་མལ་དགོན་ཆེན་གྱི་གཡུང་དྲུང་བོན་གྱི་བཤད་སྒྲུབ་སློབ་གླིང་གི་འདུས་པ་ཡོངས་ནས་རྒྱལ་བ་མཉམ་མེད་ཆེན་པོའི་བླ་སྒྲུབ་ཀྱི་ཚོགས་འཁོར་རྒྱས་འབུལ་དང་། སྒྲུབ་གྲྭ་མདོ་སྔགས་བཤད་སྒྲུབ་གླིང་ནས་ཚེ་དབང་བོད་ཡུལ་མའི་ཚོགས་འཁོར་རྒྱས་འབུལ་ཞུས་པ་དང་། 

1505832087191534.jpg

1505832088435352.jpg

   ཁྱད་པར་དུ་སྤྱི་ཚེས་༡༨ཉིན་དགའ་མལ་དགོན་ཆེན་གྱི་ ༧ སྐྱབས་རྗེ་མཁན་སློབ་རྣམ་གསུམ་དབུ་བཞུགས་ཐོག་དགོན་ལག་ཁག་གི་བླ་སྤྲུལ་རྣམ་པ། ཕྱོགས་ཁག་ནས་ཆེད་ཕེབས་གནང་བའི་གདན་ས་ཆེན་མོ་སྨན་རིའི་གླིང་གི་བཀའ་རབ་འབྱམས་པ་དགེ་བའི་བཤེས་གཉེན་བཅུ་ཕྲག་ལྷག་དང་། ཟིང་ཆུ་ཁོག་གི་གྲྭ་མང་སེམས་དཔའ་འདུས་སྡེ་བརྒྱ་ཕྲག་འགའ་བཅས་ ༧ བྱང་བྱ་དུར་དགའ་མལ་དགོན་ཆེན་དུ་མཉམ་མེད་ཆེན་པོའི་བླ་སྒྲུབ་ཀྱི་ཚོགས་འཁོར་རྒྱས་འབུལ་འཚོགས་པ་དང་། 

   ཉིན་གུང་མཁན་སློབ་བླ་སྤྲུལ་དགེ་བཤེས་འདུས་པ་རྒྱ་མཚོ་ཡོངས་ཀྱིས་ ༧ སྐྱབས་རྗེ་མཆོག་གི་སྨན་རིའི་ཁྲི་འཛིན་རིན་པོ་ཆེ་སྐུ་པར་མཐོང་བ་རང་གྲོལ་རིན་པོ་ཆེ་འཚོགས་ཁང་ཆེན་མོའི་མདུན་ནས་རྣམ་ལྔ་རྣམ་བརྒྱད་སོགས་ཕྱི་ནང་གསང་བའི་མཆོད་སྤྲིན་སྣ་ཚོགས་རྒྱས་སྤྲོས་ཀྱི་མཆོད་བཤམ་གནང་སྟེ་བླ་གྲྭ་ཡོངས་ཀྱིས་བླ་མའི་མཆོད་པ་གྱེར་དབྱངས་སུ་མཆོད་དེ་སྐྱ་སེར་འདུས་པ་ཡོངས་ནས་༧སྐྱབས་རྗེ་སྨན་རིའི་ཁྲི་འཛིན་རིན་པོ་ཆེའི་སྐུ་པར་མཐོང་གྲོལ་གྱི་གདུང་མཆོད་མཇལ་གནང་བ་དང་། དེ་ནས་འདུས་མང་ཡོངས་ཀྱིས་༧སྐྱབས་རྗེ་མཆོག་གི་གསོལ་འདེབས་གྱེར་དབྱངས་ལ་དྲངས་ཏེ་དགོན་ཆེན་ལ་སྐོར་བར་ཕེབས་པ་དང་།

དེ་ནས་མཚན་མོར་དགོན་ཆེན་གྱི་བཤད་སྒྲུབ་འདུས་པ་གཙོས་པའི་བླ་སྤྲུལ་གྲྭ་མང་སེར་སྐྱ་ཡོངས་ནས་ཕྱི་ནང་གསང་བའི་མཆོད་པ་དང་འབྲེལ་ཏེ་མར་མེ་སྟོང་ཕྲག་དུ་མ་སྒྲོན་པ་སོགས་ཀྱི་དགོངས་རྫོགས་ཀྱི་གནས་བསྡུས་ཙམ་དུ་སྤེལ།

1505832329860291.jpg

བྱང་བྱ་དུར་དགའ་མལ་དགོན་ཆེན་གྱི་དྲུང་ཡིག་ཚན་ཁག་ནས་༢༠༡༧་༩་༡༨ཉིན།

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།