ཉག་རོང་རྒྱ་ཞིག་དགོན་དུ་རྗེ་སྨན་རི་བའི་གདུང་མཆོད་འཚོགས་པ།

[ཟླ་ཚེས། 2017-09-19 18:51:55][རྩོམ་པ་པོ། རྒྱ་ཞིག་དགོན་སྤྱི།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

 

微信图片_20170919180722.jpg

ཁམས་ཉག་རོང་རྒྱ་ཞིག་དགོན་དུ་༧རྗེ་སྨན་རི་བའི་གདུང་མཆོད་འཚོགས་པ།

སངས་རྒྱས་སྨན་རི་བ་ཆེན་པོའི་རྒྱལ་ཚབ་ཁྲི་འཛིན་སོ་གསུམ་པ་༧སྐྱབས་རྗེ་ལུང་རྟོགས་བསྟན་པའི་ཉི་མ་དཔལ་བཟང་པོ་མཆོག་གདུལ་བྱ་ཐ་མལ་བའི་ངོར་གཟུགས་སྐུ་ཡིད་བཞིན་ནོར་བུའི་བཀོད་པ་རེ་ཞིག་བསྡུས་པའི་ཚུལ་གྱིས་ཞིང་ཁམས་གཞན་གཟིགས་ཀྱི་འགྲོ་དོན་ལ་དགོངས་ཚུལ་འདིས།  ས་ཆེན་པོའི་རྡུལ་གྲངས་དང་མཉམ་པའི་ལྟོས་བཅས་འགྲོ་བ་མཐའ་དག་སྐྱོ་གདུང་མྱ་ངན་གྱིས་ནོན་མི་ཐུབ་པའི་ཚད་དུ་གཏུགས་ཏེ།  ཕྱོགས་ཀུན་ནས་༧རྗེ་སྨན་རི་བ་ཆེན་པོའི་དགུང་རྫོགས་མཆོད་སྤྲིན་ཟད་མི་ཤེས་པ་བཤམས་ཤིང་།  དགེ་སྒྲུབ་སྡིག་སྤོང་གི་ལས་ལ་འབོད་བསྐུལ་ཡང་ཡང་ཞུ་བཞིན་པའི་དུས་འདིར།  

 微信图片_20170919180806.jpg微信图片_20170919180802.jpg

ངེད་ཅག་ཁམས་ཉག་རོང་རྒྱ་ཞིག་འབྲུག་གྲགས་དགོན་ཡུལ་དགོན་གཉིས་ནས་ཀྱང་ཁྱུང་འཁོར་མཆོག་སྤྲུལ་བསོད་ནམས་ཉི་མ་རིན་པོ་ཆེ་དང་།   བླ་མ་དཀོན་མཆོག་བསྟན་འཛིན་རིན་པོ་ཆེ་རྣམ་པ་གཉིས་ཀྱི་ཐུགས་བཀོད་འོག  ༧རྗེ་སྨན་རི་བ་ཆེན་པོའི་སྐུ་དྲིན་གྱི་ཆ་ཙམ་མཚོན་བྱེད་དང་།  འདི་ལྟ་བུའི་དུས་ཚིགས་ཁྱད་པར་ཅན་དུ་དགེ་སྒྲུབ་སྡིག་སྤོང་གི་ལས་ཅི་བགྱིས་པ་ཐམས་ཅད་ཁྲི་འགྱུར་འབུམ་འགྱུར་དུ་འགྲོ་བར་དམ་པས་ལུང་གིས་བསྔགས་པར་བསམས་ཏེ།   ཟླ་འདིའི་ཚེས༡༦གི་མཚན་མོར་གསལ་བ་འོད་ཀྱི་སྒྲོན་མེའི་མཆོད་འབུལ་རྒྱས་སྤྲོས་བྱས་པ་དང་། 

 微信图片_20170919180729.jpg微信图片_20170919180743.jpg

ཚེས༡༧-༡༨-༡༩སྟེ་ཉིན་གསུམ་གྱི་རིང་དུ་གྲྭ་ཚང་འདུས་སྡེས་གཙུག་ལག་ཁང་དུ་ཞི་ཁྲོ་དགོངས་པ་ཀུན་འདུས་ཀྱི་དཀྱིལ་འཁོར་གྱི་ཞལ་ལེགས་པར་ཕྱེས་ཏེ་མཆོད་འབུལ་ཆོ་ག་རྒྱས་འབུལ་བྱས་པ་དང་། དེ་བཞིན་དུ་མི་སྡེ་ལྷ་སྡེ་མང་ཚོགས་ཀྱིས་རང་རང་ས་ནས་དགེ་སྦྱོར་ཅི་ལྕོགས་ལ་འབད་བཞིན་ཡོད་པའི་གསལ་བཤད་ཙམ་དུ། ཉག་རོང་རྒྱ་ཞིག་དགོན་པ་སྤྱི་ནས། 2017-9-16ཉིན།

微信图片_20170919180751.jpg微信图片_20170919180738.jpg

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།