ཁྲི་ཀ་ཁྱུང་མོ་དགོན་གྱིས་༧རྗེ་སྨན་རི་བར་གདུང་མཆོད་སྨོན་ལམ་ཞུ་བཞིན་པ།

[ཟླ་ཚེས། 2017-09-19 10:50:52][རྩོམ་པ་པོ། འདི་གའི་གོ་སྒྲིག་པ།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

微信图片_20170919102145.jpg

ཁྲི་ཀ་ཁྱུང་མོ་དགོན་གྱིས་༧སྐྱབས་རྗེ་༧རྒྱལ་བ་སྨན་རི་བར་གདུང་མཆོད་སྨོན་ལམ་ཞུ་བཞིན་པ།

微信图片_20170923201339.jpg

རང་ཅག་བོན་འབངས་ཡོངས་ཀྱི་བླ་ཆེན་༧ཞྭ་དཀར་བསྟན་པའི་སྲོག་འཛིན་དཔལ༧རྒྱལ་བ་སྨན་རི་བ་ལུང་རྟོགས་བསྟན་པའི་ཉི་མ་མཆོག་གིས་སྐུ་ཚེ་ཧྲིལ་བོར་བསྟན་དང་འགྲོ་བའི་དོན་ཆེན་མཛད་ནས་སྤྱི་ལོ2017 ཟླ9ཚེས14ཉིན། བོན་གྱི་གདན་ས་ཆེན་མོ་༧དཔལ་གཤེན་བསྟན་སྨན་རིའི་གླིང་གི་བླ་བྲང་དུ་ཐུགས་དམ་གཡོ་བ་མེད་པའི་ངང་ནས་དགོངས་པ་བོན་དབྱིངས་སུ་ཐིམ་སོང་བའི་ཡིད་སྐྱོ་བའི་གནས་ཚུལ་འབྱོར་མ་ཐག

 微信图片_20170919102127.jpg微信图片_20170919102135.jpg微信图片_20170919102140.jpg

ཟླ9ཚེས15ཉིན་མདོ་སྨད་བྱང་རྒྱུད་ཀྱི་བསྟན་པའི་རྩ་ལག་ཆེན་མོ་དཔལ་གཤེན་བསྟན་ཁྱུང་མོ་གཡུང་དྲུང་ཕུན་ཚོགས་གླིང་དུ། ཁྱུང་མོ་དགོན་གྱི་དབུ་བླ་རྒྱ་ནག་འཕོ་བ་གྲོང་འཇུག་གི་ཡང་སྤྲུལ་ཉེར་གསུམ་པ་༧ཁྱུང་མོ་སྟོབས་ལྡན་དབང་ཕྱུག་མཆོག་དང་ཁྱུང་མོ་དགོན་གྱི་མཁན་པོ་སྨན་རིའི་དགེ་བཤེས་བཟོད་པ་འགྱུར་མེད་གཉིས་དབུར་བཞུགས་ཐོག

   微信图片_20170919102159.jpg微信图片_20170920234719.jpg

微信图片_20170920234734.jpg微信图片_20170920234616.jpg

ཁྱུང་མོ་དགོན་བཤད་སྒྲུབ་འདུས་སྡེ་ཡོངས་ནས་མགོན་པོ་གང་གི་སྐུ་པར་མཐོང་གྲོལ་ཆེན་མོའི་མདུན་དུ་མཉམ་མེད་བླ་སྒྲུབ་ཀྱི་ཚོགས་འཁོར་བསྐོར་ཏེ་གདུང་མཆོད་རྒྱས་འབུལ་བྱས་པའི་གནས་བསྡུས་ཙམ་མོ།།

 微信图片_20170919101709.jpg微信图片_20170919102059.jpg

མདོ་སྨད་མང་རྫོང་སྟོང་སྐོར་གཡུང་དྲུང་གསང་སྔགས་གླིང་ནས་༧རྒྱལ་བ་སྨན་རིའི་ཁྲི་འཛིན་སོ་གསུམ་པ་ཚང་དགོངས་པ་བོན་དབྱིངས་སུ་འཐིམ་པར་མྱ་ངན་གདུང་མཆོད་འབུལ་བཞིན་པ།

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།