མཁན་ཤེས་རབ་གཡུང་དྲུང་དབང་རྒྱལ་ལགས་ཀྱི་མྱ་ངན་ཞུ་མཆིད།

[ཟླ་ཚེས། 2017-09-18 22:52:45][རྩོམ་པ་པོ། མཁན་ཤེས་རབ་གཡུང་དྲུང་དབང་རྒྱལ།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

2017.9.18.png

གནམ་འོག་བོན་པོ་ཡོངས་ཀྱི་སྐྱབས་རྗེ། གཤེན་བསྟན་དར་ཆེན་བསྒྲེང་བའི་སྐྱེས་བུ། གྱེར་བསྟན་གླིང་བཞིར་སྒྲོག་པའི་རྒྱལ་སྲས། གྲུབ་མཐའི་རྒྱལ་པོ་གཡུང་དྲུང་བོན་གྱི་དབུ་ཁྲིད་བླ་ན་མ་མཆིས་པ་༧སྐྱབས་རྗེ་རྩ་བའི་བླ་མ་༧རྒྱལ་བ་སྨན་རི་བའི་ཁྲི་འཛིན་སོ་གསུམ་པ་༧མཁན་ཆེན་ལུང་རྟོགས་བསྟན་པའི་ཉི་མ་རིན་པོ་ཆེའི་གཟུགས་སྐུ་བཀོད་པ་བོན་དབྱིངས་སུ་གཤེགས་པའི་ཚུལ་འདི། རང་ཅག་བོན་འབངས་ཡོངས་ལ་མཚོན་ན་འདི་ལས་ལྷག་པའི་སྡུག་གི་མུན་པ་ཞིག་འཐིབ་རྒྱུ་མེད་པས། གུས་པ་༧སྐྱབས་རྗེ་རྒྱལ་བ་སྨན་རི་བའི་འཁྲུངས་གཞིས་ཀྱི་སྤྱི་དགོན་བྱང་བྱ་དུར་དགའ་མལ་དགོན་ཆེན་གྱི་ཁྲི་འཛིན་མིང་ངོས་ནས་༧སྐྱབས་རྗེ་ཉིད་ཀྱི་འཁྲུངས་གཞིས་ཤར་ཁོག་ལུང་པའི་སྐྱ་སེར་དགོན་སྡེ་འདུས་མང་ཡོངས་ཀྱི་ཚབ་ཞུས་ཏེ།

༧ སྐྱབས་རྗེ་རྒྱལ་བ་སྨན་རི་བའི་༧དཔོན་སློབ་ཡང་སྟོན་འཕྲིན་ལས་ཉི་མ་རིན་པོ་ཆེ་གཙོས་པའི་༧གདན་ས་ཆེན་པོ་སྨན་རིའི་གླིང་གི་འདུས་པ་རྒྱ་མཚོ་ཡོངས་དང་། འཛམ་གླིང་བོན་འབངས་ཡོངས་ལ་གདུང་སེམས་མཉམ་བསྐྱེད་ཞུ་རྒྱུ་མ་ཟད་མདོ་སྨད་ཤར་ཟིང་ཆུ་ཕྱོགས་ནས་དགོངས་རྫོགས་ཀྱི་གདུང་མཆོད་གསོལ་འདེབས་གང་རྒྱས་རྒྱས་བསྒྲུབས་དང་སྒྲུབ་བཞིན་ཡོད་ལ། སྐྱབས་རྗེ་གང་ཉིད་ཀྱི་མཛད་འཕྲིན་འོད་སྣང་དཀར་པོ་གླིང་བཞི་ཕྱོགས་མེད་དུ་ཁྱབ་པ་ནི། སྤྱིར་ན་བོད་མི་ཡོངས་ཀྱི་ཆེ་རྟགས། སྒོས་སུ་བོན་འབངས་ཡོངས་ཀྱི་བརྗིད་ཉམས། ཡང་སྒོས་སུ་ཤར་ཁོག་ལུང་པའི་གཟི་བརྗིད་དང་མཚན་སྙན་དུ་བསམ་བཞིན་བཀའ་དྲིན་རྗེས་དྲན་མཚོན་བྱེད་དུ།

མདོ་སྨད་བྱང་བྱ་དུར་དགའ་མལ་དགོན་ཆེན་གྱི་ཁྲི་འཛིན་༧ཤེས་རབ་གཡུང་དྲུང་དབང་རྒྱལ་ལམ་རིན་སྤུངས་པ་བླ་མ་ཚེ་རིང་གིས་སྤྱི་ལོ་༢༠༡༧/༩/ ༡༨ཉིན་ཕུལ།

1505746861892651.png

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།