གཤེན་གྱི་གདུང་འཛིན་ནོར་བུ་དབང་རྒྱལ་རིན་པོ་ཆེའི་ཐུགས་འཕྲིན།

[ཟླ་ཚེས། 2017-09-18 18:04:36][རྩོམ་པ་པོ། གཤེན་སྲས་རིན་པོ་ཆེ།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

微信图片_20170917110719.jpg

ཞྭ་དཀར་བསྟན་པའི་མངའ་བདག་༧རྒྱལ་བ་སྨན་རིའི་ཁྲི་འཛིན་སོ་གསུམ་པ་༧ལུང་རྟོགས་བསྟན་པའི་ཉི་མ་རིན་པོ་ཆེ་མཆོག་རེ་ཞིག་གདུལ་བྱ་གཞན་དོན་དུ་ཞིང་འདིའི་སྐུ་ཡི་བཀོད་པ་བསྡུས་ཏེ། དཔལ་ལྡན་སྨན་རིའི་བླ་བྲང་དུ་ཐུགས་ཉིད་མི་གཡོ་བོན་གྱི་སྐུ་རུ་ཐིམ་པར་བློ་ཕམ་དང་འབྲེལ། དེར་བཞུགས་སློབ་དཔོན་ལས་ཐོག་པ་འཕྲིན་ལས་ཉི་མ་མཆོག་གཙོས་དཔལ་གཤེན་བསྟན་སྨན་རིའི་གླིང་གི་འདུས་མང་ཡོངས་ལ་གདུང་སེམས་མཉམ་བསྐྱེད་ཀྱིས་ཐུགས་གསོ་ཞུ་རྒྱ་མ་ཟད། ངོས་ནས་༧དམུ་རིགས་གཤེན་གྱི་གདན་ས་ཁྲི་བརྟན་ནོར་བུའི་རྩེ་དང་། གཤེན་གྱི་ཕོ་བྲང་གསེར་སྒོ་ཁྲ་མོ་ཟུང་ལ་མདོ་གཡུང་དྲུང་ཀློང་རྒྱས་ཀྱི་དཀྱིལ་འཁོར་དང་། སྤྱི་སྤུངས་ཞི་ཁྲོའི་མཆོད་སྤྲིན་རྒྱས་འབུལ་གྱིས་གཙོས་པའི་གདུང་འདེབས་མཆོད་འབུལ་ཅི་ལེགས་སུ་བྱེད་བཞིན་པ་མ་ཟད། བོན་འབངས་ཡོངས་ལ་གདུང་མཆོད་ཚོགས་བསགས་ཀྱི་དགེ་བསྐུལ་ཅི་ཆེར་འབད་བཞིན་ཡོད། སླད་མར་དེར་བཞུགས་ཀྱི་ཤུལ་ལུས་གྲྭ་མང་རྣམས་ཐུགས་མཐུན་ཁྲིམས་གཙང་གིས་བསླབ་པ་གསུམ་གྱི་ཉམས་ལེན་ལ་བར་མེད་དུ་བརྩོན་ཏེ་བསྟན་རྒྱུན་ཚུལ་བཞིན་དུ་སྐྱོང་རྒྱུ་ནི་དམ་པ་གང་གི་བཞེད་དོན་ལགས་ལ། ངོས་ཀྱི་རེ་བའང་ཡིན་ན་དེ་ལུགས་ཐུགས་ལ་འཇོག་པར་འཚལ། ། 

དམུ་རིགས་གཤེན་གྱི་གདུང་འཛིན་ནོར་བུ་དབང་རྒྱལ་ནས།

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།