རྩེ་དྲུག་བསྟན་འཛིན་འོད་ཟེར་མཆོག་གི་ཐུགས་འཕྲིན།

[ཟླ་ཚེས། 2017-09-16 00:48:06][རྩོམ་པ་པོ། རྩེ་དྲུག་བསྟན་འཛིན་འོད་ཟེར།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

1505494264687432.jpg

 

   

        ༧དུས་གསུམ་རྒྱལ་བ་ཀུན་གྱི་རྒྱལ་ཚབ་སྙིགས་མའི་གདུལ་དཀའ་འདུལ་བའི་འདྲེན་པ་ཆེན་པོ་དཔལ་རྒྱལ་བ་སྨན་རི་བའི་མཁན་ཆེན་དམ་པ་༧ལུང་རྟོགས་བསྟན་པའི་ཉི་མ་རིན་པོ་ཆེ་བསམ་བཞིན་བསྐལ་ཁུག་བསྟན་པའི་མེ་རོ་གྱེན་དུ་སྤར་མཛད་མཚན་དཔེ་སྐུ་ཡི་བཀོད་པ་མི་མཇེད་འཇིག་རྟེན་གྱི་ཁམས་སུ་བསྟན་ནས། མཁྱེན་བརྩེ་ནུས་པའི་ཡོན་ཏན་གྱི་བཀོད་པ་བསམ་མཐའ་ཡས་པར་མཛད་དེ། ཞྭ་དཀར་བོན་གྱི་བསྟན་སྲོག་དམ་དུ་འཛིན་པའི་འཕྲིན་ལས་ཟླ་མེད་མངོན་པར་འཕགས་ཤིང་ལྟོས་བཅས་བུ་སློབ་དུ་མར་ཐུགས་རྗེའི་བརྩེ་བ་ཆེན་པོས་ཉེ་བར་བཟུང་ནས་ཡངས་པའི་ཐ་གྲུ་ཀུན་ཏུ་ཞང་ཞུང་རིག་གནས་སྤྱི་དང་ཁྱད་པར་མདོ་སྔགས་བླ་མེད་ཀྱི་བསྟན་པ་རིན་པོ་ཆེ་དར་ཞིང་རྒྱས་པར་མཛད་པ་སོགས་བསམ་མི་ཁྱབ་པའི་རླབས་ཆེན་གྱི་རྣམ་པར་ཐར་པ་བསྒྲངས་ལས་འདས་པར་བསྐྱངས་ཤིང་། སྐུ་གསུང་ཐུགས་གསུམ་གྱི་མཛད་འཕྲིན་མཐའ་དག་གེགས་མེད་མཐའ་རུ་ཕྱིན་ཏེ། ཁར་སང་གདན་ས་སྨན་རི་གླིང་དུ་གཟུགས་སྐུའི་བཀོད་པ་བོན་ཉིད་ཀྱི་ཀློང་དུ་བསྡུས་པའི་གནས་ཚུལ་གོ་ཐོས་བྱུང་བར་ཡིད་ཕམ་ཚད་མེད་བྱུང་བ་མ་ཟད། དམ་པ་གང་གི་ཐུགས་ཀྱི་བཞེད་དགོངས་མཐའ་དག་གེགས་མེད་ལྷུན་གྱིས་འགྲུབ་པ་དང་། བདག་ཅག་ལྟོས་བཅས་འགྲོ་བ་ཡོངས་ཀྱི་སྐྱབས་མགོན་མཆོག་དང་དབྱེར་མི་ཕྱེད་པའི་རྗེས་འཛིན་བསྟན་འགྲོའི་དཔལ་མགོན་དམ་པ་མི་འགྱང་མྱུར་བར་བདེ་འཁོད་ཡོང་བའི་རེ་ལྟོས་ཚད་མེད་ཞུ་བ་དང་ཆབས་ཅིག   གང་གི་དགོངས་རྫོགས་སུ་རང་དགོན་གྲྭ་བཙུན་ཡོངས་དང་ཕྱོགས་དང་རིས་སུ་མེད་པའི་རང་རེའི་སློབ་འབངས་ལྷ་སྡེ་མི་སྡེ་ཡོངས་ཀྱིས་མཆོད་འབུལ་ཚོགས་བསགས་དང་དགེ་སྒྲུབ་སྡིག་སྤང་སོགས་རྣམ་དཀར་གྱི་བྱ་བ་རྒྱ་ཆེར་བསྒྲུབ་སྟེ་དམ་པ་གང་གི་བླ་ན་མེད་པའི་བཀའ་དྲིན་མཚོན་པར་བྱེད་ཐོག་དུས་གསུམ་འབྲལ་བ་མེད་པར་ཐུགས་བརྩེས་རྗེས་སུ་གཟུང་བའི་གསོལ་བ་ལན་བརྒྱར་འདེབས་པ་དང་བཅས།

1505494249528860.jpg

རྩེ་དྲུག་བསྟན་འཛིན་འོད་ཟེར་ནས།༢༠༡༧/༩/༡༥

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།